བོད་ཐང་སྙན་ངག་གི་གཤིབ་སྡུར།
རྩོམ་པ་པོ།:གྱི་ལིང་འཇིགས་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-26 09:23:00
ཀློག་གྲངས།:
དང་པོ། གླེང་གཞི།
ད་ལྟའི་ཆར་འཛམ་བུ་གླིང་གི་རིག་གནས་གང་དང་གང་ཡིན་ཡང་རྒྱ་ཆེ་ས་ནས་བཤད་སྐབས་ཤར་ནུབ་གཉིས་སུ་ཕྱེས་ནས་བཤད་པ་ནི་གོམས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ཤར་ཕྱོགས་ཀྱི་རིག་གནས་དེ་ཡང་ཚུར་བསྡུ་ན་རྒྱ་གར་གྱི་རིག་གནས་དང་། གནའ་བོའི་སྟག་ཟིག་གི་རིག་གནས་སམ་གཡུང་དྲུང་བོན་གྱི་རིག་གནས། རྒྱ་ནག་གི་རིག་གནས་བཅས་འཛམ་བུ་གླིང་གི་རིག་ནས་བང་མཛོད་ཁྲོད་འོད་སྟོང་འཚེར་བའི་རིན་པོ་ཆེ་གསུམ་གྱིས་གྲུབ་པ་ཞིག་ཡིན། རིག་གནས་མི་འདྲ་བ་འདི་གསུམ་གྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། ལེགས་ཆ་ལེན་རེས་ཀྱིས་རང་རང་གི་སྟོང་ཆ་ཁ་སྐོང་བྱས་ཏེ་ཡོང་བ་ཡིན་ལ། དེ་དག་ལས་ཚུར་ལེན་བྱེད་མཁས་ཤོས་དང་། གྲུབ་འབྲས་ཅུང་ལེགས་ཤོས་ནི་བོད་མི་རིགས་འདི་ཉིད་ཡིན་པ་གཟུར་གནས་ཀུན་གྱིས་ཁས་ལེན་བཞིན་ཡོད་དེ། མི་རིགས་འདིས་གནའ་བོའི་ཤར་ཕྱོགས་ཀྱི་རིག་གནས་ཆེན་པོ་གསུམ་གྱི་ཉིང་བཅུད་མཐའ་དག་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་བསྐྲུན་ཡོད་པས་སོ།། འོན་ཀྱང་དེང་དུས་ཀྱི་དཔྱད་བརྗོད་པ་ཁ་ཤས་ཀྱིས་བོད་ཀྱི་རིག་གནས་ཡོད་དོ་ཅོག་འདི་གཞན་ཞིག་ནས་ནང་འདྲེན་བྱས་པ་ལས་བོད་མི་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཞིག་ཡེ་ནས་མེད་པ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་ནི་མ་བརྟག་པ་ཆེན་པོ་ཡིན་ཡང་སྐབས་གཞན་དུ་སྤྲོ་བར་འདོད་དོ།།
ད་ལྟའི་ཆར་རང་རེའི་ན་གཞོན་མང་བོ་ཞིག་གིས་བོད་ཀྱི་རིག་གནས་འདི་དག་གི་ཁུངས་ཕལ་མོ་ཞིག་ཆེ་ཞིག་རྒྱ་གར་ལ་གཏུག་ཡོད་པས་རང་རེའི་ཁོར་ཡུག་དང་གོམས་གཤིས་ལ་མི་མཐུན་ས་ཅུང་མང་ལ། དེ་དག་འདོར་ལེན་བྱེད་མ་ཤེས་ན་ནམ་ཞིག་རིག་གནས་གཞན་གྱི་བྲན་གཡོག་ཏུ་གྱུར་འགྲོ་ཞེས་རི་བོང་གནམ་རྡིབ་ཀྱི་དོགས་པ་ཟོས་ཏེ་མཐའ་ན་རྒྱ་གར་གྱི་སྙན་གཞུང་མེ་ལོང་མ་ཡང་བོད་ལ་མི་མཁོ་བས་འདོར་དགོས་པར་སྨྲ་མོད། བོད་ལ་མཁོ་མིན་ཏེ་ཡོ་རོབ་ལ་མཁོ་མིན་གྱི་སྟེང་ནས་བརྡར་ཤ་གཅོད་མི་རིགས་ལ། བོད་ལ་མཁོ་མིན་དེ་ཁྱོད་སྒེར་ལ་མཁོ་མིན་གྱིས་དེ་བས་ཀྱང་ཐག་གཅོད་མི་ནུས་པས་མོ་མ་རྫུན་མའི་ལུང་བསྟན་བཞིན་ལྷ་མཐོང་འདྲེ་མཐོང་གི་ཅ་ཅོ་དེ་རིགས་བསྐྱུང་བར་རིགས་སོ།། ཁ་ཅིག་གིས་མེ་ལོང་མ་འདིར་མིག་སྔོན་པོ་དང་ཟླ་འོད་བསིལ་མོ་ལ་བསྟོད་པ་བྱས་ཡོད་པས་རང་རེའི་བོད་དུ་མི་འཚམ་པར་སྨྲ་མོད། ང་ཚོར་མཁོ་བ་ནི་མེ་ལོང་མའི་སྒྱུ་རྩལ་གྱི་མཚོན་ཐབས་ཏེ་རྒྱན་གྱི་འགོད་སྟངས་ཡིན་པ་ལས་རྒྱ་གར་བའི་ཡུལ་སྲོལ་གོམས་གཤིས་ག་ལ་ཡིན། ཤོང་དཔང་རྣམ་གཉིས་ཀྱིས་ཀྱང་དེ་ལྟ་བུའི་བླང་བྱ་བཏོན་མ་མྱོང་ལ། ལྔ་བ་ཆེན་མོ་དང་འཇུ་མི་ཕམ་རིན་པོ་ཆེས་ཀྱང་བླང་བྱ་དེ་འདྲ་བཏོན་མ་མྱོང་། དེ་བས་ཀྱང་མེ་ལོང་མ་འདི་ནི་གཞུང་ལུགས་ཤིག་ཡིན་པ་ལས་སྙན་རྩོམ་ཞིག་མིན་པས་དེ་ལས་ང་ཚོའི་སྙན་ངག་གི་མཛེས་དཔྱོད་ཀྱི་ལྟ་བ་མཚོན་པ་ག་ལ་སྲིད། སྙན་ངག་དང་གཞུང་ལུགས་ཀྱི་ཁྱད་པར་ཙམ་ཡང་མི་ཤེས་ན་གཞུང་འདི་བོད་ལ་མཁོ་མིན་ནི་སྐབས་སུ་མ་བབ་པ་ཞིག་ལགས་པས་བླུན་པོ་སྨྲ་བ་ཉུང་ན་བསྟན་པ་ལ་ཕན་ཐོགས་པར་གསུངས་པ་ཡང་ཅིས་མ་བདེན། མཆི་ནི་དམར་ཞིང་བཀུག་པ་དང་ལྟ་བུ་མཚན་གཞིར་བཟུང་ནས་འདི་སྙན་ངག་མིན་ན་གང་ཡིན་ཟེར་ན། དེ་དག་སྙན་ངག་ཡིན་པའི་དབང་དུ་བཏང་ཡང་གཞུང་གི་རྣམ་གསལ་གྱི་དཔེར་བརྗོད་ཡིན་གྱི་གཞུང་དངོས་ག་ལ་ཡིན།ཁྱོད་ལ་མགོ་ཡོད་ན་ཁྱོད་ཡིན་ན་མགོ་ཡིན་པས་ཁྱབ་མིན་སོགས་ནི་ཆོས་གྲྭའི་ཁ་དོག་དཀར་དམར་གྱི་བྱིས་པ་དག་གིས་ཀྱང་བརྡར་ཤ་ཆོད་ངེས་པ་ཞིག་ཡིན་པས་སྐད་ཆ་ཆེན་པོ་བཤད་རྒྱུར་དགའ་མཁན་དག་གིས་ཉུང་མཐར་ཡང་བསམ་བློ་གཏོང་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བར་སེམས་སོ།། ལར་ཚུལ་འདི་ལས་བརྩམས་ཏེ་གླེང་དགོས་པ་མང་དུ་མཐོང་ཡང་ཡིག་ཚོགས་ལ་འཇིགས་ཏེ་མ་སྤྲོས་སོ།།
དེ་བས་འདིར་ཡང་འཛམ་བུ་གླིང་གི་རྩོམ་རིག་ལོ་རྒྱུས་ཁྲོད་འོད་སྟོང་ལྡན་པའི་གནའ་བོའི་ཐང་གི་སྙན་ངག་དང་བོད་ཀྱི་སྙན་གཞུང་མེ་ལོང་མ་གཉིས་གཤིབ་སྟེ་ཤར་ཕྱོགས་སྙན་ངག་གི་མཛེས་པ་ཅུང་ཙམ་མྱོང་བའི་ཞར་ལ་སྙན་གཞུང་མེ་ལོང་མའི་གཞུང་ལུགས་ཀྱི་རིན་ཐང་ལ་བསམ་པར་བྱའོ།།
གཉིས་པ། བོད་ཀྱི་སྙན་གཞུང་མེ་ལོང་མའི་མིག་ཤེལ་ལས་མཐོང་བའི་ཐང་གི་སྙན་ངག
རྒྱའི་གནའ་བོའི་སྙན་ངག་ལས་ཆེས་གྲགས་ཆེ་ཞིང་ཀུན་ལ་རྒྱུས་ཡོད་པ་ནི་ཐང་གི་སྙན་ངག་ཡིན་ལ། ཐང་རྒྱལ་རབས་སུ་ཡང(618—907)སྔ་རྗེས་སུ་འཇིག་རྟེན་དུ་སྙན་གྲགས་བཞག་པའི་སྙན་ངག་པ་གཉིས་སྟོང་ལས་བརྒལ་ཅིང་ཀུན་ལ་བག་ཆགས་ཟབ་པའི་དམ་པ་ཡང་བརྒྱ་ལས་མི་ཉུང་། སྙན་ངག་དེ་དག་ཀྱང་ལ་ལ་ཞིག་ནི་བརྩེ་དུང་རྐྱང་བ་མཚོན་པའི་སྙན་ངག་ཡིན་ལ། ལ་ལ་ནི་སྤྱི་ཚོགས་ཀྱི་ནག་ཉེས་ཐེར་འདོན་གྱི་རིགས་སུ་གཏོགས། དེ་བཞིན་ད་དུང་གནས་ལུགས་དང་གཡུལ་འཐབ་ལ་བསྟོད་པ་དང་། རྒྱལ་ཁབ་ལ་དུང་བའི་བསམ་བློ་མཚོན་པ་སོགས་སྣ་ཚོགས་ཤིག་ཡོད་ལ། ཡང་རྒྱལ་ཁབ་ཀྱི་མཛེས་སྡུག་ལྡན་པའི་རི་ཆུ་ལ་བསྟོད་པ་བྱས་ཏེ་འཚོ་བ་ལ་བཅིངས་པའི་དགའ་སྣང་མཚོན་པ་སོགས་སྲོག་གམ་བརྗོད་བྱ་རྒྱ་ཆེ་ལ་རྩོམ་སྟངས་ཀྱང་ཚིག་བདུན་མ་དང་ཚིག་ལྔ་ཅན་སོགས་ཡོད་ལ། གདངས་ཀྱི་གོ་རིམ་སོགས་ཀྱང་སྣ་མང་ཕུན་ཚོགས་སུ་ཡོད་པས་ཐང་གི་སྙན་ངག་བཀླག་ན་དེ་ལས་སྙན་འགྱུར་གྱི་དབྱངས་འགྲོས་ཤིག་དང་ཡིག་འབྲུ་བཙོ་སྦྱོང་གི་སྙིང་བོ། སྐད་ཆའི་བཅུད་དང་ཡིད་ཡུལ་གྱི་དག་ཞིང་སོགས་མྱོང་ཐུབ་པས། གནའ་དེང་མཁས་པ་ཀུན་གྱིས་དགའ་བའི་བསྟོད་བསྔགས་བྱས་པ་དོན་ལ་གནས་པ་ཞིག་གོ།
ཐང་གི་སྙན་ངག་ཐམས་ཅད་འདིར་བརྗོད་ཀྱིས་མི་ལོང་ལ། ཡོངས་སུ་གྲགས་པའི་ཐང་གི་སྙན་ངག་སུམ་བརྒྱ་བོ་མཐའ་དག་ཀྱང་འདིར་བྲིར་མི་ལོངས་མོད། སྐབས་དེར་གནམ་ལ་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་སྙན་ངག་མཁན་གྲགས་ཅན་ལི་པེ་དང་། ཏུའུ་ཧྥུ་ལྟ་བུའི་ཚབ་མཚོན་མི་སྣའི་སྙན་ངག་གྲགས་ཅན་རེ་གཉིས་ཤིག་མཚན་གཞིར་བཟུང་ནས་དེ་ལ་དཔྱད་པ་ལས་ཟུར་བསྟན་ལེབ་མཐོང་གི་དཔེར་འགྲོ་ངེས་པས་གཞན་དང་གཞན་རྣམས་ཀུན་ལའང་རིགས་འགྲེ་སྦྱོར་སླའོ།།
༡ ལྷིང་འཇགས་མཚན་མོའི་དྲན་སྣང་།
ལི་པེ།
མལ་ཁྲིའི་མདུན་གྱི་དཀར་གསལ་ཟླ་འོད་ནི།།
ས་གཞིར་བ་མོ་ཆགས་ལ་རྣམ་པར་འཁྲུལ།།
མགོ་བོ་དགྱེས་ཏེ་དུང་ཟླའི་དཔལ་ལ་ཅེར།།
མགོ་བོ་སྨད་འཕྲལ་ཕ་ཡུལ་ཝ་ལེར་དྲན།།
1 རྒྱན་ངོས་འཛིན། སྙན་ངག་འདིའི་ཕྱི་མོའི་ལུས་ནི་རྒྱའི་གནའ་བོའི་འབྲུ་ལྔ་མ་མར་གཏོགས་ཀྱང་བོད་སྐད་དུ་འགྱུར་སྐབས་སྐད་ཀྱི་དབང་གིས་ཚེག་དབར་དགུ་ཅན་དུ་གྱུར། རྐང་བ་དང་བོ་གཉིས་ཀྱི་ཚིག་གི་མཇུག་ཏུ་རྒྱའི་ཨང(ang)གི་སྒྲ་ཐོན་པ་སོགས་དབྱངས་འགྲོས་ཀྱི་ཆ་ནས་རང་རེའི་སྒྲ་རྒྱན་དང་ཆ་འདྲ་བར་ཡོད་པ་འདི་ནི་རྒྱའི་གནའ་བོའི་སྙན་ངག་གི་ཁྱད་ཆོས་ཤིག་ཡིན་ལ། རྒྱན་ནམ་སྒྱུ་རྩལ་མཚོན་ཐབས་ནི་རང་བཞིན་བརྗོད་པ་དང་ཐེ་ཚོམ་གྱི་དཔེ་གཉིས་བསྲེས་ཡོད་པས་རྩོམ་ཧྲིལ་བོ་རབ་སྤེལ་གྱི་རྒྱན་དུ་གཏོགས། (རབ་སྤེལ་གྱི་རྒྱན་ལ་རྒྱན་མི་འདྲ་བ་གསུམ་ཡན་བསྲེས་དགོས་པར་གསུངས་ཀྱང་གཉིས་ཡན་དུ་བཞེད་པ་ཡང་ཡོད་པས་འདིར་དེའི་རྗེས་སུ་འབྲངས་པ་ཡིན།)
2 མྱོང་འགྲེལ། འདིར་དཔེ་ཅན་དཀར་གསལ་ཟླ་འོད་དེ་ཉིད་དཔེའམ་མཚོན་ཐབས་ལ་བ་མོ་བཞག་པ་ནི་རྒྱན་འདེམས་གསེས་ལ་མཁས་པའི་རྟགས་ཤིག་སྟེ། སྤྱིར་འཇིག་རྟེན་དུ་ཟླ་འོད་ཀྱི་མཚུངས་དཔེར་ཆོས་བརྒྱ་སྟོང་དུ་མ་ཡོད་ན་ཡང་རྩོམ་པ་བོས་ཆེད་དུ་ས་གཞིའི་སྟེང་གི་བ་མོ་བཀོད་པ་ལས་སྤྱིར་བ་མོ་ནི་གྲང་ཞིང་བསིལ་བ་ཞིག་ཡིན་པས་ང་ཚོའི་སེམས་སུའང་རང་དབང་མེད་པར་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་སྐྱེས་ཡོང་ལ། རྐང་བ་ཕྱི་མ་གཉིས་ནི་ཕལ་ཆེར་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་དུ་འགྲོ་སྟེ། ཕ་ཡུལ་ཝ་ལེར་དྲན་པའི་དྲན་གདུང་དེ་ཉིད་དཀར་གསལ་ཟླ་བ་དེ་མཐོང་བའི་དབང་གིས་སམ་མཐོང་བ་དེས་རྐྱེན་བྱས་ཏེ་སྐྱེས་པ་ཡིན་པས་དྲན་གདུང་དེ་ཡང་ཟླ་བའི་ནུས་པའམ་ཡོན་ཏན་ལྟ་བུར་ཡོད་པ་གསལ།
མདོར་ན་སྙན་ངག་འདི་ལས་ང་ཚོས་རྩོམ་པ་བོའི་ཕ་ཡུལ་དྲན་པའི་སེམས་ཁམས་དང་། དེའི་རྒྱུ་རུ་གྱུར་པའི་འཚོ་བའི་གནས་བབ་སོགས་ཅུང་ཟད་རྟོགས་པར་ནུས་ཏེ། ཟླ་འོད་ཀྱི་དཔེར་ས་གཞིའི་སྟེང་གི་བ་མོ་བཀོད་པ་ལས་འཁྱག་ཤུར་ཤུར་གྱི་ཚོར་བ་ཞིག་མྱོང་ཐུབ་ལ། དེ་བས་ཀྱང་ད་དུང་མལ་ཁྲིའི་མདུནགྱི་དཀར་གསལ་ཟླ་འོད་ཅེས་པ་དང་། མགོ་བོ་དགྱེས་ཏེ་དུང་ཟླའི་དཔལ་ལ་ཅེར་ཞེས་པ་སོགས་ལས་སྐབས་དེ་དུས་རྩོམ་པ་བོ་བླ་གབ་མེད་པའི་ཁང་བའམ་བྲག་སྐྱིབས་ལྟ་བུ་ཞིག་ཏུ་ཡོད་པ་ཡང་རྗེས་སུ་དཔག་ནུས་ཏེ། བླ་གབ་ལྡན་པའི་ཁང་བ་ཞིག་ཏུ་མགོ་བོ་དགྱེས་ན་ཟླ་བ་མཐོང་མི་སྲིད་ལ།མལ་ཁྲིའི་མདུན་དུ་ཟླ་འོད་ཀྱང་འཕྲོ་མི་སྲིད་དོ།།
3 ལོ་རྒྱུས་ཀྱི་རྒྱབ་ལྗོངས། སྤྱིར་ལི་པེ་ནི་ཀྲུང་གོའི་ལོ་རྒྱུས་ཁྲོད་ཆེས་སྙན་གྲགས་ཆེ་པའི་སྙན་ངག་པ་དང་རྣམ་དཔྱོད་ཅན་ཞིག་ཡིན་པས་མིང་དུ་གྲགས་པའི་སྙན་ངག་དགུ་བརྒྱ་ལྷག་བརྩམས་པར་བཤད་མོད། འོན་ཀྱང་སྲིད་དོན་ལ་མི་མཁས་པས་གོང་མས་ཁོང་ལ་མཐོང་ཆེན་གནང་སྟེ་ཕོ་བྲང་དུ་གདན་དྲངས་ཀྱང་ཕོ་བྲང་ནང་གི་ལུགས་སྲོལ་དང་འགལ་ཅིང་། གོང་མའི་དགོངས་ཚུལ་ལ་ཐད་ཀར་ངོ་རྒོལ་བྱས་པས་མཐར་གོང་མས་ཀྱང་ཡེ་ལང་དུ(ཀོས་ཀྲུག)རྒྱང་ཕུད་ལ་བཏང་།སྙན་ངག་འདི་ཡང་རྒྱང་ཕུད་ལ་བཏང་རྗེས་བྲིས་པར་ངོས་འཛིན་མཁན་ཡོད་ལ། བཤད་རྒྱུན་དུའང་རྩོམ་འདི་ནི་སྙན་ངག་པ་ཁོང་གོང་མའི་ཕོ་བྲང་དང་ཁ་གྱེས་ཏེ་ཡུལ་གཞན་ཞིག་ཏུ་འཁྱར་བའི་སྐབས་སུ་བྲིས་པའི་སྒྲོས་ཡོད་པ་དོན་ལའང་དེ་ག་རང་དུ་སེམས་སོ།།
༢ དཔྱིད་ཀྱི་སྨོན་འདུན།
ཏུའུ་ཧྥུ།
བརྩེ་བའི་རྒྱལ་ཁབ་ཉམས་པར་གྱུར་ཀྱང་མཛེས་པའི་རི་ཆུ་སྔར་བཞིན་གནས།།
ཁྲང་ཨན་མཁར་ལ་དཔྱིད་དཔལ་སླེབས་པས་རྩི་ཤིང་ནགས་ཚལ་རྣམ་པར་རྒྱས།།
ཞེ་སེམས་སྐྱོ་བའི་དོན་རྐྱེན་དྲན་ཚེ་མེ་ཏོག་དག་ཀྱང་མཆི་མ་འབྱིད།།
ཤི་བྲལ་བྱུང་བའི་རྣམ་པ་མཐོང་བས་བྱེའུ་དག་ཀྱང་སྨྲེ་ངག་འདོན།།
དཔྱིད་ཟླ་གསུམ་པ་མངོན་པར་ཚེས་ཀྱང་གཡུལ་འགྱེད་ལས་ལ་ཆད་པ་མེད།།
མགོ་སྐྱེས་ཉག་མ་དཀར་བོར་གྱུར་ཅིང་དེ་ཡང་ཇེ་དཀར་ཇེ་ཉུང་ཉིད།།
རིན་ཆེན་མཛེས་པའི་སྐྲ་འཛེར་འདོད་ཀྱང་མགོ་སྐྱེས་གསེབ་ཏུ་ཐོགས་མི་འགྱུར།།
ཀྱེ་མ་དུས་འདིར་གཉེན་གྱི་འཕྲིན་ནི་རིན་ཆེན་གསེར་སྲང་ཁྲི་ལས་ལྷག།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།