བོད་ཐང་སྙན་ངག་གི་གཤིབ་སྡུར།
རྩོམ་པ་པོ།:གྱི་ལིང་འཇིགས་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-26 09:23:00
ཀློག་གྲངས།:
1 རྒྱན་ངོས་འཛིན།སྙན་རྩོམ་འདིར་རགས་ལྟ་ཞིག་བྱས་ན་འགལ་བའི་རྒྱན་དང་། དཔེ་རྒྱན། རབ་རྟོག་གི་རྒྱན། འགོག་རྒྱན། རྒྱུའི་རྒྱན་སོགས་དུ་མ་ཞིག་བསྲེས་ཡོད་པས་ལུས་ཧྲིལ་བོ་ནི་རབ་སྤེལ་གྱི་རྒྱན་དུ་གཏོགས་ཏེ། སྤྱིར་ཡང་སྙན་ངག་ཕལ་མོ་ཆེ་ཞིག་རྒྱན་འདིར་གཏོགས་པར་མེ་ལོང་རང་དུ་ཡང་གསུངས་སོ།།
2 མྱོང་འགྲེལ། འདིར་ཨན་ལུའུ་ཧྲན་གྱི་ངོ་ལོག་ཟིང་འཁྲུག་ཚབས་ཆེ་བའི་མཇུག་འབྲས་དང་སྐྱི་གཡའ་བའི་ངང་ཚུལ་མཐའ་དག་བརྗོད་གཞིར་བཟུང་སྟེ་གཅེས་པའི་རྒྱལ་ཁབ་ཉམས་པར་གྱུར་ཀྱང་ད་དུང་ཐང་ཆེན་མོའི་མཛེས་པའི་རི་ལུང་རྣམས་སྔར་བཞིན་གནས་པ་དེ་ཉིད། བརྩེ་བའི་རྒྱལ་ཁབ་ཉམས་པར་གྱུར་ཀྱང་མཛེས་པའི་རི་ཆུ་སྔར་བཞིན་གནས་ཞེས་རྒྱལ་ཁབ་ཉམས་པ་དང་རི་ལུང་གནས་པ་ལྷན་དུ་བརྗོད་ཡོད་པས་གཞི་གཅིག་གི་བྱ་བ་འགལ་བ་གཉིས་ལྷན་དུ་བརྗོད་ཡོད་ལ། ཚིག་དེའི་གསེང་ནས་ད་དུང་རྒྱལ་ཁབ་ཉམས་པའི་གདུང་སེམས་ཀྱང་མཚོན་པར་བྱས་ཡོད་པས་འགལ་བའི་རྒྱན་ལས་གཞི་གཅིག་གི་བྱ་བ་འགལ་བའི་རྒྱན་དུ་འགྲོ ཁྲང་ཨན་མཁར་ལ་དཔྱིད་དཔལ་སླེབས་པས་རྩི་ཤིང་ནགས་ཚལ་རྣམ་པར་རྒྱས་ཞེས་པ་འདི་ནི་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་རྩོད་མེད་དོ།། ཡང་། ཞེ་སེམས་སྐྱོ་བའི་དོན་རྐྱེན་དྲན་ཚེ་མེ་ཏོག་དག་ཀྱང་མཆི་མ་འབྱིད།། ཤི་བྲལ་བྱུང་བའི་རྣམ་པ་མཐོང་བས་བྱེའུ་དག་ཀྱང་སྨྲེ་ངག་འདོན་ཞེས་པ་འདི་ནི་མེ་ཏོག་གིས་མཆི་མ་འབྱིད་པ་དང་བྱེའུས་སྨྲེ་ངག་འདོན་པ་ལྟ་བུ་ལས་རབ་རྟོག་གསལ་བྱེད་ཀྱི་སྒྲ་སྦྱར་མེད་ཀྱང་སྦྱོར་ཚུལ་གྱིས་ཏིང་འཛིན་རབ་རྟོག་ཏུ་འགྲོའོ།། དཔྱིད་ཟླ་གསུམ་པ་མངོན་པར་ཚེས་ཀྱང་གཡུལ་འགྱེད་ལས་ལ་ཆད་པ་མེད།།ཞེས་པ་འདི་ནི་སྤྱིར་དཔྱིད་ཟླ་གསུམ་པ་ཚེས་ན་སོ་ནམ་གྱི་ལས་གཉེར་དགོས་པས་གཡུལ་གྱི་ལས་མཚམས་འཇོག་པ་ནི་འོས་པ་ཞིག་ཡིན་ཡང་གཡུལ་མཚམས་འཇོག་འོས་པའི་རྐྱེན་ཚང་བཞིན་དུ་ད་དུང་མཚམས་མི་འཇོག་པར་བཤད་པ་ནི་འབྲས་བུ་འགོག་པའི་རྒྱན་དུ་འགྲོའོ།། མགོ་སྐྱེས་ཉག་མ་དཀར་བོར་གྱུར་ཅིང་དེ་ཡང་ཇེ་དཀར་ཇེ་ཉུང་ཉིད།། རིན་ཆེན་མཛེས་པའི་སྐྲ་འཛེར་འདོད་ཀྱང་མགོ་སྐྱེས་གསེབ་ཏུ་ཐོགས་མི་འགྱུར།།ཞེས་པའི་རྐང་བ་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཆག་འཇིག་དང་གཉེན་ཉེ་བྲལ་བའི་གདུང་བ་སོགས་ཀྱི་དབང་གིས་མགོའི་སྐྲ་ཡང་དཀར་བོར་གྱུར་ཚུལ་དང་། སྐྲ་ལོ་ཟགས་ཏེ་གསེབ་ཏུ་སྐྲ་འཛེར་ཞིག་ཀྱང་མི་ཐོགས་པར་བཤད་པའི་ཤུགས་ནས་རྩོམ་པ་བོའི་ནང་གི་གདུང་བ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་སོགས་ཀྱང་རྟོགས་ནུས་པས་རྒྱུའི་རྒྱན་ལས་ནང་ཤེས་བྱེད་ཀྱི་རྒྱུའི་རྒྱན་ལས་མ་འདས་ལ།ཀྱེ་མ་དུས་འདིར་གཉེན་གྱི་འཕྲིན་ནི་རིན་ཆེན་གསེར་སྲང་ཁྲི་ལས་ལྷག་ཅེས་པ་འདི་ལས་ཨན་ལུའུ་ཧྲན་གྱི་དམག་དཔུང་དང་གོང་མའི་དམག་དཔུང་གཉིས་ཀྱིས་ཡུན་རིང་བོར་འཐབ་འཁྲུག་བྱས་སྟབས་གཉེན་ཉེ་དག་ནི་ཕྱོགས་ཕྱོགས་སུ་འཐོར་བས་ཕན་ཚུན་ཤི་གསོན་གྱི་གཏམ་ཙམ་ཡང་ཐོས་མི་ཐུབ་ལ།ས་གནས་ཀྱང་ངེས་གཏན་ཞིག་མེད་པས་གཉེན་གྱི་བདེ་སྡུག་གསལ་བའི་འཕྲིན་ཡིག་དེ་ཧ་ཅང་འབྱོར་དཀའ་བར་བཤད་ཡོད། ཚིག་འདིའི་ཤུགས་ནས་སྐབས་དེའི་ཐང་རྒྱལ་ཁབ་ཀྱི་ཕྱིའི་སྤྱི་ཚོགས་ཀྱི་འཚོ་བ་མངོན་པར་མཚོན་ནུས་པས་འདི་ནི་ཕྱི་ཤེས་བྱེད་ཀྱི་རྒྱུའི་རྒྱན་དུ་འགྲོའོ།།
3 ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཏུའུ་ཧྥུ་ཡང་ཐང་གི་སྙན་ངག་པ་དག་ལས་ཆེས་འབུར་དུ་ཐོན་པའི་མི་སྣ་ཞིག་སྟེ། ལི་པེ་དང་ཁོང་གཉིས་ལ་རྟག་པར་མི་རྣམས་ཀྱིས་ལི་ཏུའུ་རྣམ་གཉིས་ཞེས་འབོད། ཁོང་ནི་ལི་པེའི་མཛའ་གྲོགས་ཡིན་ལ་སྙན་ངག་གི་ཐད་ནས་བལྟས་ན་རྒྱལ་གཅེས་ཀྱི་བསམ་བློ་ལི་པེ་ལས་ལྷག་པར་ངོས་འཛིན་མཁན་ཡང་ཡོད། ཚེ་གང་བོར་གོང་མའི་བློན་པོ་དང་བྲོས་བྱོལ་ཉེས་ཅན།བཙོན་མ་དང་སྤྲང་བོ་སོགས་ཀྱི་འཚོ་བ་སྣ་ཚོགས་མྱངས།སྙན་ངག་འདིར་ཐང་སུའུ་ཙུང་གི་དུས་སྐབས་ཏེ་སྤྱི་ལོ757ལོའི་དཔྱིད་དུས་སུ་ཐང་གི་མངའ་ཞབས་ཀྱི་དམག་སྤྱི་ཆེན་མོ་ཨན་ལུའུ་ཧྲིན་གྱིས་ངོ་ལོག་བྱས་པའི་གནས་ཚུལ་དང་། སྐབས་དེའི་ཁྲང་ཨན་མཁར་གྱིས་གཙོས་པའི་རྒྱ་ཡུལ་གྱི་རྣམ་པ་དག་ཞིབ་འབྲི་བྱས་ཡོད་པས་བཀླགས་པ་ཙམ་གྱིས་གདུང་བའི་ཤུགས་རིང་ནར་ནར་ཤོར་བ་ཞིག་ཡིན་ནོ།།
གསུམ་པ། ཞར་དུ་སྙན་ངག་མེ་ལོང་མའི་གཞུང་ལུགས་ཀྱི་རིན་ཐང་ལ་བསམ་པ།
མེ་ལོང(Kāvyādarsa)མ་ནི་དུས་རབས་བདུན་པའི་ནང་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་དབྱིག་པ་ཅན་ཞེས་པས་རྒྱལ་བོ་པི་ལ་ཀེ་ཤའི་སྲས་དང་སྲས་མོ་རྣམས་ལ་སྙན་ངག་སློབ་སྐབས་ཆེད་དུ་སྔོན་གྱི་མཁས་པ་དག་གིས་མཛད་པའི་རྩོམ་སྟངས་ཀྱི་རིགས་ལམ་རྣམས་བསྡུས་ཤིང་། རང་གི་རྣམ་དཔྱོད་ཀྱིས་ཁ་བསྐངས་ཏེ་བརྩམས་པ་ཞིག་ཡིན་པས་རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་ཁྲོད་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཕྱིས་སུ་བོད་ཀྱི་མཁས་པ་དག་གིས་ཀྱང་གཞུང་དེའི་སྙན་གྲགས་ཐོས་ཤིང་དགེ་མཚན་མཐོང་བས་ས་སྐྱ་པཎ་ཆེན་གྱིས་དེ་ལས་ཉེར་མཁོ་རྣམས་ཚན་བསྒྱུར་གྱིས་མཁས་པ་ལ་འཇུག་པའི་སྒོར་རྩོམ་པ་ལ་འཇུག་པའི་ཚུལ་རྒྱས་པར་བཤད་ཅིང་། ཕྱིས་སུ་ཤོང་དཔང་རྣམ་གཉིས་ཀྱིས་གཞུང་ཆ་ཚང་བོད་སྐད་དུ་བསྒྱུར་བ་ནས་ད་ལྟ་སྙན་ངག་གི་སློབ་དེབ་ཏུ་གཏན་འཁེལ་ཆགས་ཡོད་ལ། བོད་རང་གི་དུས་རབས་རིམ་བྱོན་གྱི་མཁས་པ་དག་གིས་ཀྱང་གཞུང་འདི་ལ་ཁ་སྐོང་དང་རྒྱས་འགྲེལ་སྣ་ཚོགས་བྱས་ཡོད།
གཞུང་འདི་ནི་སྙན་ངག་གི་མཛེས་པའི་ཉམས་དང་སྒྱུ་རྩལ་མཚོན་ཐབས་ཇི་ལྟར་སྤྱད་ན་ད་གཟོད་རྩོམ་པ་བོའི་ཚོར་འདུའམ་སེམས་འགྱུ་ཇི་བཞིན་ཕྱི་རུ་མཚོན་པར་ནུས་པའི་སྐོར་ལྷུར་བླངས་ཏེ་བསྟན་པའི་གཞུང་ལུགས་ཤིག་ཡིན་པས། འདི་ལ་བསླབས་ན་སྙན་ངག་གི་དཔལ་ལ་རང་དབང་འབྱོར་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་རེད།
ཁ་ཅིག་གིས་མེ་ལོང་མ་ནི་དུས་རབས་བདུན་པའི་ནང་བྱུང་བའི་གཞུང་ལུགས་ཤིག་ཡིན་པས་ད་ནི་ཡོངས་སུ་རྙིང་ཟིན་ཟེར་བ་དང་། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་ཡོད་ཟེར་བ། ད་དུང་མེ་ལོང་མ་ང་ཚོའི་རྩོམ་རིག་གི་གར་སྟེགས་ལས་མར་འཕེན་དགོས་ཟེར་བ་སོགས་རིག་གནས་གསར་བརྗེའི་སྐབས་ཀྱི་ཐ་སྙད་དག་གསེང་མཐོར་སྒྲོག་བཞིན་པ་ཡང་ལོ་འདི་དག་ལ་ཐོས་རྒྱུ་ཡོད་ལ།ད་དུང་མེ་ལོང་མ་ནི་གནའ་བོའི་རྒྱ་གར་གྱི་གཞུང་ལུགས་ཤིག་ཡིན་པས་ང་ཚོས་ད་དུང་ཡང་འདི་ལ་ཤི་འཐམས་བྱས་ན་འཕེལ་རྒྱས་མེད་པའི་རྟགས་རེད་ཟེར་མཁན་ཡང་ཡོད་མོད། དེ་ལྟར་བཤད་མཁན་རྣམས་ཀྱིས་ཡང་ན་མེ་ལོང་མ་ཤེས་མེད་ལ།ཡང་ན་རྒྱལ་ཁབ་དང་མི་རིགས་གཞན་པའི་རྩོམ་རིག་མི་ཤེས་པའི་རང་རྟགས་མངོན་འདུག་པས་་རེ་རེ་བཞིན་བོང་བུའི་རྣ་ལ་གླིང་བུ་འབུད་པའི་ངལ་བ་བྱེད་དོན་མེད་དེ། གོང་གསལ་ཐང་གི་སྙན་ངག་གྲགས་ཅན་འདི་དག་གིས་མཚོན་འཛམ་བུ་གླིང་གི་སྙན་ངག་གྲགས་ཅན་དུ་བརྩི་བ་དག་ཀྱང་ཉམས་དང་འགྱུར་བ་མངོན་སྟངས་དང་། སྒྱུ་རྩལ་མཚོན་སྟངས་སོགས་གང་ནས་བལྟས་ཀྱང་མེ་ལོང་མ་ལས་དངོས་སུ་བསྟན་པའི་རྒྱན་གྱི་འགྲོ་ལུགས་དེ་ལས་བརྒལ་བ་ཞིག་ཕལ་ཆེར་མེད་ཅེས་བཤད་ཀྱང་མི་ཆོག་པ་མེད་པས། མེ་ལོང་མའི་རྒྱན་གྱི་རྣམ་གཞག་ཐམས་ཅད་རྙིང་བ་དང་འདོར་བྱར་བཤད་པ་དག་ནི་མ་དག་པས་དག་པ་སུན་འབྱིན་པར་འདོད་པ་ཁྱི་སྨྱོན་སེང་གེ་ལ་ཟུག་པའི་དཔེ་ལས་མ་འདས་པའང་རང་ཤུགས་ཀྱིས་རྟོགས་ཡོང་ངོ་།།
མེ་ལོང་མ་ལ་བཀག་རྒྱ་ཡོད་པ་ནི་མེ་ལོང་མའི་ཁྱད་ཆོས་ཏེ། མེ་ལོང་མ་ནི་ཁྱོད་ལ་ཐོག་མར་རྩོམ་ཇི་ལྟར་འབྲི་བའི་ཐབས་ལམ་སྟོན་པའི་གཞུང་ལུགས་ཤིག་ཡིན་པས་འདི་ལས་ཁྱོད་ལ་རྒྱན་རེ་རེའི་ངོ་བོ་དང་ཁྱད་པར་རྣམས་ཇི་བཞིན་ངོ་སྤྲོད་པ་ལ་ཆེས་གལ་ཆེ་བ་ནི་རྒྱན་རེ་རེའི་ངོ་བོ་འཇོག་བྱེད་ཀྱི་ཆ་རྐྱེན་དེ་དག་རེད། ཆ་རྐྱེན་དེ་མ་ཚང་ན་རྒྱན་དེ་མིན་པའི་རྟགས་ཡིན་པས་ཁྱོད་ཀྱིས་རྒྱན་དེ་ཤེས་པ་ལ་རྒྱན་དེའི་ཆ་རྐྱེན་ཤེས་དགོས་པ་སྨྲ་ག་ལ་དགོས། གལ་ཏེ་མེ་ལོང་མས་ཁྱོད་ལ་རྒྱན་རེ་རེའི་ངོ་བོ་དང་བྱེད་ལས་ངོ་སྤྲོད་པ་ལ་རྒྱན་དེ་དང་དེའི་མཐུན་མིན་ཆ་རྐྱེན་དག་མ་བསྟན་ན་ཁྱོད་ཀྱིས་རྒྱན་དེ་དག་གི་ཁྱད་ཆོས་དང་དགེ་མཚན་ཡང་རྟོགས་ཐབས་མེད་ལ། རྒྱན་དེ་དག་སྤྱད་དེ་སྙན་ངག་འབྲི་ཤེས་པ་ལྟ་ཅི། རྒྱན་དེ་དག་གི་ལམ་ནས་བརྩམས་པའི་སྙན་ངག་ཀློག་ཀྱང་མི་ཤེས་སོ།། འོན་ཀྱང་མེ་ལོང་མ་ནི་ཁྱོད་རང་རྩོམ་ལ་འཇུག་པའི་སྒོ་མོ་ཡིན་པ་ལས་ཁྱོད་ཀྱི་མི་ཚེ་གང་བོའི་ལག་ལེན་གྱི་མཐའ་སྡོམ་ག་ལ་ཡིན། དེ་བས་མེ་ལོང་མས་ཁྱོད་ལ་བཀག་རྒྱ་མི་བཟོ་བར་མ་ཟད། དེ་ལས་ལྡོག་སྟེ་ཚེགས་ཆུང་ངུས་ཀྱང་དོན་ཆེན་པོ་འགྲུབ་པར་འགྱུར་བས་སྙན་ངག་འབྲི་བ་ལ་དགའ་བ་དག་གིས་འདི་ཉིད་དོན་དུ་གཉེར་ན་དམངས་ཁྲོད་ཀྱི་ངག་རྩོམ་དང་ལ་གཞས་ལ་ལྟ་བུ་ལ་དཔེ་བྱས་ཏེ་ལད་འབྲི་བྱས་པ་ལས་ལྡབ་བྱེ་བ་འབུམ་འགྱུར་གྱིས་ལྷག་པའི་གྲུབ་འབྲས་ཐོན་ངེས་པ་ནི་མྱོང་བས་འགྲུབ་བོ།།
སྤྱིར་ཡང་གཞུང་ལུགས་ལ་གསར་རྙིང་གི་དབྱེ་བ་འབྱེད་པ་ནི་གཞུང་ལུགས་དང་ལག་ལེན་གྱི་ཁྱད་པར་མ་ཤེས་པའི་བླུན་གཏམ་སྟེ། ས་སུ་ག་བ་ད་དྲག་ཏུ་ཞེས་པའི་གཞུང་འདི་ནི་ཇི་སྲིད་བོད་པའི་སྐད་ཀྱི་ཆོས་ཉིད་མ་ཉམས་པ་དེ་སྲིད་དུ་ཁྱོད་ལ་ལམ་སྟོན་གྱི་ནུས་པ་ལྡན་པའི་གཞུང་ལུགས་ཡིན་པས། ཁྱོད་ཀྱིས་འདི་ལ་མེས་པོ་ལ་དོན་གྱི་རྣམ་གཞག་ཅེས་སྨྲ་ན་ནི་སྨྲ་བ་བོ་རང་ཉིད་མི་ཡི་ལུས་ལ་ཕྱུགས་ཀྱི་འདུ་ཤེས་ཞུགས་པ་ཉིད་དུ་མོ་འདེབས་མ་དགོས་པར་གོ་བར་གྱིས་ཤིག་ཅེས་པ་འདི་ཡང་བཤེས་གཉེན་དམ་པའི་མགོན་གྱིས་ཟིན་ཅིང་ཡུལ་གངས་རིའི་ལྗོངས་ཀྱི་སྙན་ངག་གི་གཞུང་ལུགས་མེ་ལོང་མའི་དགེ་མཚན་ཤེས་ནས་སྨྲ་བ་ལ་སྤོབས་པ་ཅུང་ཟད་བརྙེས་པ་གྱི་ལིང་འཇིགས་མེད་དུ་འབོད་པས་སྤྱི་ལོ2013ལོའི་ཟླ5བའི་ཚེས13ཉིན་རང་སྤྱིལ་དུ་ཤར་མར་སྤེལ་ཏོ།།
ཟུར་བལྟའི་ཡིག་ཆ།
མེ་ལོང་མ། སློབ་དཔོན་དབྱིག་པ་ཅན་གྱིས་བརྩམས།
དབྱངས་ཅན་དགྱེས་གླུ། རྒྱལ་དབང་ལྔ་བས་བརྩམས།
སྙན་ངག་མེ་ལོང་གི་དཔྱད་པ། བུ་བཞི་བསམ་པའི་དོན་གྲུབ་ཀྱིས་བརྩམས།
སྙན་ངག་གི་རྣམ་བཤད། སྨད་པའི་དཀོན་མཆོག་སྐྱབས་ཀྱི་བརྩམས།
སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ། ཤེས་རབ་བསྟན་དར་གྱིས་བརྩམས།
བོད་ཀྱི་སྙན་ངག་གི་མཛེས་ཉམས། སུམ་པ་དོན་གྲུབ་ཚེ་རིང་གིས་བརྩམས།
ཡང་གསལ་སྣང་མཛོད་ཀྱི་ཟུར་རྒྱན། ལྡོང་ཡོན་ཏན་རྒྱ་མཚོས་བརྩམས།
《文学理论》 南帆、刘小新、练暑生著。
《唐诗三百首》(注音、配图)郭玉成选编。
《唐诗、宋词、元曲》(三百首) 蘅塘退士等选编。
《中国名人大专》(彩图版)贾文红主编。
《中国名著、世界名著》(一本通)张荣华主编。
《印度古代文学史》季羡林著。

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།