《གྲང་རེག་གིས་གཙེས་པའི་སྟོན་རླུང》ཞེས་པའི་བརྩམས་སྒྲུང་གི་ཕྲན་བཤད་ཐན་ཐུན།
《གྲང་རེག་གིས་གཙེས་པའི་སྟོན་རླུང》ཞེས་པའི་བརྩམས་སྒྲུང་གི་ཕྲན་བཤད།
བརྩམས་སྒྲུང་ནི་སྤྱི་ཚོགས་འཚོ་བ་དངོས་ནས་བྱུང་ཞིང་། སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པའི་ཀུན་གསལ་མེ་ལོང་ལྟ་བུ་ཡིན། “དེའི་ཉིང་དགོས་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་རྩོམ་པ་པོ་དག་གིས་སྣེ་མང་རྙོག་འཛིང་གི་དངོས་ཡོད་འཚོ་བ་དང་འགྱུར་ལྡོག་སྣ་མང་གི་དངོས་ཡོད་སྤྱི་ཚོགས་ཁྲོད་ནས་གནས་སྟངས་མི་འདྲ་བའི་གནད་དོན་མང་པོ་ཞིག་བསམ་གཞིག་གི་གཏིང་མཐིལ་ལ་རེག་ཅིང་སྒྱུ་རྩལ་གྱི་ལས་སྣོན་བགྱིས་ཏེ། ཕྱིར་འཚོ་བའི་བག་མེད་ཀྱི་གཡང་དང་འཆལ་སྤྱོད་ཀྱི་འདམ། ཚུལ་འཆོས་ ཀྱི་རྒྱ། མི་གཤིས་ལ་འཁྱོག་སྒྱུར་ཐེབས་ཤིང་སེམས་པར་ནག་ནོག་འགོས་པའི་གནས་དག་ལས་བསྐྱབས་ཏེ། བདེ་ཐང་གི་མི་གཞི། མཛེས་སྡུག་གི་མི་གཤིས། ཞུམ་མེད་ཀྱི་སྙིང་སྟོབས་སོགས་མིའི་རྣམ་ཤེས་ཀྱི་ནང་དང་བླ་སྲོག་གི་དཀྱིལ་དུ་འཇུག་རྒྱུ་དེ་ཡིན་སྙམ”①ཞེས་པ་ལྟར་ཡིན་ལ། བོད་ཀྱི་དེང་རབས་བརྩམས་སྒྲུང་གི་སྤྱི་ཁོག་ལ་བལྟས་ན། ཕལ་ཆེ་བ་རྩོམ་པ་པོས་བོད་ཀྱི་སྤྱི་ཚོགས་ཁྲོད་གནས་པའི་ནག་ནོག་གི་སྐྱོན་དང་། མི་མཛེས་པའི་ཆ། དེ་བཞིན་འཚོ་བའི་གྲུ་ཟུར་སོ་སོའི་སྣང་ཚུལ་ངན་ངོན་རྣམས་བརྩམས་ཆོས་སུ་ཐེར་འདོན་བྱས་ནས་མཐར་བདེན་དགེ་མཛེས་གསུམ་གྱི་རྩོམ་རིག་གི་དགེ་མཚན་མངོན་པར་བྱེད་ཀྱི་ཡོད་ཅིང་། བརྩམས་སྒྲུང་གིས་རྩོམ་རིག་གི་རིགས་གཞན་དག་ལས་རྣམ་པར་རྒྱལ་ཏེ་སྤྱི་ཚོགས་ཀྱི་སྣང་ཚུལ་མིག་འབུར་ཚུགས་ སུ་སྒྲུང་གཏམ་གྱི་མེ་ལོང་ངོས་ནས་ཀློག་པ་པོ་རྣམས་ལ་འགྲེམས་སྟོན་བྱེད་ཀྱི་ཡོད།
སྐབས་དེར་གླེང་བར་བྱ་བའི《གྲང་རེག་གིས་གཙེས་པའི་སྟོན་རླུང》ཞེས་པའི་བརྩམས་སྒྲུང་དེ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས2007ལོའི་ཟླ6པར་དཔར་སྐྲུན་བྱས་པའི་བོད་ཀྱི་རྩོམ་རིག་དཔེ་ཚོགས<བོད་ཀྱི་བརྩམས་སྒྲུང་དང་དཔྱད་བརྗོད་བདམས་སྒྲིག《དུས་རབས་ཀྱི་མེ་ལོང》>ཞེས་པའི་ནང་འཁོད་ཡོད་པའོ།།
《གྲང་རེག་གིས་གཙེས་པའི་སྟོན་རླུང》ཞེས་པའི་བརྩམས་སྒྲུང་དེ་ནི་བོད་ལྗོངས་ཀྱི་རྩོམ་པ་པོ་གཙང་སྡིངས་དར་རྒྱས་ལགས་ཀྱིས་བརྩམས་གནང་བ་ཞིག་ཡིན་པ་དང་། མ་གཞི་རྩོམ་པ་པོ་ཁོང་ལ་དེ་ཙམ་གྱིས་རྒྱུས་མངའ་ཆེས་ཆེར་མེད་ཀྱང་། ཁོང་གི་བརྩམས་སྒྲུང་གི་སྐད་ཆའི་སྦྱོར་བ་དང་། རྩོམ་པ་པོ་ཁོང་རང་གི་མཚན་ལ་གཞིགས་ན་དབུས་གཙང་ཁུལ་གྱི(གཙང་གི་མི་ཞིག་མིན་ནམ་སྙམ)རྩོམ་པ་པོ་ཞིག་ཡིན་པ་གསལ་པོར་རྟོགས་ནུས་ཤིང། ཁོ་བོས་བཀླགས་མྱོང་བའི་ཁོང་གི་བརྩམས་སྒྲུང་ལ་གོང་གི་དཔེ་ཚོགས་དེའི་ནང་འཁོད་པའི་བརྩམས་སྒྲུང《གནོང་འགྱོད》ཞེས་པ་དང་། དེ་བཞིན2005ལོའི《སྦྲང་ཆར》དེབ་བཞི་པའི་སྟེང་བཀོད་པའི་བརྩམས་སྒྲུང《དམར་པོའི་ལོ་ཟླ》སོགས་ཡོད།
《གྲང་རེག་གིས་གཙེས་པའི་སྟོན་རླུང》ཞེས་པའི་བརྩམས་སྒྲུང་དེ་ནི་མིང་བརྡ་དང་པོ“ང”ཡི་རྣམ་པའི་ཐོག་ནས་བརྩམས་པ་ཞིག་ཡིན་པ་དང་། དེའི་ནང“ང”སློབ་གྲྭའི་ནང་ཀུན་སྤྱོད་གཙང་ཞིང་སློབ་སྦྱོང་ལ་བརྩོན་པ་ཆེ་བ། སྦྱངས་འབྲས་ལེགས་ལ་དགེ་བཀུར་སློབ་མཐུན་ཐུབ་པའི་ཕུལ་བྱུང་སློབ་མ་ཞིག་ཡིན་ཀྱང་། གནམ་ལྕགས་ཐོག་འབེབས་ལྟ་བུའི་བཀའ་བཙན་ཅན་གྱི་ཕས་འོད་སྟོང་འཕྲོ་བའི“ངའི”མདུན་ལམ་ལ་བསམ་བློ་གཏན་ནས་མ་གཏང་བར་མིག་མདུན་གྱི་ཁེ་ཕན་དང་། འཕྲལ་ཡུན་གྱི་བདེ་བ་དང་དགོས་མཁོ་ཆུང་ངུ་ཙམ་ལ་དམིགས་ནས“ང”སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ། ལྷ་ས་ཁུལ་དུ་བུ་རྫིར་མངགས་ཤིང་། བུ་རྫི་བྱ་རིང“ང”ཁྱིམ་ཚང་དེའི་ནང“འགྲོ་ཞི་མི་ལས་མཁས་པ་དང་། སྡོད་རི་བོང་ལས་ཙོག་པ”ལྟ་བུའི་གཞན་གྱི་བཀོད་པའི་འོག་ལས་ཀ་རྫོགས་རྒྱུ་མེད་པ་བྱས་ནས་སྡོད་དགོས་བྱུང་བ། དེ་མིན་ཁྱིམ་ཚང་དེིའི་སྦྱིན་བདག་ཨ་ཅག་ལྷ་མོ་ལགས་ཀྱིས་ང་ལ་གཅར་རྡུང་དང་མ་ཉེས་ཁ་གཡོགས་སོགས་བྱས་རྐྱེན། མཐར“ང”རང་དབང་མེད་པར་ཁྱིམ་ཚང་དེ་ནས་ཁ་བྲལ་དགོས་བྱུང་སྟེ་རང་གི་གཅེན་མོའི་གམ་དུ་ཕྱིར་ལོག་བྱས་པ་དང་། འོན་ཀྱང་ཨ་ཕས“ང”སླར་ཡང་གཞིས་རྩེའི་འཚོང་ཁང་ཞིག་ཏུ་ཚོང་གཡོག(ཚོང་ཁང་གི་གླ་པ)བྱེད་པར་བཏང་ཞིང་། རིམ་གྱིས“ང”དང་ཚོང་ཁང་གི་སྦྱིན་བདག་ནོར་བཟང་ལགས་བར་ལ་བརྩེ་བ་ཆགས་པ་དང་། མཐར་སྦྱིན་བདག་ནོར་བཟང་ལགས་དང“ངའི”བར་ཕོ་མོའི་བར་གྱི་ཚུལ་མིན་གྱི་གནས་ཚུལ་ཡོད་པ་རྒན་ནོར་བཟང་ལགས་ཀྱི་བཟའ་ཟླས་མཐོང་ནས་རྙོག་དྲ་བྱུང་བ་དང་། གཞན་གྱིས“ང”ལ་དྲག་པོའི་གཅར་རྡུང་བྱས་ཤིང་། “ང”གཞན་གྱི་མྱི་ཁའི་ཁྲོད་ནས་འཚོ་དགོས་བྱུང་བས། རང་གི་སྔར་སོང་གི་བྱ་བར་འགྱོད་པ་སྐྱེས་པ་དང་། འཇིག་རྟེན་འཁོར་བ་ལ་ཞེན་ལོག་སྐྱུག་མེར་ལངས་ཏེ་རང་སྲོག་ལྕེབས་རྩིས་ཀྱི་བསམ་བློ་ཡང་ལན་འགའ་འཁོར་ཞིང་། ཨ་ཕས་བཙན་ཤེད་ཀྱིས“ང”སློབ་གྲྭ་ནས་ཕྱིར་འཐེན་བྱས་པའི་དབང་གིས“ང”ལ་ཆག་སྒོ་ཆེན་པོ་བྱུང་ཚུལ་བརྗོད་ཡོད་པ་སྟན་ཡོད།
བརྩམས་སྒྲུང་དེའི་ནང་དོན་ཆིག་རྐྱང་ཅན་ཞིག་མ་ཡིན་པར་བརྗོད་སྙིང་སྣ་མང་ཅན་ཞིག་ཡིན་པ་དང་། རྩོམ་པ་པོས་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་རྣམ་པའི་ཐོག་ནས་གསར་རྩོམ་གྱི་སྨྱུག་ཁ་དེ་དངོས་ཡོད་ཀྱི་འཚོ་བ་དངོས་ལ་ཟབ་ཞུགས་དང་ཉམས་ལེན་བྱས་ཏེ་ཞིབ་ཅིང་ཚགས་པའི་སྨྱུག་རྩལ་ལ་བརྟེན་ནས་ཨ་ཕས་བུ་ཕྲུག་གི་འདོད་བློ་དང་མི་རྒྱུད་ལ་བརྩི་བཀུར་མི་བྱེད་པར་བུ་ཕྲུག་ལ་དབང་ཡོད་བྱས་ནས་བུ་ཕྲུག་གི་འདོད་བློ་དང་སྒེར་དབང་ལ་བརྩིས་མཐོང་མ་བྱས་པའི་ནག་ཉེས་ཐེར་འདོན་བྱས་ཤིང་། གནས་སྐབས་ཀྱི་ཁེ་ཕན་ལ་དམིགས་ནས་བུ་ཕྲུག་གི་མདུན་ལམ་མེད་པར་བཟོ་བའི་བྱ་སྤྱོད་ངན་པ་དེ་ཚོར་ཟུར་ཟ་སུན་འབྱིན་བྱས་ཡོད་ལ། བྱེ་བྲག་ཏུ་ཨ་ཅག་ལྷ་མོ་ལྟ་བུའི་རང་གི་ཟླ་བོར་བློ་མི་དཀར་ཅིང་གནད་དོན་དངོས་ལ་བརྟག་དཔྱད་མ་བྱས་པར་གང་བྱུང་དུ་མི་ལ་མ་ཉེས་ཁ་གཡོགས་བྱེད་པ་དང་།གཞན་གྱི་མི་གཤིས་ལ་དམའ་འབེབས་དང་ཁྱད་གསོད་བྱེད་མཁན་དག་ལའང་ཁ་རྡུང་དྲག་པོ་བཏང་གནང་ཡོད།
གོར་ཅིས། “བརྗོད་སྙིང་ནི་རྩོམ་པ་པོའི་ཉམས་མྱོང་ལས་ཐོན་པ་དང་། འཚོ་བ་ལས་ཤུགས་སུ་བསྟན་པའི་བསམ་ཚུལ་ཞིག་ཡིན། དེ་ཡང་བག་ཉལ་གྱི་འདུ་ཤེས(潜意识)སུ་གནས་པ་ཙམ་ལས་མངོན་གསལ་དུ་གྲུབ་མེད། དེ་ཕྱིར་མངོན་པར་འདོད་ཚེ་རྩོམ་པ་པོས་དེར་མཚོན་བྱེད་ཀྱི་རྣམ་པ་ཞིག་ཏུ་སྦྱོར་དགོས་པའི་འདོད་པ་མངོན་པར་སྐྱེས་ངེས”②ཞེས་པ་ནང་བཞིན། རྩོམ་པ་པོ་གཙང་སྡིངས་དར་རྒྱས་ལགས་ཀྱིས་ཀྱང་བརྗོད་བྱ་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་དག་ལ་འདེམས་འཛིན་དང་གཙོ་སྦྱང་གི་རིག་པའི་ཐབས་ལ་བརྟེན་ནས་བརྗོད་བྱའི་དོན་ལ་ནང་བྱན་ཆུད་པའི་སྒོ་ནས་རྩོམ་གྱི་མི་སྣ་བུ་མོ་བདེ་སྒྲོན་གྱི་སྐྱོ་གདུང་གི་སྣང་བརྙན་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་པར་མཚོན་ཡོད་ཅིང་། བརྗོད་སྙིང་སྣ་མང་ཅན་དུ་ངེས་པ་ནི་རྩོམ་དེའི་ཆེས་དགེ་མཚན་ལྡན་པའི་གྲུབ་ཆ་ཞིག་ཡིན། དེ་ནི་རྩོམ་པ་པོས་དངོས་ཡོད་འཚོ་བ་ལ་ཉམས་ལེན་དང་ཚོར་རྟོག་བྱས་པའི་འབྲས་བུ་ཉག་གཅིག་ཡིན། རྩོམ་དེའི་ནང་གཤམ་གྱི་བརྗོད་སྙིང་ཁག་ལྡན་ཡོད་དེ།
(1)ཤེས་རིག་གི་ཡོན་ཚད་དམའ་ཞིང་བསམ་བློའི་གོ་རྟོགས་དམན་པ་བསྟན་པ།
(2)མིག་མདུན་གྱི་ཁེ་ཕན་དང་རྒྱང་རིང་ཕུགས་བསམ་གཉིས་ཀྱི་འགལ་འདུ་བསྟན་པ།
(3)རྙིང་ཞེན་མཁྲེགས་འཛིན་དང་ཨུ་ཚུགས་ཀྱི་ཉེས་དམིགས་བསྟན་པ། འདུ་ཤེས་རྙིང་བ་ཞིག་གི་འཆིང་ཐག་ལས་གྲོལ་
མེད་པ་བསྟན་པ།
(4)སྐྱོ་གདུང་ཁྲོད་ཀྱི་བུ་མོ་ཞིག་གི་སེམས་ཁམས་བསྟན་པ་བཅས་ཀྱི་བརྗོད་སྙིང་ལྡན་ཡོད་པར་སེམས་ཏེ། གལ་ཏེ་བརྩམས་སྒྲུང་ནང་གི་མི་སྣ་བུ་མོ་བདེ་སྒྲོན་གྱི་ཕ་དེ་ཤེས་རིག་གི་ཡོན་ཚད་མཐོ་ཞིང་བསམ་བློའི་གོ་རྟོགས་མཐོན་པོ་ཅན་གྱི་མི་ཞིག་ཡིན་ན། བུ་མོ་སློབ་གྲྭ་ནས་ཕྱིར་འཐེན་བྱ་རྒྱུ་ལྟ་ཅི། བུ་མོའི་སློབ་སྦྱོང་ལ་ཐུགས་ཁུར་དང་བུ་མོའི་རྒྱང་རིང་གི་ཕུགས་བསམ་ལ་བསམ་བློ་གཏོང་མཁན་ཞིག་ཡིན་སྲིད་པས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་མོ་དེ་ཡང་དེ་ལྟ་བུའི་སྐྱོ་གདུང་ཁྲོད་འཚོ་བ་སྐྱེལ་དགོས་མེད་པར། བུ་ཕྲུག་གཞན་དག་དང་འདྲ་བར་སློབ་གཉེར་གྱི་ལམ་བུར་གཞོལ་ཐུབ་ངེས་ཡིན་པས་བུ་མོའི་ལས་དབང་ཡང་དེ་འདྲའི་ཐབས་སྡུག་ཞིག་ཏུ་གྱུར་མི་སྲིད་དོ། གཉིས་ནས་གལ་ཏེ་ཕས་མིག་མདུན་གྱི་ཁེ་ཕན་ལ་མ་དམིགས་པར་བུ་མོའི་རྒྱང་རིང་གི་ཕུགས་བསམ་ལ་ཐུགས་བསམ་གཞེས་ནས་བུ་མོ་སློབ་གྲྭ་ནས་ཕྱིར་འཐེན་མ་བྱས་ན་བུ་མོའང་གཞན་གྱི་མྱི་ཁའི་ཁྲོད་འཚོ་བ་སྐྱེལ་མི་དགོས་མོད། འོན་ཀྱང་། ཕས་འཕྲལ་ཡུན་གྱི་འདོད་ཆགས་ཁོ་ནའི་དབང་དུ་སོང་རྐྱེན་བུ་མོར་ད་གཟོད་བཟོད་བསྲན་དཀའ་བའི་སྡུག་བསྔལ་སྣ་ཚོགས་འབྱུང་བའོ།།
ཁོ་བོས་དེ་ནི་མིག་མདུན་གྱི་ཁེ་ཕན་དང་རྒྱང་རིང་ཕུགས་བསམ་གཉིས་ཀྱི་འགལ་བ་རེད་ཟེར་དོན་ནི། གལ་ཏེ་བུ་མོ་སློབ་གྲྭར་བཏང་ན་ཕའི་མིག་མདུན་གྱི་ཁེ་ཕན་བསྒྲུབ་མི་ཐུབ་ལ།དེ་ལས་ལྡོག་ཏེ་བུ་མོའི་དོན་དུ་སློབ་ཡོན་སོགས་ཀྱིས་དཀའ་བ་སྤྱད་དགོས་པ་རེད།གལ་ཏེ་བུ་མོ་སློབ་གྲྭར་མ་གཏང་ན་གནས་སྐབས་ཀྱི་ཕའི་འདོད་པ་སྐོང་ནུས་ཀྱང་བུ་མོའི་མ་འོངས་པའི་ཕུགས་བསམ་བརླག་འགྲོ་བས་རེད། རྙིང་ཞེན་མཁྲེགས་འཛིན་དང་ཨུ་ཚུགས་ཀྱི་ཉེས་དམིགས་བསྟན་ཡོད་ཟེར་དོན་ནི།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com