ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བསྒྱུར་རྩོམ་རིང་མོ《འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ》།
རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བསྒྱུར་རྩོམ་རིང་མོ《འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ》།
རྩོམ་པ་པོ།:སྟགའབུམ་རྒྱལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-15 09:42:00
ཀློག་གྲངས།:
་དགོས་ཟེར། ཀྲོའུ་ཨེར་གྱིས་བཤད་རྒྱུར། སང་ཉིན་ངས་ཁྱོད་ལ་སྲན་ཕྱུར་སྣུམ་བཅོས་མ་ཟ་རུ་བཅུག་ཆོག དེས་གཏམ་རྒྱུད་བཤད་པའི་གླ་རིན་བྱེད་ཐུབ་རྒྱུ་རེད་ཨང་ཟེར། རྒན་མོ་ཧྲི་སན་གྱིས་ངའི་སྟོད་སྨད་ཡོངས་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁྱོད་ཀྱིས་སུ་ཞིག་ལ་གཏམ་རྒྱུད་འཚོལ་སྡུད་བྱེད་པ་ཡིན་ཟེར། ངས་ང་རང་ཉིད་ལ་མཁོ་བ་ཡིན་ཞེས་བཤད། རྒན་མོ་ཧྲི་སན་ཡར་སྒྲེགས་ཙམ་བྱས་རྗེས་ང་ལ་བཤད་རྒྱུར། ཁྱོད་ཀྱང་བར་དོ་ནས་ཕྱིར་ཡོང་བ་མ་རེད་པས། གཏམ་རྒྱུད་དེ་དག་འཚོལ་སྡུད་བྱས་ནས་ཅི་བྱེད་པ་ཡིན་ཟེར། ངས་ཀྱང་ཁོ་མོ་དང་ཁ་བརྡ་བྱེད་པའི་ མཁའ་དབུགས་སྐྱིད་པོ་ཞིག་བསྐྲུན་ཆེད་དུ་ཀུ་རེའི་ཚུལ་དུ། ང་རང་བར་དོ་ནས་ཡོང་བ་མ་རེད་ཅེས་སུ་ཞིག་གིས་བཤད་སོང་ཞེས་བཤད། ངའི་སྐད་ཆ་དེས་རྒན་མོ་ཧྲི་སན་སྐྲག་པར་མ་གྱུར་མོད་། འོན་ཀྱང་ཁོ་མོའི་གན་དུ་ཡོད་པའི་སྨྱུག་མའི་ཕྱགས་མ་འཚོང་མཁན་གྱི་བུ་མོ་དེ་སྐྲག་པར་གྱུར་སོང་། ཁོ་མོས་དངངས་སྐད་ཅིག་བཏོན་ནས་ན་རེ། རྒན་མོ་ཧྲི་སན་ལགས། ངས་མཐོང་མ་ཐག་ནས་ཁོ་མོའི་བཟོ་ལྟ་འདྲེ་དང་འདྲ་བ་ཚོར་བྱུང་། ལུས་ཡོངས་སུ་ལྭ་བ་ནག་པོ་གོན་ཡོད་པར་མ་ཟད། ཤ་སྐམ་ནས་རུས་པར་ཐུག་ཡོད་པ་དང་། ངོ་གདོང་ན་ཁྲག་མདོག་ཀྱང་མི་འདུག་པས། ཁྱོད་ཀྱིས་ཁོ་མོ་ང་ཚོའི་གན་དུ་བཏུད་དུ་མི་འཇུག་རོགས་ཟེར། རྒན་མོ་ཧྲི་སན་བགད་བྱུང་། ཁོ་མོས་བློ་རྩ་བརྟན་པོའི་ངང་བཤད་རྒྱུར། འདྲེ་ནི་འདྲེ་རེད་པས་། ཁྱོད་ཀྱིས་མིག་གིས་མཐོང་ནུས་སམ། ཁྱོད་སྐྲག་མི་དགོས་ཟེར། རྒན་མོ་ཧྲི་སན་གྱིས་ང་རང་ཚོང་སྟེགས་ཀྱི་ནང་རོལ་ཏུ་ཤོག་ལ་སྡོད་ཟེར། ང་རང་ཀ་བ་བཞིན་དུ་ཁོ་མོའི་ཁ་གཏད་དུ་འགྲེང་བསྡད་ཚེ་ཁོ་མོས་ཚོང་རྒྱག་པར་གནོད་པ་བྱེད་ངེས་པས། ང་རང་དགོད་བཞིན་དུ་འགྲམ་གྱི་བར་སྟོང་ཞིག་བརྒྱུད་ནས་ཚོང་སྟེགས་ཀྱི་ནང་རོལ་ཏུ་སོང་། ཡུན་རིང་དུ་དགོད་མ་མྱོང་བས་ཡིན་ཡང་སྲིད་དེ། ང་རང་བགད་པ་དེས་རང་ཉིད་ཀྱི་སེམས་ངོ་གྲང་ཤུར་སེར་བཏང་བར་མ་ཟད་ད་དུང་ཕྱགས་མ་འཚོང་བའི་བུ་མོ་དེ་ལ་ཡང་གྲང་འདར་ཞིག་རྒྱག་ཏུ་བཅུག་སོང་། རྒན་མོ་ཧྲི་སན་གྱི་ཚོང་སྟེགས་སྟེང་དུ་བཤམས་ཡོད་པ་ནི་རིགས་མི་གཅིག་པའི་འབུ་གསོད་དུག་རྫས་སྣ་ཚོགས་རེད། དེའི་ཁྲོད་དུ་ཙི་གུ་ གསོད་པའི་དུག་སྨན་དང་། སྦྲང་གསོད་སྨན། འབུ་སྲིན་འཛིན་པའི་འབྱར་སྣུམ། སྲིན་དགྲ་སེལ་བྱེད། སྦྲང་བུ་ཚར་གཅོད་སྨན་སོགས་རེད། རྒན་མོ་ཧྲི་སན་གྱི་འདྲེ་ཡི་གཏམ་རྒྱུད་ཀྱང་ཙི་གུའི་དུག་སྨན་རྒྱབ་ལྗོངས་བྱས་པ་ནས་མགོ་བརྩམས་པ་རེད།
ལོ་ན་གཞོན་པའི་ཡུགས་མོ་ཞིག་ཡོད་ཅིང་། ཁོ་མོའི་ཁྱོ་ག་ནི་གཏེར་ཁུང་གི་འདེགས་སྤང་རྡིབ་པའི་དོན་རྐྱེན་ལས་སྲོག་ཤོར་སོང་བ་རེད། ཁོ་མོར་སྒྱུག་མོ་ཞིག་ཡོད་པ་དེ་ལྟོ་འདུན་ཆེ་ཞིང་ལས་ཀ་མི་འདོད་པ་དང་གནག་སེམས་ལྡན་ཞིང་གདུག་རྩུབ་ཆེ་བ་ཞིག་ཡིན་པས། ཉིན་རེ་བཞིན་ཁོ་མོར་ཞབས་ཏོག་སྒྲུབ་པ་བློར་མ་བབས་ཚེ། ཡུགས་མོ་གཉིད་དུ་ཡུར་བའི་སྐབས་དང་བསྟུན་ནས་གདོང་ལ་རྒྱ་ཁབ་ཀྱིས་གཙགས་པར་བྱེད། ཁོ་མོས་སྒྱུག་མོའི་བརྙས་བཅོས་སྣ་ཚོགས་ལ་བཟོད་བསྲན་བྱེད་མ་ཐུབ་པར་ཙི་གུའི་དུག་སྨན་བག་ཆ་གཉིས་ཉོས་ཡོང་ནས་ཤ་བཙོས་པའི་བ་མའི་ནང་དུ་བཏབ་སྟེ་སྒྱུག་མོ་དང་མཉམ་འཆི་བྱེད་རྩིས་བྱས། ཉིན་དེར་ཆར་བ་ཆེན་པོ་བབས་ཏེ་འབྲུག་གྲགས་གློག་འཁྱུག་བྱེད་ཀྱིན་འདུག་པས། ཡུགས་མོས་སྔ་མོ་ནས་བྱིས་པ་ཨ་ཅེ་ཚང་དུ་འགྲོ་རུ་བཅུག་ཟིན། ཁོ་མོས་བ་མའི་ནང་ནས་ཤ་བླངས་ཏེ་ཅོག་ཙེ་ཐོག་ཏུ་བཞག་རྗེས་སླར་ཡང་ཆང་ཀོང་གཉིས་དང་ཐུར་མ་གཉིས་ཁྱེར་ཡོང་ནས་སྒྱུག་མོ་ལ་ཤ་དང་ཆང་གྲ་སྒྲིག་བྱས་ཡོད་ཅེས་བོས། སྐབས་དེར་སྒྱུག་མོ་དྲ་མའི་མདུན་དུ་ལངས་ནས་ཇ་འཕྲོ་འཁྱག་པ་དྲ་མའི་ཕྱི་རོལ་ཏུ་འཕོ་བཞིན་ཡོད། ཁོ་མོས་མནའ་མས་འབོད་ཀྱིན་པ་ཐོས་ནས་ཁ་ཕྱིར་འཁོར་ཏེ་སྡིགས་མོ་བྱས་པ་སྟེ། ངས་ཁྱོད་ལ་བསམ་ཚུལ་གཞན་ཞིག་ཡོད་པ་མི་རྟོགས་སམ། ཁྱོད་ཀྱིས་དོ་དགོང་ང་རང་བཟི་རུ་བཅུག་རྗེས་ངའི་བུ་ཉལ་སའི་མལ་ཁྲིའི་སྟེང་སྐྱེས་པ་གཞན་ཁྲིད་ཡོང་སྙམ་པ་རེད་ཟེར། ཡུགས་མོས་བཟོད་བསྲན་བྱས་ཏེ་སྒྱུག་མོ་དང་ཁ་རྩོད་མ་བྱས་པར་མགོ་གཡོགས་ཏེ་ཁོ་མོར་ཤ་བཟའ་རུ་འཇུག་དགོས་སྙམ། སྐབས་འདིར་ཕྱི་རོལ་གྱི་འབྲུག་སྒྲ་ཇེ་ཆེ་ནས་ཇེ་དྲག་ཏུ་གྱུར་བ་དང་དྲ་མ་ཡང་རྔ་བརྡུངས་པ་བཞིན་དུ་འདར་ཤིག་བྱས་སིང་སིང་གི་སྒྲ་གྲགས་ཀྱིན་འདུག ཡུགས་མོས་གློ་བུར་དུ་ཁོ་མོའི་ཁྱོ་ག་སྤྲིན་ནག་དུམ་བུ་ཅིག་དང་འདྲ་བར་དྲ་མ་ལས་ནང་དུ་མཆེད་བྱུང་བ་མཐོང་བྱུང་། ཁོ་མོས་ཁྱོ་གའི་མིང་ནས་བོས་མ་ཐག་སྤྲིན་ནག་དུམ་བུ་དེ་གསེར་མདོག་གི་གློག་ཞགས་ཤིག་ཏུ་གྱུར་ཞིང་ལྕགས་ཐག་ཅིག་དང་འདྲ་བར་སྒྱུག་མོའི་མགྲིན་པར་ཐེབས་བྱུང་། གློག་ཞགས་ཀྱིས་སྒྱུག་མོའི་ཚེ་སྲོག་འཕྲོག་སྟེ་དེ་མལ་དུ་ས་རུ་འགྱེལ་བར་གྱུར། ཡུགས་མོས་འདི་ནི་ཁྱོ་གས་རང་ཉིད་ལ་རོགས་བྱས་པ་རྟོགས་བྱུང་བ་སྟེ། གལ་ཏེ་ཁོ་མོ་ཡང་སྒྱུག་མོ་དང་ལྷན་དུ་ཤི་བར་གྱུར་ཚེ་བྱིས་པར་སུ་ཞིག་གིས་ལྟ་རྟོགས་བྱེད་དམ། དེ་ནས་བཟུང་ཡུགས་མོས་བྱིས་པ་ཚོར་ལྟ་རྟོགས་བྱས་ཏེ་ཡང་བསྐྱར་གཉེན་སྒྲིག་མ་བྱས། ཁོ་མོས་བྱིས་པ་ཡང་བརྩོན་སེམས་ཅན་ཞིག་ཡིན་པས་ལོ་འགའི་རྗེས་ནས་མིང་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ་ཞིག་ཏུ་རྒྱུགས་འཕྲོད་པར་གྱུར་སོང་།
རྒན་མོ་ཧྲི་སན་གྱི་སྐད་ཆ་ལས་ངའི་སེམས་ལ་སྒྱུ་འཕྲུལ་མཁན་པོ་དྲན་དུ་བཅུག་སོང་། ཁོ་རང་ཡང་གློག་ཞགས་ཤིག་ཏུ་སྤྲུལ་ཐུབ་བམ། ངས་ཀྱང་རྗེས་ཕྱོགས་སུ་འབྲུག་ཆར་རྒོད་པའི་སྐབས་དག་ཏུ་དྲ་ཡོལ་ཡངས་པོར་ཕྱེ་འོས་ཏེ། དེ་ལྟར་ན་ངའི་སྒྱུ་འཕྲུལ་མཁན་པོ་ཡང་གློག་ལྕེ་ཞིག་ཏུ་གྱུར་ཏེ་ངའི་རབ་རིབ་ཀྱི་མིག་ཟུང་ལ་འོད་སྣང་སྟེར་ཡང་སྲིད་ངེས། ཕྱགས་མ་འཚོང་བའི་བུ་མོ་དེས་ང་རང་ཡང་མི་གཞན་དག་དང་འདྲ་བར་འདྲེ་ཡི་གཏམ་རྒྱུད་ལ་དགའ་བོ་ཡོད་པ་མཐོང་བས། གཞི་ནས་ང་རང་འདྲེ་ཨེ་ཡིན་ལ་དོགས་པ་དེ་ཡང་རང་ཡལ་དུ་གྱུར་སོང་། ཁོ་མོས་ཀྱང་རྒན་མོ་ཧྲི་སན་གྱི་འཕྲོར་མཐུད་ནས་འདྲེ་ཡི་གཏམ་རྒྱུད་གཞན་ཞིག་བཤད་བྱུང་།
ངའི་ཨ་ཇོ་ཞིག་ནི་ཝུའུ་ཐང་སྦུག་ཆུ་ཀུང་ཟི་ན་རླངས་འཁོར་ཁ་ལོ་བ་བྱེད་ཀྱིན་ཡོད། ཁོ་ལ་གྲོགས་པོ་ཞིག་ཡོད་པའི་མིང་ལ་ཅཱ་ཀོའུ་ཟེར་ཞིང་ཁྲིམས་ཁང་གི་ཁྲིམས་དཔོན་རེད། ལོ་ཞིག་གི་དགུན་ཁར་ཅཱ་ཀོའུ་ཡི་རླངས་འཁོར་ཁངས་རྫུབས་སྟུག་པོའི་ནང་དུ་ལྷུང་བས་ངའི་ཨ་ཇོ་ལ་བོས་ཏེ་འདྲུད་རོགས་ཞུས། ངའི་ཨ་ཇོ་དང་ཅཱ་ཀོའུ་གཉིས་ཀ་ལས་ཀར་དལ་འགོར་བྱུང་དོགས་ཀྱིས་ནངས་མོ་དུས་ཚོད་གསུམ་གྱི་ཐོག་ནས་ལམ་ལ་ཆས། རླངས་འཁོར་ནི་དུར་ས་ཞིག་གི་ནང་དུ་ལུས་འདུག་ལ། དགོང་མོ་དེར་ཁ་བ་འབབ་ཀྱིན་འདུག་པས་ཕྱོགས་བཞི་དཀར་ཐིང་ངེར་འདུག ཨ་ཇོས་རླངས་འཁོར་འདྲུད་ཀྱིན་པའི་སྐབས་སུ་གློ་བུར་དུ་མིག་ལམ་དུ་མི་ཡི་གཟུགས་བརྙན་ཞིག་མངོན་བྱུང་། དེ་ནི་བུད་མེད་ཅིག་ཡིན་ཞིང་།ཁོ་མོས་སྐེ་དཀྲིས་དཀར་བོ་ཞིག་དཀྲིས་ཤིང་ཞྭ་མོ་དཀར་བོ་ཞིག་མནབས་པ་དང་། ཤ་རྩ་དཀར་ཞིང་བྱད་གཟུགས་ཡིད་དུ་འོང་བ་ཞིག་འདུག ཁོ་མོས་མོ་རང་ཨ་ཇོའི་རླངས་འཁོར་དུ་བསྡད་ནས་མཁར་གྲོང་དུ་འགྲོ་རྒྱུ་ཡིན་ཟེར། ངའི་ཨ་ཇོས་དེ་འདྲའི་ས་སྟོང་ཞིག་ཏུ་གློ་བུར་བའི་བུད་མེད་ཅིག་མངོན་ཡོང་བར་མཚར་སྣང་སྐྱེས་ཏེ། ཁོ་མོར་འདི་འདྲའི་སྔ་མོ་ཞིག་ལ་ཕྱི་རོལ་གྱི་ཐང་སྟོང་དུ་ཡོང་དོན་ཅི་ཡིན་ཞེས་དྲིས་པ་ན། བུད་མེད་དེ་དགོད་བཞིན་སྡོད་པ་ལས་སྐད་ཆ་མི་བཤད་པར་འདུག སླར་ཡང་ཁོ་མོ་མི་ཡིན་ནམ་འདྲེ་ཡིན་ཞེས་དྲིས་པ་ན། ཁོ་མོས་ཐལ་མོ་རྡེབ་ཙམ་བྱས་ཏེ་མི་སྣང་བར་གྱུར་སོང་། ཨ་ཇོ་ནི་སྐྲག་ཐག་ཆོད་དེ་སྒྱིད་པ་འདར་བར་གྱུར། ཁོ་ཚོས་ཅི་ནུས་སྒོས་རླངས་འཁོར་ལེན་ཐབས་བྱས་རྗེས་དུར་ཁྲོད་ཀྱི་ཕྱོགས་སུ་ཕྱི་མིག་ཙམ་ཡང་ལྟ་མི་ཕོད་པར་གྱུར། ཨ་ཇོས་ཅཱ་ཀོའུ་ལ། ཁྱོད་ནི་ཁྲིམས་དཔོན་ཡིན་པས་མི་ལ་སྲོག་ཆད་བཅད་ནོར་ཐེབས་པ་ཁོ་ཐག་རེད། ཉེས་མེད་ཀྱི་རྣམ་ཤེས་དག་ནི་འདི་ལྟར་དུར་ཁྲོད་དུ་འཁྱམས་ཉུལ་བྱེད་པ་རེད་ཅེས་བཤད། ཅཱ་ཀོའུ་ཡིས་རང་ཉིད་ཀྱིས་དངོས་སུ་སྲོག་ཆད་བཅད་པའི་ཉེས་ཅན་རེ་རེ་བཞིན་སློག་པ་ན། མཇུག་མཐར་དངོས་ནས་བྱད་གཟུགས་དུར་ཁྲོད་ནས་འཕྲད་པའི་བུད་མེད་དེ་དང་འདྲ་བའི་འདྲ་པར་ཞིག་རྙེད་བྱུང་། ཁོ་མོ་ནི་ལོ་བདུན་གྱི་སྔོན་དུ་སྲོག་ཐོག་ཏུ་བཏང་བ་ཞིག་རེད། ཡིག་ཚགས་ཀྱི་ནང་དུ་བཀོད་པ་ལྟར་ན། སྐྱེས་པ་གཞན་ལ་ལྐོག་འབྲེལ་བྱས་ཏེ་ཁྱོ་ག་དམར་གསོད་བྱས་ཞེས་བྲིས་འདུག ཅཱ་ཀོའུ་སེམས་ལ་ཉེས་དོན་འདི་ཐག་གཅོད་བྱས་པར་ཡང་དག་མིན་པའི་ཆ་འདུག་སྙམ་སྟེ་ལྐོག་ཏུ་ཉེས་དོན་རྙིང་བ་དེར་བསྐྱར་དུ་རྩར་གཅོད་བྱས། དེ་ནས་བཟུང་ཁོ་རང་གི་མིད་དུ་ཟས་མི་འགྲོ་ཞིང་གྱོན་གོས་གོན་པ་ཡང་ཡ་མ་ཟུང་དུ་གྱུར་ལ། རིམ་བཞིན་དུ་རྣམ་ཤེས་རྒྱུན་ལྡན་མིན་པར་ལྡབ་ལྡིབ་ཏུ་གྱུར་ཏེ་རྒྱུན་དུ་རྒད་མོ་བསྟན་ཏེ་ཨ་མ་ཞེས་འབོད་ཅིང་། ཅོང་རྡོག་བསྟན་ནས་ཀོ་ཤ་རེད་ཟེར། གཞིས་ནིང་དགུན་ཁར། ཁོ་རང་རྡོ་སོལ་སྐྱེལ་བའི་རླངས་འཁོར་ཞིག་ལ་གདོང་གཏུག་ཁེལ་ཏེ་བསད་སོང་། ཨ་ཇོས་བཤད་ན་ཅཱ་ཀོའུ་ལ་དུར་སྐྱེལ་བྱེད་པའི་བྱེད་སྒོའི་ཐོག་ནས་ཁོས་ཡང་བསྐྱར་དུར་ཁྲོད་ནས་འཕྲད་པའི་བུད་མེད་དེ་མཐོང་བྱུང་ལ། ཁོ་མོ་སྔར་བཞིན་དུ་དེ་འདྲའི་གཞོན་ཤ་དར་ཅིང་མགོ་ལ་ཞྭ་མོ་དཀར་བོ་གྱོན་པ་དང་། སྐེ་ལ་སྐེ་དཀྲིས་དཀར་བོ་དཀྲིས་འདུག་ཅིང་ཁ་ཅི་ཡང་མི་གྲགས་པར་འདུག ཨ་ཇོ་གན་དུ་སོང་ནས་ཁོ་མོར་སྐད་ཆ་འགའ་བཤད་པ་ན་ཁོ་མོ་དེ་མ་ཐག་ཏུ་ཅཱ་ཀོའུ་ཡི་པུར་མདུན་དུ་འཇའ་ལྟར་ཡལ་བར་གྱུར་སོང་ཟེར། ད་ལོའི་དཔྱིད་ཀར་མངགས་གཏོང་ཁང་གིས་འཕྲོག་བཅོམ་ཉེས་ཅན་ཞིག་འཛིན་བཟུང་བྱས་ཤིང་། ཁོས་ནི་ལོ་འགའི་སྔོན་དུ་འཕྲོག་བཅོམ་བྱེད་སྐབས་སྟབས་མ་ལེགས་པར་མི་ཞིག་བསད་སོང་ལ་མི་དེ་ཏག་ཏག་བུད་མེད་དེའི་ཁྱོ་ག་ཡིན་པ་ཁས་ལེན་བྱས་སོང་། བལྟས་ཡོང་ན་ཁོ་མོ་ནི་དངོས་ནས་བཙན་ཤེད་ཀྱིས་ངོས་ལེན་བྱེད་དུ་བཅུག་ནས་ཉེས་མེད་ཉེས་འགེལ་བྱས་ཏེ་བསད་པ་ཡིན་འདུག ཅཱ་ཀོའུ་ཡིས་གསོད་མི་འོས་པའི་མི་དེ་བསད་པ་རེད་ལ་ཁོ་མོས་ཀྱང་དེ་ལན་དུ་ཁོའི་སྲོག་སྐྱིན་བླངས་པ་ཡིན་འདུག ཁྱོད་ཚོས་ཤོད་དང་། རྗེས་ཕྱོགས་སུ་སུ་ཞིག་ཁྲིམས་དཔོན་ལ་སྡོད་ཕོད་དམ། ཟེར།
བུ་མོ་དེར་ཡང་གཏམ་རྒྱུད་བཤད་པའི་འཇོན་ཐང་བླ་ལྷག་ཏུ་ལྡན་འདུག་པར་མ་ཟད་འདྲེ་ཡི་གཏམ་རྒྱུད་དེས་ང་ལ་སྐྲག་སྣང་སྐྱེས་སུ་བཅུག་སོང་། ངས་ཁོ་མོར་ཁ་ལྕེ་བདེ་མོ་འདུག་ཅེས་བསྟོད་ར་བྱས་པ་ན་རྒན་མོ་ཧྲི་སན་གྱིས་གློ་ལུ་ཞིག་བྱས་ནས་ན་རེ། ཁོ་མོས་སློབ་ཆེན་དུ་རྒྱུགས་འཕྲོད་སོང་བས་ཁ་ལྕེ་རང་བཞིན་གྱིས་བདེ་བར་འགྱུར་ངེས་རེད་ཟེར། ངས་ཁོ་མོར། སློབ་ཆེན་དུ་རྒྱུགས་འཕྲོད་སོང་ཕྱིན་ཁྱོད་རང་སློབ་གྲྭར་མི་འགྲོ་དོན་ཅི་ཡིན་ཞེས་དྲིས་པ་ན། བུ་མོའི་གདོང་ལ་སྐྱོ་སྣང་ཡི་ཆད་ཀྱི་མདངས་ཤིག་མངོན་བཞིན་ཕར་འཁོར་ནས་བསྡད་བྱུང་། རྒན་མོ་ཧྲི་སན་ན་རེ། ཁྱིམ་ནང་ཧ་ཅང་དབུལ་བས་མ་ཡིན་ནམ། ཨ་མ་ནི་སྨན་གྱི་སྒྱེ་མོ་ཞིག་ཡིན། ཁོ་མོའི་ཨ་ཕ་ཡང་ལོ་མང་བོར་གཏེར་ཁུང་དུ་འཛུལ་ཏེ་ལུས་ཧྲིལ་བོ་ནད་ཀྱིས་ཟིན་འདུག ད་ལྟ་གྲུམ་ནད་བྱུང་སྟེ་ལམ་ལའང་འགྲོ་མི་ནུས་པར་མལ་སའི་ནང་དུ་ཡོད། ཁྱིམ་ཚང་གཅིག་ལ་ནད་པ་གཉིས་ཡོད་པས། ཁོ་མོ་སློབ་གྲྭར་འགྲོ་བའི་སྒོར་མོ་གང་ན་ཡོད་ཟེར།
འོ་ན་སྤྱི་ཚོགས་སྟེང་དུ་རོགས་སྐྱོར་བྱེད་མཁན་མི་འཚོལ་དོན་ཅི་ཡིན། ངས་དེ་ལྟར་དྲིས།
ཁོ་མོ་ལྟར་སློབ་ཆེན་འདོན་ཐུབ་ཀྱིན་མེད་པའི་བྱིས་པ་ཡང་གཅིག་ཁོ་ན་མ་རེད་པས། རོགས་སྐྱོར་བྱས་ནས་ནུས་པ་ཞིག་ག་ལ་ཡིན། རྒན་མོ་ཧྲི་སན་གྱིས་བཤད་རྒྱུར། བུ་མོ་འདིས་ཀྱང་ཁྲོམ་སྲང་དུ་ཡོང་སྟེ་ཞོར་ལས་ཆུང་ངུས་སྒོར་མོ་བཙལ་ཏེ་སློབ་ཆེན་འདོན་རྒྱུ་ཟེར་མོད། ངས་བལྟས་ན་ཁོ་མོས་ཕྱགས་མ་བཙོང་བ་ཙམ་གྱིས་སྐྲ་དཀར་བོ་དང་མིག་སྔོན་པོར་གྱུར་བའི་བར་དུ་ཡང་སློབ་ཆེན་འདོན་ཐུབ་རྒྱུ་མ་ རེད། དེ་ལས་ད་དུང་ཝུའུ་ཐང་གི་"གཤིན་པོར་གཉེན་སྒྲིག་"བྱེད་པའི་བུད་མེད་དག་ལ་སློབ་སྦྱོང་བྱས་ན་འོས་པ་རེད། ལོ་འགའ་མ་འགོར་བར་རྡིག་སྒྲ་ཞིག་དང་ལྷན་དུ་གཏེར་ཁུང་རྡིབ་ཅིང་སྐྱེས་པ་བསད་ཚེ། སྒོར་མོ་ཡང་བཞུར་ཆུ་བཞིན་དུ་བརྡོལ་ནས་ཐོན་ཡོང་བ་རེད། འདྲེ་ནི་ཅི་ཞིག་ཡིན་པ་བཤད་དགོས་ན་དེ་ནི་འདྲེ་ངོ་མ་རེད། རྒན་མོ་ཧྲི་སན་གྱིས་ཁྲོ་ཚུལ་དང་བཅས་སྲིན་འབུ་ཚར་གཅོད་ཅིག་བླངས་ནས་དམིགས་ཡུལ་མེད་པར་སྦུད་ཙམ་བྱས་སོང་བར་བལྟས་ན། ང་རང་ཡང་མི་ཁྲག་འཇིབ་པའི་སྲིན་འབུ་ཞིག་ཨེ་ཡིན་ལ་དོགས་པ་ལྟར་སྣང་།
བུ་མོའི་མིག་མཐའ་མཆི་མས་བསྒྲིབས་བཞིན་དུ། ངས་ནི་"གཤིན་པོར་གཉེན་སྒྲིག་"བྱེད་མི་སྲིད་ཟེར།
རྒན་མོ་ཧྲི་སན་གྱིས་སྣབས་ཆུ་འབྱིད་ཙམ་བྱས་རྗེས། གློ་རྡེག་ལ་ཐག་མི་རིང་བའི་ས་ན་ཚུར་ཡོང་བཞིན་པའི་སྐྲ་སེར་བོར་བསྒྱུར་ཅིང་སྟོད་གོས་ཁྲ་ཁྲ་གོན་པའི་བུད་མེད་དེ་བསྟན་ནས་བཤད་རྒྱུར། ཁོ་མོ་ནི་ཝུའུ་ཐང་དུ"གཤིན་པོར་གཉེན་སྒྲིག"བྱེད་དུ་ཡོང་བ་རེད། འོན་ཀྱང་ཁོ་མོ་གཉེན་སྒྲིག་ནས་ལོ་གསུམ་འགོར་ཡང་ཁྱོ་ག་ད་དུང་འཚམས་པོར་གསོན་ཡོད་པ་རེད། གཞན་གྱིས་བཤད་པ་ལྟར་ན་ཁོ་མོས་ཉིན་དཀར་ཕྱི་རོལ་ནས་མཱ་ཅང་རྩེ་ནས་སྡོད་ཅིང་། དགོང་མོ་ཁྱིམ་དུ་ལོག་དུས་ཁྱོ་ག་གཏེར་ཁུང་ནས་བདེ་བླག་ངང་ཕྱིར་ཐོན་ཡོད་པ་མཐོང་ཚེ་ཤུགས་རིང་འབྱིན་བཞིན་དུ། ཁོ་རང་ལ་ཟ་མ་ཡང་མི་ལྡུད་པར་འདུག་ཟེར།
ངས་ཅི་ཡིན་འདི་ཡིན་མ་ངེས་པར། དེ་ལྟར་བྱེད་དོན་ཅི་རེད་ཅེས་དྲིས།
རྒན་མོ་ཧྲི་སན་གྱིས་མཐོང་ཆུང་སྒོས་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་པའི་བུད་མེད་དེར་ལྟ་བཞིན་དུ་བཤད་རྒྱུར། ཁྱོད་ནི་ས་ཆ་གཞན་གྱི་མི་ཡིན་པས"གཤིན་པོར་གཉེན་སྒྲིག"བྱེད་པ་ཅི་འདྲ་ཞིག་ཡིན་པ་ག་ལ་རྟོགས། ཝུའུ་ཐང་ན་གཏེར་ཁུང་མང་བས་དོན་རྐྱེན་བྱུང་བ་ཡང་དེ་བཞིན་དུ་མང་བ་རེད། ཉེ་བའི་ལོ་འགའི་ནང་དུ་གཏེར་ཁུང་དུ་ཤི་བའི་བཟོ་བ་དག་གི་བཟའ་ཟླར་གསབ་དངུལ་ཕོན་ཆེན་སྟེར་གྱིན་ཡོད་པས། འབྱོར་བ་ཞན་པའི་ས་ཁུལ་གྱི་བུད་མེད་དག་གིས་འདི་ནི་ཕྱུག་པོར་འགྱུར་བའི་ལམ་བཟང་བོ་ཞིག་རེད་སྙམ་སྟེ་ཝུའུ་ཐང་དུ་བྲོས་ཡོང་སྟེ་གཏེར་ཁུང་གི་བཟོ་བ་དག་དང་གཉེན་སྒྲིག་བྱས་ ཤིང་རང་རང་གི་ཁྱོ་ག་ལ་ཉེན་དོན་འགན་ལེན་བྱང་བུ་འགའ་རེ་ཉོ་བར་བྱེད། ཁོ་མོ་ཚོའི་དམིགས་ཡུལ་ནི་བྱིས་པ་བཙས་ནས་ཁྱིམ་སྐྱོང་རྒྱུ་དེ་མ་ཡིན་པར་ཁྱོ་ག་ནམ་འཆི་ཁོ་ནར་སྒུག་གིན་པ་དེ་རེད། ང་ཚོས་ལྐོག་ནས་བུད་མེད་འདི་རིགས་ལ"གཤིན་པོར་གཉེན་སྒྲིག"མཁན་ཞེས་འབོད་པ་ཡིན། གཞེས་ནིང་ལོར་གཏེར་ཁུང་ནས་དོན་རྐྱེན་བྱུང་བའི་ཚེ་ཡང་། ཁྱོད་ཀྱིས་ལྟོས་དང་ཤེས་ངེས། ལྷད་མེད་རྣམ་དག་ངང་ཁྱོ་ག་དང་ལྷན་དུ་འཚོ་བ་རོལ་འདོད་མཁན་གྱི་བུད་མེད་དག་ནི་ངུས་ནས་བརྒྱལ་ལ་ཁད་བྱེད་མོད། ཡུལ་གཞན་ནས་ཡོང་བའི"གཤིན་པོར་གཉེན་སྒྲིག"མཁན་དག་ནི་ཅི་འདྲ་རེད། ཁོ་མོ་ཚོ་མིད་ཐག་ནང་ནས་ངུ་བཞིན་ཡོད་ཀྱང་མིག་མཐའ་རུ་མིག་ཆུ་མཐོང་རྒྱུ་མི་འདུག བུད་མེད་དེ་རིགས་ནི་འདྲེ་ངོ་མ་རེད་ཨང་ཟེར།
རྒན་མོ་ཧྲི་སན་གྱི་ངན་སྨྲས་ཐེབས་པའི་བུད་མེད་དེ་ཚོང་སྟེགས་ཀྱི་འཁྲིས་སུ་ཡོང་སྟེ་སྦྲང་ནག་ཚར་གཅོད་གཅིག་བླངས་ཏེ་རིན་གོང་དུ་ཡིན་ཞེས་དྲིས་བྱུང་། རྒན་མོ་ཧྲི་སན་གྱིས་སྒོར་དགུ་ཡིན་ཟེར། བུད་མེད་དེས་ཧ་ལས་པའི་ངང་སྒོར་དྲུག་ཡིན་པ་མིན་ནམ་ཟེར། རྒན་མོ་ཧྲི་སན་གྱིས་མཁུར་ངོས་ཀྱི་ ལན་བུ་ལྟག་པར་བྱུགས་ཙམ་གྱིས་ཁྱོད་ལ་བཙོང་ན་སྒོར་དགུ་ཡིན། ཉོ་མིན་རང་ཉིད་ཀྱིས་ལྟོས་ཟེར། བུད་མེད་དེས་ཀྱང་དམ་བི་ཕྱིར་བཞག་ཅིང་རྒན་མོ་ཧྲི་སན་ལ་མིག་ལོག་ཅིག་བགྲད་ནས། སྦྲང་ནག་ཚར་གཅོད་ཀྱང་ཁྱོད་ཚང་ཁོ་ནར་མ་གཏོགས་མེད་པ་མ་རེད། ཅེས་བཤད་རྗེས་ཚོང་སྟེགས་དང་གྱེས་ནས་ཕར་བུད་སོང་། ངས་ཁོ་མོའི་རྒྱབ་གཟུགས་ལ་བལྟས་པ་ན། ཁོ་མོའི་ཕྲ་ཞིང་ལྕུག་པའི་སྐེད་སྐབས་དང་རྗེན་པར་མངོན་པའི་ཆགས་སློང་གི་དཔུང་བ་བཅས་ལ་ལྟ་བཞིན་དུ་ཧ་ཅང་གྲངཤུར་བའི་ཚོར་སྣང་ཞིག་སྐྱེས་བྱུང་།
དུས་ཚོད་དགུ་བ་ཕར་ཡོལ་རྗེས་རྒན་མོ་ཧྲི་སན་གྱི་ཚོང་ཧ་ཅང་བཟང་བའི་སྐབས་རེད། བལྟས་ཡོང་ན་ཝུའུ་ཐང་གི་དབྱར་དུས་སུ་སྦྲང་སྲིན་རིགས་ཧ་ཅང་མང་བར་སྣང་། འབུ་སྲིན་དུག་རྫས་ཉོ་མཁན་གྱི་བརྒྱ་ཆའི་དགུ་བཅུ་ནི་བུད་མེད་ཡིན་འདུག རྒན་མོ་ཧྲི་སན་གྱིས་གང་ལ་གང་མཁོ་འཚོང་བཞིན་དུ་ཡང་ང་ལ་གཏམ་རྒྱུད་བཤད་རྒྱུ་བརྗེད་ཀྱིན་མི་འདུག ཁོ་མོས་བཤད་པ་ནི་བུད་མེད་ཤི་རྗེས་སུ་ཝ་འདྲེ་རུ་གྱུར་བ་དང་རྔོན་པའི་སེམས་བཀུགས་ནས་སྲོག་བཅད་ཚུལ་དང་། བུད་མེད་ཅིག་མེ་ཏོག་གི་སྡོང་བོའི་འོག་ཏུ་གཉིད་ནས་དོན་མེད་ངང་མངལ་ཆགས་པར་གྱུར་ཅིང་། བྱིས་པ་དེ་སྐྱེས་རྗེས་སུ་འཇིག་རྟེན་དཀྲུགས་པའི་བདུད་རྒྱལ་དུ་གྱུར་ནས་ངན་དགུ་མི་ལས་པ་མེད་ཚུལ་སོགས་བཤད་ཀྱིན་འདུག ཡིན་ན་ཡང་ང་རང་ནི་ངག་རྒྱུན་ཁྲོད་ཀྱི་གདོན་འདྲེའི་གཏམ་རྒྱུད་ལ་སྤྲོ་བ་མེད་པར་གྱུར་ཟིན། ཁྲོམ་སྲང་དུ་མི་གཟུགས་ཀྱི་འདུ་འགོད་ལང་ལོང་བྱེད་པས་དེའི་ནང་དུ་འགའ་ཤས་ཤིག་དངོས་གནས་འདྲེ་གཟུགས་ཡིན་པ་སུ་ཞིག་གིས་རྟོགས་ཐུབ་བམ། བག་ལེབ་དང་འབྲེང་རྒྱུ་སྣུམ་བཙོས་བྱེད་པའི་ཞིམ་མངར་གྱི་དྲི་ངད་དང་སྲན་ཕྱུར་སྐམ་རྙིད་སྣུམ་བཙོས་བྱས་པའི་དྲི་མ་ལྷན་ཅིག་ཏུ་འདྲེས་འདུག་ཅིང་། སྔོ་ཚོད་ཤིང་ཏོག་འཚོང་མཁན་དང་ཕྱེ་སྣུམ་ཞོར་ཟས་ཀྱི་རིགས་འཚོང་མཁན་དག་གིས་སྔ་གཞུག་བརྩད་ནས་འབོད་པ་གཏོང་བའི་སྐད་ཅོར་རྒྱག་གིན་འདུག ས་ངོས་སུ་རིམ་བཞིན་དུ་ཉི་དགའ་འབྲས་བུའི་ཤུན་པ་དང་ཤོག་བུའི་ཕྱི་ཤུན། ཐ་མག་གི་དུད་སྣེ། ཚོད་མའི་ལོ་མ་རྙིད་པོ་སོགས་སྙིགས་རོས་ཁེངས་འདུག་པར་མ་ཟད་། ད་དུང་མི་རྣམས་ཀྱིས་གང་བྱུང་ངང་འཕངས་པའི་ལུད་རོའང་འདུག
སྲུ་མོ་ཅཱང་པེ་ཡང་ཁྲོམ་སྲང་ནས་མངོན་བྱུང་། རྒན་མོ་ཧྲི་སན་གྱིས་བཤད་པ་ལྟར་ན། ཁོ་མོའི་ཁྱོ་ག་ཅཱང་པེ་གར་སོང་མ་ཤེས་པ་ནས་བཟུང་ཁོ་མོ་ཡང་ཁྲོམ་སྲང་དུ་ཡོང་ནས་གྲོ་ཕྱེ་སྣུམ་བརྔོས་མ་འཚོང་གིན་ཡོད་ཅིང་། ཁོ་མོ་ནི་ཁྲོམ་སྲང་དུ་ཡོང་བ་ཆེས་འཕྱི་བའི་ཚོང་བ་ཡིན། དེའི་རྒྱུ་མཚན་ཡང་ཁོ་མོས་མཚན་མོ་ཆང་འཐུང་བའི་རྗེས་སུ་སྐྱེས་པ་དག་ཁྲིད་ནས་ཡུལ་དུ་སོང་ནས་འདོད་རྩེད་ལ་རོལ་བས་ནངས་མོ་མལ་ལས་ལངས་འཕྱི་བ་རེད་ཟེར། ཁོ་མོས་ད་དུང་སྐྱེས་པ་དག་སྲུ་མོ་ཅཱང་པེ་ཡི་ཚོང་སྟེགས་ཀྱི་འཁྲིས་སུ་འདུ་བར་དགའ་བས་ཁོ་མོའི་གྲོ་ཕྱེ་སྣུམ་བརྔོས་མའི་ཚོང་ཡང་ཧ་ཅང་བཟང་འདུག་ཟེར། སྲུ་མོ་ཅཱང་པེ་ཡིས་སྔར་བཞིན་ལུས་ལ་གོས་ནག་གྱོན་ཞིང་ལན་བུ་དཀྲིས་མདུད་བྱས་ཏེ་ཁ་ནང་དུ་ཅི་ཞིག་མུར་གྱིན་འདུག་པ་དང་། དཔུང་བའི་ཐོག་ཏུ་ཤིང་ཟོ་ཞིག་ཁུར་ཡོད་པའི་ནང་དུ་གྲོ་ཕྱེ་སྣུམ་བརྔོས་བླུགས་འདུག ཁོ་མོས་མི་ལ་ལྟ་བའི་དུས་ཀྱི་མིག་ཟུང་ནི་རབ་རིབ་དང་སྒྱིད་ལུག་ཏུ་སྣང་ལ། གོམ་འགྲོས་ཀྱང་ཅུང་འཁྱོར་གྱིན་འདུག་པས་བཟོ་ལྟར་བལྟས་ན་བཟི་ད་དུང་དྭངས་མེད་པ་དང་འདྲ། ཁོ་མོ་ཁྲོམ་སྲང་ནས་སོང་བའི་ཚེ་གྲང་ཤུར་བའི་རླུང་བུ་ཞིག་མཚོ་ངོས་སུ་ལྡང་སྟེ་རླབས་ཟེགས་འཁྱག་པོ་གཏོར་བ་དང་མཚུངས་བས། མི་རྣམས་ཀྱིས་ཟློས་གར་ཁྲོད་ཀྱི་མི་སྣར་ལྟ་བ་བཞིན་མིག་རིག་རིག་གིས་ཁོ་མོར་ལྟ་བར་བྱེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།