རྣམ་གླིང་རིན་ཆེན་གྱི་ཚིགས་བཅད་སྙན་ངག《སྙིང་གི་ན་ཟུག》།
ཁྱིམ་གྱི་བདག་པོ་རེད་ཟེར།།
ཟླ་གསུམ་མ་ལོན་གོང་ནས།།
སྒོ་ཁྱི་བཞིན་དུ་སྤྱུགས་སོང་།།
དང་པོ་བརྩེ་བས་བསྡམས་པས།།
ཁྱེད་རང་བསམ་བཞིན་ཡོང་ཡོད།།
གཉིས་པ་གཡོ་སྒྱུའི་ཝ་མོས།།
བྲན་གཡོག་བཞིན་དུ་བཀོལ་བྱུང་།།
བུ་ཆུང་ཚེ་རིང་བསམ་གྲུབ།།
ཨ་མའི་སྙིང་གི་ནོར་བུ།།
ཆུང་དུས་ཕ་མ་བཞག་ནས།།
རི་དྭགས་རྗེས་ལ་བསྙེགས་སོང་།།
དགའ་དུས་ཕ་མ་མ་དྲན།།
འདོད་ཆགས་རྙི་ལ་ཚུད་སོང་།།
ཡིད་ལ་མདའ་མོ་འཕོགས་དུས།།
ཨ་མ་ཟེར་བཞིན་ངུས་བྱུང་།།
དྲིན་ཆེན་ཡབ་ཡུམ་གཉིས་པོས།།
བུ་ཡི་མིང་ནས་འབོད་བཞིན།།
ཚེ་གཅིག་ལུས་གཅིག་ལང་ཚོ།།
རེ་སྒུག་ངང་ནས་ཟད་སོང་།།
བུ་ཆུང་ཨ་མ་དྲན་ནས།།
ཡུལ་ལ་ཁ་ལོ་བསྒྱུར་ཡང་།།
ཕ་མ་མཇལ་བའི་བསྐལ་བ།།
མཚོ་ནང་ཟླ་བ་འདོན་འདྲ།།
སྣ་ཁུང་རྡོ་ལ་བརྡབས་དུས།།
ད་གཟོད་ཨ་མ་དྲན་སོང་།།
ཨ་མའི་མིང་ནས་འབོད་བཞིན།།
འགྱོད་གདུང་སྨྲེ་ངག་འདོན་གིས།།
ཨོ་ལོ་ཚེ་རིང་བསམ་གྲུབ།
སྡུག་གི་དམྱལ་བར་བརྫངས་སོང་།།
གླང་ཆེན་སྨྱོན་པ་བཞིན་གྱིས།།
སྦི་རག་འཐུང་བར་བྲེལ་སོང་།།
ཐ་མག་ཨ་རག་བདུད་རྩིས།།
ཨོ་ལོར་སྙིང་གཏམ་བཤད་སོང་།།
བུ་ཆུང་ཡིད་ཀྱི་རྟ་ཕོ།།
ཆང་ཁང་ཕྱོགས་ལ་ཤོར་སོང་།།
ཨར་ཁང་མགོ་ལ་གྱོན་ནས།།
ཤོ་སྦག་རྒྱན་ལ་ཆགས་སོང་།།
ཀུན་དགའ་དོན་གྲུབ་སྟོང་དུས།།
མིག་ཆུས་སེམས་པ་བརླན་སོང་།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com