རྣམ་གླིང་རིན་ཆེན་གྱི་ཚིགས་བཅད་སྙན་ངག《སྙིང་གི་ན་ཟུག》།
བུ་ཆུང་ཚེ་རིང་བསམ་གྲུབ།།
ཁོག་ལ་མེ་ལྕེ་འབར་ཡང་།།
ཁ་ནས་མི་ཐོན་དུ་བ་།།
གཏམ་དང་མྱི་ཁའི་ཁྲོད་ཀྱི།།
ཨ་མའི་སྣང་བྱེད་སྒྲོན་མེ།།
གཞན་གྱི་ཁྲེལ་དགོད་འོག་ནས།།
འཚོ་བའི་སྤོབས་པས་དབེན་སོང་།།
སྙིང་རྗེའི་དབུས་ཀྱི་བུ་ཆུང་།།
འགྱོད་པས་མནར་བའི་བུ་ཆུང་།།
མནོག་ཆུང་བྱ་བས་མ་གཟིར།།
ལང་ཚོའི་བརྟུལ་ཞུགས་ངོམས་དང་།།
བསླུ་མེད་དཀོན་མཆོག་གསུམ་པོ།།
བུ་ཡི་ལས་ལ་གཟིགས་དང་།།
ཁྲ་ཆིལ་འཇིག་རྟེན་འདི་ནས།།
བུ་ལ་སྟོབས་ཤུགས་བསྩལ་རོགས།།
ཐུགས་རྗེའི་རྣམ་དཔྱོད་སྤྱན་གྱིས།།
བུ་ལ་འོད་ཟེར་སྦྱིན་དང་།།
དུང་སེམས་ཅན་གྱི་མི་ལ།།
གོད་ཆག་བར་ཆད་ལྡོགས་ཤིག།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com