ཀུ་ལ་ཡག་གི་བྱིས་པའི་རིས་སྒྲུང་རི་མོ་བདམས་བཀོད།
རྩོམ་པ་པོ།:ཀུ་ལ་ཡག
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-05-16 14:37:02
ཀློག་གྲངས།:
དང་པོར་རི་མོར་འཇུག་དུས་དགེ་རྒན་ལགས་ཀྱིས་བྱིས་པའི་རིས་སྒྲུང་བྲིས་ན་བཟང་བར་གདམས་ནས་འབྲི་ལུགས་སློབ་སྟོན་གནང་བ་དང་། ལོ་མང་རིང་རི་མོ་བྲིས་པ་བརྒྱུད་རང་ཉིད་ལའང་རི་མོའི་ནུས་པ་མགྱོགས་པོར་ཐོན་སྟངས་ཤིག་ནི་བྱིས་པའི་རིས་སྒྲུང་བྲི་རྒྱུ་དེ་རེད་སྙམ་པའི་བསམ་ཚུལ་བྱུང་བས། བྱིས་པའི་རིས་སྒྲུང་བྲི་བར་སྤྲོ་བ་ཆེས་ཆེར་བརྟས་ཤིང་དེ་ལ་གཞོལ་བའི་ཞེ་བཅད་ཀྱང་དྲག་ཏུ་ཕྱིན། རྩོམ་པ་པོའི་གཏམ།

རི་མོ་བ་ཀུ་ལ་ཡག་ངོ་སྤྲོད།

ཀུ་ལ་ཡག 1996ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་ཁ་གྱ་སྡེ་བར་སྐྱེས། 2011ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རི་མོ་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན། 2013ལོ་ནས་ཁ་ན་ཏའི་རི་མོ་བ་བསྟན་འཛིན་སྒྲོལ་མའི་དྲུང་དུ་བགྲང་བྱ་ལྔར་ནུབ་ལུགས་དངོས་བྲིས་རི་མོ་སྦྱངས། 2019ལོར་བོད་ལྗོངས་ལྷ་སའི་ལྷ་རིས་དགེ་རྒན་ཆེན་མོ་ཀ་ཤོད་བསྟན་དགའ་ལགས་ཀྱི་དྲུང་དུ་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་ལུགས་བསླབས། 2020ལོར་ཟི་ལིང་གྲོང་ཁྱེར་མཚོ་བོད་མི་རིགས་ཚོང་རར་གཟུགས་འདས་སྒྱུ་རྩལ་ལས་ཤག་བཙུགས། 2021ལོར་ཨ་རིའི་ཧྥོ་ཅི་ཉི་ཡ་སློབ་ཆེན་གྱི་རྒྱལ་སྤྱིའི་ལས་སྒོ་གསར་སྤེལ་ལས་གཞིར་ཞུགས། 2021ལོའི་ཟླ10པར་བོད་ལྗོངས་ལྷ་སར་ནུབ་ལུགས་དངོས་བྲིས་རི་མོའི་འགྲེམས་སྟོན་སྤེལ། 2016ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་ཞིན་ཧེ་རྫོང་གི་སྔོན་འགྲོའི་སློབ་གསོའི་ཆེད་སྦྱོང་སློབ་དེབ་ཕྲེང«སྲོལ་རྒྱུན»ཞེས་པར་ཁོ་མོའི་བརྩམས་ཆོས་མང་ཙམ་བཀོད་པ་དང་། 2017ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཁོ་མོའི་བྱིས་པའི་རིས་སྒྲུང«ཆུ་ཕྲན་ཆུང་ཆུང»པར་སྐྲུན་འགྲེམ་སྤེལ་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།