བྲག་མགོ་དགོན་པའི་རི་ཁྲོད་འགའི་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-04-18 10:16:00
ཀློག་གྲངས།:
སེའུ་རྒྱས་བཟང་ལུང་དཔལ་གྱི་རི་ཁྲོད་ནི། སྔོན་དུས་སུ་རི་པ་བྱང་ཆུབ་འོད་ཟེར་སོགས་སྐྱབས་བཞི་སྡེ་ལྔར་གྲགས་པའི་ཚེ་བློས་བཏང་གི་བྱ་བྲལ་བ། ཚེ་དང་སྒྲུབ་པ་མཉམ་ནས་བཞུགས་པ་མང་པོའི་བཞུགས་པའི་གནས་ཡིན་ཞིང་། དེ་བཞིན་ལམ་གྲགས་རྡོ་རྗེ་འཆང་བསྐལ་བཟང་རྣམ་རྒྱལ་གནས་འདིར་ལོ་བདུན་བཞུགས་ནས་སྒྲུབ་པ་མཛད་པས་རྟོགས་པའི་ཀློང་རྡོལ་བའི་གནས་དང་། གཞན་ཡང་ཁང་སར་སྐྱབས་མགོན་རྡོོ་རྗེ་འཆང་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཡང་གནས་དེར་ལན་གྲངས་དུ་ཕེབས་ནས་སྒྲུབ་པ་ཡུན་མི་ཐུང་བ་མཛད། ཀེའུ་ཚང་བླ་མ་རིན་པོ་ཆེ་བསྟན་འཛིན་ཡར་རྒྱས་མཆོག་ཀྱང་ལན་གྲངས་དུ་མར་ཕེབས་ཏེ་སྒྲུབ་ཕུག་ཏུ་ལམ་གྲགས་རྡོ་རྗེ་འཆང་གི་སྐུ་བརྙན་གསར་བཞེངས་དང་། དེ་གའི་སྤོང་བ་པ་རྣམས་ལ་ལམ་རིམ་བློ་སྦྱོང་གི་ཁྲིད་དང་དབང་བསྐུར་མང་དུ་གནང་བའི་གནས་ཀྱང་ཡིན།
ནོར་བུ་ཁུག་ཟུང་འཇུག་དགའ་བའི་རི་ཁྲོད་ནི། སྟོང་སྐོར་བླ་མ་འཇམ་དཔལ་རྒྱ་མཚོ་དང་། ཨ་མདོ་བླ་མ་དོན་གྲུབ་མིའི་སེང་གེ་གཉིས་ཀྱི་གདན་ས་ཁྱད་པར་ཅན་ཡིན།
སེང་ལྡེང་རི་ཁྲོད་ནི། སྔོན་དུས་སུ་སྤང་ནང་ལུ་སྐྱབས་ཞུ་བའི་ཚེ་བློས་བཏང་གི་རི་ཁྲོད་པ་འཚོ་བ་བཅུད་ལེན་ལ་བརྟེན་ནས་བཞུགས་པ་དེས་སྒྲུབ་གནས་མཛད། དེའི་རྗེས་སུ་ཨ་བླ་དགེ་བཤེས་ཡེ་ཤེས་བརྩོན་འགྲུས་ཞུ་བ་མཁན་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བ་ཁོང་གིས་བཞུགས་གནས་མཛད། དེའི་རྗེས་སུ་མཁར་སར་བླ་མ་བསོད་ནམས་བཀྲ་ཤིས་ཞུ་བ་ཁོང་གིས་བཞུགས་གནས་མཛད། དེས་ཀེའུ་ཚང་བླ་མ་བསྟན་འཛིན་ཡར་རྒྱས་མཆོག་ལ་ཕུལ་བས་དེ་ནས་བཟུང་བླ་མ་ཀེའུ་ཚང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་རི་ཁྲོད་དུ་ཆགས།
རྫི་ར་ཁའམ་བཟང་ར་རི་ཁྲོད་ནི། མཁས་པ་དང་གྲུབ་པའི་སྐྱེས་མཆོག་དགེ་བཤེས་མགོན་པོ་རིན་ཆེན་གྱིས་སྒྲུབ་པ་མཛད་པའི་བཞུགས་གནས་ཡིན། ཁོང་གི་བླ་མ་བློ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་མཆོག་གི་ཡང་སྲིད་རིན་པོ་ཆེ་ཡང་གནས་དེ་ན་ཁོང་གིས་བདག་སྐྱོང་མཛད། དེ་བཞིན་དུ་གྲུབ་པའི་སྐྱེས་མཆོག་མི་ལ་གཉིས་པ་ཞེས་གྲགས་པ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་དང་། དགེ་བཤེས་བསོད་ནམས་མགོན་པོ་སོགས་ཀྱང་གྲྭ་སར་མ་ཕེབས་གོང་གནས་དེ་ན་དགེ་བཤེས་མགོན་པོ་རིན་ཆེན་ཞབས་ལ་གཏུགས་ཏེ་འགྲེལ་ཆུང་དོན་གསལ་དང་ལེགས་བཤད་སྙིང་པོ་སོགས་ཐུགས་ལ་འཛིན་ཞོར་དུ་བསྡུས་རྟགས་སོགས་ལ་སྦྱོང་པ་མཛད། དེ་རྗེས་དགེ་བཤེས་མགོན་པོ་རིན་ཆེན་གྱི་ཡང་སྲིད་མཚན་བརྗོད་པར་དཀའ་བ་བདག་གི་མཁན་རིན་པོ་ཆེ་དོན་གྱི་སླད་དུ་སྨྲོས་ན་བཟང་ར་བྱམས་པ་རིན་པོ་ཆེ་ཐུབ་བསྟན་རིན་ཆེན་དཔལ་བཟང་པོ་མཆོག་ཀྱང་སྐུ་ན་ཆུང་དུས་གནས་དེ་ན་སློབ་གཉེར་གནང་། དེས་ན་ད་ལྟའང་རི་ཁྲོད་གྱི་མིང་བླ་མའི་མཚན་ཟུར་དུ་ཆགས་ནས་ཡོད། དགེ་མིང་པ་དཀོན་མཆོག་ཏུ་འབོད་པས་སྦྱར་བའོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།