བོད་ལྗོངས་གྲོ་མོའི་དུང་དཀར་དགོན་གྱི་ཉམས་གསོ་ཕལ་ཆེར་ལེགས་འགྲུབ་བྱུང་བ།
བོད་ལྗོངས་གྲོ་མོའི་དུང་དཀར་དགོན།(ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།)
སྤྱི་ཟླ6པའི་ཚེས23ཉིན། དགེ་འདུན་པ་གཉིས་ཀྱིས་ཉམས་གསོ་བྱས་རྗེས་ཀྱི་དུང་དཀར་དགོན་པའི་ནང་བསྐྱོད་པ།
དུང་དཀར་དགོན་པ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་སྐབས་སུ་ཕྱག་བཏབ་པ་དང་ད་ལྟའི་བར་ལོ་ངོ500ལྷག་གི་ལོ་རྒྱུས་ལྡན་ཡོད་ཅིང་བོད་ལྗོངས་གཞིས་རྩེ་གྲོ་མོ་རྫོང་གྲོ་མོ་ཤང་དུ་གནས་ཡོད་པས། གྲོ་མོ་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དགོན་པ་ཞིག་རེད།
2011ལོའི་ཟླ9བར། དུང་དཀར་དགོན་པར་ས་ཡོམ་གྱི་གནོད་འཚེའི་ཤུགས་རྐྱེན་འོག་གྲྭ་ཤག་དང་གཞུང་ལས་ཁང་སོགས་རྩ་བའི་ཆ་ནས་རྡིབ་པ་དང་དགོན་པའི་འདུ་ཁང་ལ་གཏོར་སྐྱོན་ཤུགས་ཆེན་ཕོག་ཡོད། 2014ལོའི་ཟླ6པར། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི790བཏང་ནས་དགོན་པར་ཉམས་གསོ་བྱས་པ་དང་། མིག་སྔར་ཉམས་གསོའི་ལས་གྲྭ་གཞི་རྩ་ཆ་ནས་ལེགས་གྲུབ་བྱུང་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com