སོག་ཡུལ་གྱི་བོན་དགོན་གཡུང་དྲུང་རིན་ཆེན་གླིང་ངོ་སྤྲོད་མདོར་བསྡུས།
སོག་གཡུང་དྲུང་རིན་ཆེན་གླིང་གི་འཆར་འགོད་རི་མོ།
སོག་གཡུང་དྲུང་རིན་ཆེན་གླིང་ནི་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏར(Ulaanbaatar Mongolia)ནས་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་ལ་ཡོད་པའི་སོག་པོའི་མངའ་སྡེTuw Aimag, Mongoliaཞེས་པའི་གྲོང་ཁྱེར་དེའི་ཉེ་འགྲམ་དུ་ཕྱག་བཏབ་གནང་ཡོད།
བོན་གྱི་དགོན་པ་དེ་ནི2011ལོར་སྨན་རིའི་གླིང་གི་སློབ་གཉེར་པ་གྲྭ་སོག་པོ་བཟོད་པ་རྒྱ་མཚོ་ལགས་ནས་སོག་པོའི་གཞུང་ལ་ཁྲིམས་མཐུན་གྱི་ཡིག་ཆ་ཞུས་སྒྲིག་གིས་ཆོག་མཆན་ཐོབ་ནས། ད་ལྟའི་དགོན་གནས་འདི་གསར་དུ་ཉོ་བསྒྲུབས་མཛད་པ་ཞིག་རེད། 2012ལོར་དགོན་གནས་དེར་ཕྱིའི་ལྕགས་རིའི་ཚུལ་དུ་ཨར་རྡོ་བརྩིགས་སྒྲིག་གིས་ར་བ་ཡོངས་སུ་བསྐོར་ནས་གྲུབ་ཡོད། 2013ལོ་ནས་འཆར་གཞིའི་རི་མོ་སོགས་ལེགས་སྒྲིག་ཟིན་ནས་ད་ལྟ་གཙུག་ལག་ཁང་སོགས་བཞེངས་དབུ་འཛུགས་འཆར་ཡོད་པའི་སོག་ཡུལ་གྱི་བོན་དགོན་ཐོག་མ་དེ་རེད།
དམིགས་སུ་ཞུ་དོན་ནི། སྨན་རིའི་སློབ་གཉེར་པ་བཟོད་པ་རྒྱ་མཚོ་ལགས་ནས་སོག་ཡུལ་དུ་གསར་བཞེངས་མཛད་བཞིན་པའི་ལས་དོན་འདི་ལ་རང་རེའི་བསྟན་པ་འདི་ལ་རྒྱ་དང་ཤ་ཞེན་ཟབ་པའི་རྒྱལ་ཁབ་ཕྱི་ནང་ས་ཕྱོགས་གང་ན་སུ་བཞུགས་ཀྱི་བོན་པོའི་བླ་སྤྲུལ་དགེ་བཤེས་རྣམས་དང་། དད་ལྡན་གཏོང་ཕོད་ཅན་རྣམས་ཀྱིས་ཐུགས་སེམས་ཆེར་བཞེས་ཀྱིས་རོགས་འདེགས་གང་ཡོང་གནང་རྒྱུར་ཡང་གལ་གནད་ཅིག་ཏུ་དམིགས་ཞེས་ཞར་དུ་ཞུ་འོས་སུ་སེམས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com