བོད་བརྒྱུད་ནང་བསྟན་རྙིང་མ་བའི་དགོན་པ་བླ་མ་གླིང་དགོན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-31 09:30:00 ཀློག་གྲངས།:

བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་བླ་མ་གླིང་དགོན།

        བླ་མ་གླིང་དགོན་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བུ་ཆུ་ཡུལ་ཚོ་རྒྱན་ཆད་སྡེ་བའི་ཞིང་ལམ306འགྲམ་དུ་ཆགས། དགོན་པ་འདིའི་མིང་གཞན་ལ་ཟངས་མདོག་དཔལ་རི་དགོན་ཡང་ཟེར། ཟངས་མདོག་དཔལ་རི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞིང་བཀོད་ཡིན་ལ། ཚོགས་ཆེན་དུ་གཙོ་སྐུ་པདྨ་འབྱུང་གནས་བཞུགས་སུ་གསོལ་ཞིང་། ཚོགས་ཆེན་གྱི་མཐོ་ཚད་ལ་སྨི20ལྷག་དང་། ནང་གི་ཚངས་ཐིག་ལ་སྨི10ལྷག་ཡོད་ལ། རྩེ་མོར་གསེར་གྱིས་བྱུག་ཅིང་མཆོད་རྟེན་གྱི་དབྱིབས་སུ་གྲུབ། གྱང་ངོས་ཕྱོགས་བཞི་ལ་སྔོ་དམར་དཀར་སྔོན་བཅས་མདོག་བཞིས་བྱུག་པ་དང་། དགོན་པ་ཧྲིལ་བོ་གྲུ་བཞི་ཁ་གང་མའི་དབྱིབས་སུ་གྲུབ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།