བོད་ལྗོངས་ནང་བསྟན་སློབ་གླིང་བསམ་ཡས་དགོན་ཡན་ལག་སློབ་གླིང་གི་སྒོ་བྱང་བཀལ།
ཟླ6པའི་ཚེས29ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡན་ལག་བསམ་ཡས་དགོན་སློབ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ཞིང་། བསམ་ཡས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ཀྲུའུ་རིན་ཕུན་ཚོགས་དབང་འདུས་དང་། བསམ་ཡས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཀྲུའུ་རིན་གཞོན་པ་བསོད་ནམས་ཆོས་པ། བོད་རང་སྐྱོང་ལྗོངས་དང་ས་ཁུལ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་སོགས་ཐེངས་འདིའི་མཛད་སྒོར་ཞུགས།
བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་ལྗོངས་ནང་བསྟན་སློབ་གླིང་བསམ་ཡས་དགོན་ཡན་ལག་སློབ་གླིང་འགོ་ཁྲིད་ཚན་ཆུང་གི་ལས་འགན་གསལ་བསྒྲགས་གནང་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་བོད་རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་བསོད་ནམས་རིག་འཛིན་གྱིས་གཏམ་བཤད་གནང་བ་མ་ཟད། ཚང་མས་ལྷན་དུ་བོད་ལྗོངས་ནང་བསྟན་སློབ་གླིང་བསམ་ཡས་དགོན་ཡན་ལག་སློབ་གླིང་གི་སྒོ་བྱང་བཀལ།
མཛད་སྒོའི་སྟེང་། ཚོགས་ཞུགས་འགོ་ཁྲིད་རྣམས་ཀྱིས་བསམ་ཡས་དགོན་ཡན་ལག་སློབ་གླིང་གི་འགོ་ཁྲིད་ཚན་ཆུང་གསར་བ་རྣམས་ལ་ཁ་བཏགས་ཕུལ་བ་དང་། གསར་དུ་བསྐོས་པའི་བོད་ལྗོངས་ནང་བསྟན་སློབ་གླིང་བསམ་ཡས་དགོན་ཡན་ལག་སློབ་གླིང་གི་གླིང་གཙོའམ་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་འབྲེལ་ཡོད་གཏམ་བཤད་གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com