ཀན་ལྷོའི་འབོ་ར་དགོན་པའི་ངོ་སྤྲོད་མདོར་བསྡུས།
འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་།
འབོ་ར་དགོན་པའི་བྱམས་ཁང་ཆེན་མོ།
འབོ་ར་དགོན་པ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོར་མངའ་ཞིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན།
ཆོས་སྡེ་འདི་ནི་དགའ་ལྡན་ཕོ་བྲང་གི་སྐབས་ཏེ་སྤྱི་ལོ1757ལོར་བཞེངས་འགོ་བརྩམས་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁོངས་གཏོགས་ཀྱི་དགོན་སྡེ་ཞིག་ཀྱང་ཡིན་ཏེ། བླ་བྲང་དགོན་པས་དགོན་སྡེ་འདིར་ཁྲི་བ་དང་། དགེ་སྐོས། ཆོས་དཔོན་སོགས་མངགས་ནས་དགོན་པ་དང་དེའི་ཆོས་སྲིད་ཀྱི་ལས་དོན་ཀུན་ལ་དོ་དམ་བྱེད་བཞིན་ཡོད་པ་རེད།
1958ལོར་དགོན་པར་གྲྭ་བཙུན་མི280ཡོད་པ་དང་། རིག་གསར་གྱི་སྐབས་སུ་དགོན་པ་ཞིག་རལ་དུ་བཏང་ནས། 1981ལོ་ནས1984ལོའི་བར་ཚོགས་ཆེན་འདུ་ཁང་ཆེན་མོ་ཡང་བསྐྱར་ཞིག་གསོ་བྱས་ཐོག སྐུ་གསུང་ཐུགས་རྟེན་སོགས་མང་དུ་བཞེངས་ནས་སངས་རྒྱས་བསྟན་པའི་འཕྲིན་ལས་ཡང་བསྐྱར་དར་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་དང་ཇོ་བོ་མི་བསྐྱོད་རྡོ་རྗེའི་ལྷ་ཁང་། མགོན་ཁང་། དཔར་ཁང་སོགས་བཞེངས་འདུག
ད་ལྟ་དགོན་པ་འདི་རུ་གྲྭ་བ70ལྷག་དང་གྲྭ་ཤག་ཁང་བ40ལྷག་བསྐྲུན་ཡོད་ལ། ཚོགས་ཆེན་འདུ་ཁང་དང་ལྷ་ཁང་གཙོ་བོ་རྣམས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1658དང་། ཞོར་གཏོགས་ཀྱི་ཁང་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ406ཡོད་པ་རེད།
འབོ་ར་དགོན་པའི་ཆོས་ར།
འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་སྒོ་འགྲམ་གྱི་དཔལ་ལྡན་ལྷ་མོའི་ཆིབས་པའི་ཞབས་རྗེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com