སྟག་ཚ་དགོན་བཀྲ་ཤིས་ཆོས་བཟང་གླིང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:མེད། ཡོང་ཁུངས།:ཀྲུང་གོ་ཆ་འཕྲིན་ལྟེ་གནས། དུས་ཚོད།:2009-11-28 09:54:35 ཀློག་གྲངས།:

རྣམ་འདྲེན་རྒྱལ་ཀུན་མཁྱེན་རབ་ངུར་སྨྲིག་གཟིས། །

ལྷོ་རྒྱུད་བསྟན་པའི་དགའ་ཚལ་ལ་འཁྲིལ་བའི།།

ཤར་རྩེ་ཡབ་སྲས་སྐྱེ་ཕྲེང་གསེར་གྱི་ལྷུན། །

དད་གསུམ་པདྨའི་ལྟོ་ན་མངོན་པར་བརྗིད། །

 དེ་ཡང་སྟག་ཚ་དགོན་བཀྲ་ཤིས་ཆོས་བཟང་གླིང་ནི། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ལ་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བའི་བོད་ཆེན་པོ་དེ་ལ་ནང་གསེས་མདོ་གསུམ་དུ་དབྱེ་བའི་ཨ་མདོ་ཞེས་གྲགས་པ། རྨ་ཆེན་གངས་རི་ཆེན་པོའི་མདུན་ནས་བབས་པའི་རྨ་ཆུའི་ལྷོ་རྒྱུད། རྨེ་གདོང་ཡག་ནས་བབས་པའི་རྨེ་ཆུ་དང༌། ཀྭ་རིང་ཁེས་ནས་བབས་པའི་རེ་ཆུ་གཉིས་གཉེན་དུ་བསྡེབས་པའི་འདྲེས་མདོའི་ཤར་ཕྱོགས་སུ་ས་དཔྱད་ཤིན་ཏུ་ལེགས་པ། ཁོར་ཡུག་ཉམས་སུ་དགའ་བ་ད་ལྟའི་མཛོད་དགེ་རྫོང་གི་ཉེ་འདབསདེ་རུ་ཆགས་ཡོད།

  ཆོས་སྡེ་འདི་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས། གོང་མ་ཁང་ཤིས་ཁྲི་ལོ་གཉིས་པ་༡༦༦༣ལོ། སྟག་ཚ་སྐུ་འཕྲེང་ཐོག་མ་ཨེམ་ཆི་ཆོས་རྗེའམ་བྱ་བཏང་ཆོས་རྗེ་སྨོན་ལམ་ལྷུན་འགྲུབ་དཔལ་བཟང་བོ་དེ་ཉིད་ཀྱིས། རེ་རྨེ་འདྲེས་མདོའི་ནག་པའི་སེར་མང་ལས་རི་ཁྲོད་པ་ཁ་ཤས་ཀྱིས་གཞི་བྱས་ཏེ་རི་ཁྲོད་པའི་གཞི་བཏབ་ནས། སྐུ་འཕྲེང་གསུམ་གྱི་རིང་ལ་འཕྲིན་ལས་ཀྱི་སྒོ་འཕར་དེ་རུ་ཕྱེས།

 དེ་རྗེས་རབ་བྱུང་བཅུ་བཞི་བའི་ས་གླང་གོང་མ་ཏའོ་ཀོང་ཁྲི་ལོ་དགུ་བ་༡༨༢༩)ལོ། སྟག་ཚ་སྐུ་འཕྲེང་བཞི་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་དགུང་ལོ་ཉེར་བདུན་ཐོག་དབོན་པོ་བསོད་ནམས་གྲགས་པ་དང་ཐུགས་མཐུན་གྱིས་རྗེ་རྨེ་འདྲིས་མདོའི་རི་ཁྲོད་པ་རྣམས་ད་ལྟའི་གནས་འདིར་སྤོས་ཏེ་སྟག་ཚ་བཀྲ་ཤིས་ཆོས་བཟང་གླིང་གི་གཞི་བཏིངས།

 ཆོས་སྡེ་ཆེན་པོ་འདིའི་དགོན་མགོ་བཀྲ་ཤིས་ལྷུན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཡིན་ཞིང༌། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་ཐམས་ཅད་མཁྱེན་པ་པཎ་ཆེན་བསྟན་པའི་ཉི་མའི་སྐུ་དུས་ནས། བཀྲ་ཤིས་ལྷུན་པོའི་དགོན་ལག་གི་གྲས་སུ་ཚུད་པར་ཞལ་གྱིས་བཞེས། རྟེན་སྐལ་དུ་ཐུབ་པ་རྡོ་གདན་མ་དང༌། སྐུ་ཤམ་བུབས་ཚང༌། རྒྱབ་རྟེན་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཤངས་ཁྲག་གིས་བཞེངས་པའི་བཀྩཻལྕམ་སྲིང་གི་རྟེན་ཐང༌། ཐེལ་བཀའ་ཤོག་སོགས་བསྩལ་བ་དང༌། པཎ་ཆེན་སྐུ་འཕྲེང་དགུ་བ་རྗེ་བཙུན་ཆོས་ཀྱི་ཉི་མས་ཡང་ཐེལ་དང་བཀའ་ཤོག་གནང་སྟེ་ཐུགས་འཁུར་ཚད་མེད་གནང༌། སྐུ་འཕྲེངབཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཐེལ་དང་བཀའ་ཤོག་གནང་ཞིང༌། སྐུ་དངོས་སུ་ཕེབས་ཏེ་ཆོས་སྲིད་གཉིས་ཀྱི་ཆ་ལ་ཐུགས་བཀོད་བསྩལ། བཀའ་ཆེན་བློ་བཟང་དབང་ཕྱུག་གི་གཙོས་ད་བར་དུ་བཀའ་ཆེན་རིམ་བྱོན་གྱི་ཁྲི་ཐོག་དགུ་ཙམ་སོང༌། ཆོས་སྡེ་ཆེན་པོ་འདིའི་ཆོས་ཁུངས་ནི། རྨད་བྱུང་ཐོས་བསམ་གླིང་གི་མཚན་ཉིད་ཀྱི་འགྲིག་ལམ་ཐམས་ཅད་དང༌། སྨོན་ལམ་ཆེན་མོ། གཏོར་སྒྲུབ་ལྕགས་མཁར་སོགས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་ཇི་བཞིན་དང༌། རྒྱུད་ཀྱི་གསང་བདེ་འཇིགས་གསུམ་ཀུན་རིག་སོགས་ཀྱི་སྒྲུབ་མཆོད་ཕལ་ཆེར་རྒྱུད་སྟོད་པའི་ཕྱག་བཞེས་མ་ཉམས་པ་ཡིན། དུས་ཀྱི་འཁོར་ལོའི་རྡུལ་ཚོན་དང་འབྲེལ་བའི་སྒྲུབ་མཆོད་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་ལྟར་ལྷ་མོ་ཀིརྟི་ནས་བརྒྱུད་པ་ཡིན། དེ་དག་ཇི་ལྟར་དར་བའི་ཚུལ་དང་དུས་ནམ་ཞིག་དར་བ་སོགས་རྒྱས་པར་བལྟ་འདོད་ན་གདན་རབས་ལྷའི་རོལ་མོ་ལ་གཟིགས་པར་འཚལ།

  སྤྱིར་སྐུ་འཕྲེང་རིམ་བྱོན་རྣམས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བའིཟློས་གར་ཡིན་པ་དང༌། གྲུབ་ཆེན་དཱ་རི་ཀ་བའི་རྣམ་འཕྲུལ་དུ་ཚད་ལྡན་གྱི་བླ་མ་དུ་མས་ལུང་གིས་བསྟན། སྐུ་འཕྲེང་དང་བོ་ཨེམ་ཆི་ཆོས་རྗེ་སྨོན་ལམ་ལྷུན་འགྲུབ་དཔལ་བཟང་བོ་ནི། རབ་བྱུང་བཅུ་བའི་ཆུ་སྟག༡༦༠༢___༡༦༨༢ལོ་འཁྲུངས། ནར་སོན་ནས་འབྲི་ཀློག་སོགས་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། འཁོར་བའི་བདེ་བ་ནི་དུག་སྦྲུལ་གྱི་ཚང་ལྟར་མཐོང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང༌། ཚུལ་ཁྲིམས་མིག་འབྲས་ལྟར་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང༌། ། ཞེས་གསུངས་པ་ལྟར་རྣམ་པར་གྲོལ་བའི་ལམ་བསྒྲུབ་པ་ལ་ཐོག་མར་རིག་པའི་གནས་ལ་སྦྱང་དགོངས་ནས་རིག་གནས་ལ་སྦྱངས་ཤིང༌། ཁྱད་པར་དུ་སྨན་དཔྱད་ཀྱི་རིག་པ་ལ་མཁས་པར་སྦྱངས་ནས། ནད་ཀྱིས་ཉེན་པའི་འགྲོ་བ་ཆེས་མང་བོ་ཞིག་ལ་སྨན་དཔྱད་ཀྱིས་དབུགས་འབྱིན་པར་མཛད་པས་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང༌། མདོ་སྨད་ནས་དམ་པའི་ཆོས་ཀྱི་བགོ་སྐལ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།