དགོན་ལུང་དགོན་པ་དང་མན་ཇུ་གོང་མའི་འབྲེལ་བ།(གཉིས་པ)
མན་ཇུ་གོང་མས་དགོན་པར་ཆག་འཇིག་བྱུང་དུས་དམིགས་བསལ་གྱི་བཀའ་ལུང་གནང་ཞིང་གཞུང་དངུལ་གྱི་འགྲོ་གྲོན་བཏང་སྟེ་ཡང་ཡང་ཞིག་གསོ་བྱས་པར་མ་ཟད། དགོན་ལུང་གི་བླ་སྤྲུལ་མཁས་གྲགས་ཅན་མང་པོ་གོང་མའི་གསེར་མཁར་དུ་གདན་ཞུས་ཤིང་ལུང་དང་ཐོབ་སྣ་ཚོགས་གནང་ཡོད་དེ། ལྕང་སྐྱ་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་ཆོས་ལྡན་ལ་སྤྱི་ལོ༡༧༠༦ལོར་གོང་མས་ཀཱན་ཏིང་ཕུའུ་ཧྲན་ཀུང་ཚི་ཏ་གོ་ཤྲཱིའི་ལུང་དང་གསེར་ཐམ་གནང་། སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ་ལ་གོང་མས་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཞེས་པའི་མཚན་དང་། ཆན་ལུང་ཁྲི་ལོ་དང་པོ་སྤྱི་ལོ༡༧༣༦ལོར་གསེར་མཁར་གྱི་ཆོས་ལུགས་ལ་བདག་སྐྱོང་གནང་པའི་ཐམ་ག་བླ་མར་བསྐོས་པ་དང་། ཆན་ལུང་ཁྲི་ལོ་བཅུ་དྲུག་པ་སྤྱི་ལོ༡༧༥༡ལོར་ཞྭ་སེར་བསྟན་པ་སྐྱོང་བའི་བྱམས་ཆེན་དབུ་བླ་ཆེན་མོའི་གསེར་ཐམ་གནང་། སྐུ་ཕྲེང་བཞི་བ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་ལ་ཅཱ་ཆིན་ཁྲི་ལོ་ཉེར་དགུ་བ་སྤྱི་ལོ༡༨༡༩ལོར་གོང་མས་གསེར་མཁར་གྱི་ཆོས་ལུགས་ལ་དོ་དམ་བྱེད་མཁན་གྱི་ཐམ་ག་གནང་། ཏའོ་ཀྭང་ཁྲི་ལོ་བརྒྱད་པ་སྤྱི་ལོ༡༨༣༤ལོར་དབུ་བླ་ཆེན་མོའི་གསེར་ཐམ་གནང་། མཚོ་བདུན་དགོན་པོ་སོགས་གོང་མ་ཁང་ཞི་ནས་ཡུང་ཊི་བར་བཞེངས་པའི་དགོན་སྡེ་དང་དེ་དག་གི་མཆོད་གཞིས་བཅས་གནང་། སྐུ་ཕྲེང་ལྔ་བ་བློ་བཟང་ཐུབ་བསྟན་དར་རྒྱས་མཆོག་ཐོང་ཊི་ཁྲི་ལོ་དགུ་བ་སྤྱི་ལོ༡༨༧༠ལོར་དབུ་བླར་བསྐོས་ཤིང་གསེར་ཐམ་གནང་། སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེ་ལ་བཀྭང་ཞི་ཁྲི་ལོ་ཉེར་ལྔ་བ་སྤྱི་ལོ༡༨༩༩ལོར་སྐུ་སྔ་མའི་ཐོབ་གནང་། ཐུའུ་བཀྭན་ཧུ་ཐོག་ཐུ་སྐུ་ཕྲེང་དང་པོ་ཐུའུ་བཀྭན་བློ་བཟང་རབ་བརྟན་ལ་ཧྲུང་ཊི་ཁྲི་ལོ་དགུ་བ་སྤྱི་ལོ༡༦༥༢ལོར་ཅིན་ཞི་ཁྲན་ཧྲིའི་མཚན་དང་ཐམ་ག་གནང་། སྐུ་ཕྲེང་གཉིས་པ་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ལ་ཁང་ཞི་ཁྲི་ལོ་ང་བཞི་བ་སྤྱི་ལོ༡༧༢༠ལོར་ཕོ་བྲང་དུ་ཞུས་ཏེ་ཧུ་ཐོག་ཐུ་ཅིན་ཞི་ཁྲན་ཧྲིའི་མཚན་གནང་། སྐུ་ཕྲེང་གསུམ་པ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ལ་ཆན་ལུང་ཁྲི་ལོ་ཉེར་བརྒྱད་པ་སྤྱི་ལོ༡༧༦༣ལོར་ཧུ་ཐོག་ཐུའི་གོ་ས་དང་ཆན་ཞིའི་ལུང་ལས་གནང་། སྐུ་ཕྲེང་བདུན་པ་ཐུའུ་བཀྭན་སྐལ་བཟང་དམ་ཆོས་ཉི་མ་ལ་སྤྱི་ལོ༡༩༠༥ལོར་ཧུ་ཐོག་ཐུ་ཇིང་ཟིའུ་ཆན་ཞིའི་མཚན་གནང་ཞིང་ཇ་སག་བླ་མ་གཞོན་པ་དང་དགའ་ལྡན་བྱིན་ཆགས་གླིང་གི་ཇ་སག་བླ་མའི་ལས་སྣེ་གནང་། སུམ་པ་ཧུ་ཐོག་ཐུ་སྐུ་ཕྲེང་གཉིས་པ་སུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་སྤྱི་ལོ༡༧༣༧ལོར་གོང་མས་ཧོ་ཐུག་ཐུའི་འཇལ་ས་གནང་། ཆུ་བཟང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ཆུ་བཟང་བསྟན་པའི་རྒྱལ་མཚན་ལ་ཁང་ཞི་ཁྲི་ལོ་བཅུ་དགུ་པ་སྤྱི་ལོ༡༦༨༦ལོར་ཧོ་ཐུག་ཐུའི་མཚན་གནང་། ཝང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་བློ་བཟང་ཐུབ་བསྟན་ཡེ་ཤེས་དར་རྒྱས་ལ་ཆན་ལུང་ཁྲི་ལོ་ཞེ་བརྒྱད་པ་སྤྱི་ལོ༡༧༨༣ལོར་གོང་མ་ཆན་ལུང་གིས་ཧུ་ཐོག་ཐུའི་མཚན་གནང་། དགོན་ལུང་གི་བླ་སྤྲུལ་མཁས་གྲགས་ཅན་འདི་དག་གསེར་མཁར་དུ་གདན་ཞུས་ཤིང་ལུང་དང་ཐོབ་སྣ་ཚོགས་གནང་བ་དེས་བླ་མ་དེ་དག་གི་ཆོས་ལུགས་གོ་གནས་ཇེ་མཐོར་སོང་སྟེ་དགོན་སྡེ་དང་དད་ལྡན་མང་ཚོགས་ཀྱི་ནང་དུ་མཚན་སྙན་དང་གཟི་བརྗིད་ཇེ་ཆེར་གྱུར། དེར་བརྟེན་དགོན་ལུང་དགོན་པའང་མདོ་དབུས་ཁམས་གསུམ་དང་། དགོན་ལུང་དང་མན་ཇུ་གོང་མའི་འབྲེལ་བ་ཇེ་དམ་དང་ཇེ་ཟབ་ཏུ་སོང་ཡོད།
བཞི་བ། དགོན་ལུང་དགོན་པའི་བླ་སྤྲུལ་རྣམས་ཀྱིས་མན་ཇུ་གོང་མའི་ཕོ་བྲང་དུ་ཆོས་སྤེལ་བ།
དགོན་ལུང་དགོན་པའི་བླ་སྤྲུལ་ཆེ་ཁག་གི་སྐུ་སྐྱེས་རིམ་བྱོན་གོང་མའི་གསེར་མཁར་དུ་སྔ་རྗེས་སུ་ཡང་ཡང་ཕེབས་སྟེ། གོང་མ་དང་རྒྱལ་རྒྱུད་བློན་འཁོར་རྣམས་ལ་ཆོས་གསུངས་ཤིང་དབང་ལུང་གནང་བས། ཆིང་གོང་མའི་གསེར་མཁར་གྱི་ཕྱི་ནང་ཀུན་ཏུ་དགོན་སྡེ་དང་གཙུག་ལག་ཁང་མང་པོ་བྱུང་ཞིང་རྒྱལ་བསྟན་ཡུན་རིང་དུ་དར། དེ་དག་ལས་མང་ཆེ་ཤོས་ནི་གོང་མ་ཆན་ལུང་སྐབས་སུ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཚང་ནས་ཁུར་བཞེས་ཏེ་བཞེངས་པ་རེད། ཆན་ལུང་གི་ཁྲི་ལོ་དགུ་བ་སྟེ་སྤྱི་ལོ༡༧༤༤ལོར་གོང་མ་ཆན་ལུང་དང་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེ་རྣམ་གཉིས་ནས་ཕོ་བྲང་དུ་དགེ་ལུགས་པའི་དགོན་སྡེ་ཚད་ལྡན་ཞིག་འཛུགས་རྒྱུར་ཐུགས་གྲོས་མཛད་རྗེས། ལྕང་སྐྱ་རོལ་བའི་རྡོ་རྗེ་ཚང་གིས་ལྗགས་བཀོད་གནང་སྟེ། ཡབ་རྒྱལ་བོ་ཝང་གནང་དུས་ཀྱི་བཞུགས་གནས་སུ་དགོན་སྡེ་གསར་སྐྲུན་གྱི་ལས་གྲྭ་བཙུགས་ཏེ། ཕྱིའི་ཁོར་ཡུག་ཏུ་ལྕགས་རི་ཤིན་ཏུ་ཡངས་པས་བསྐོར་བའི་དབུས་སུ་ཚོགས་ཆེན་གྱི་འདུ་ཁང་ཆེན་མོ། དེའི་གཡས་ཕྱོགས་སུ་ལྷ་ཁང་། གཡོན་དུ་མགོན་ཁང་།&nbs
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com