སྐབས་དྲུག་པའི་འཇང་དགུན་ཆོས་ཆེན་མོ་དར་རྩེ་མདོའི་ལྷ་མོ་རྩེ་དགོན་པར་ཚོགས་པ།
སྐབས་དྲུག་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་དར་རྩེ་མདོའི་ལྷ་མོ་རྩེ་དགོན་པར་ཚོགས་པ།
སྤྱི་ཟླ་9བའི་ཚེས19ཉིན། སྐབས་དྲུག་པའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་སི་ཁྲོན་ཞིང་ཆེན་དར་རྩེ་མདོའི་ལྷ་མོ་རྩེ་དགོན་པར་ཚོགས་ཤིང་། ཐེངས་འདིའི་ཆོས་ཚོགས་ལ་དུས་ཡུན་ཉིན10ཡོད་ཅིང་། ཟླ9བའི་ཚེས19ཉིན་ནས་མགོ་བཙུགས་ཏེ་ཚེས28ཉིན་མཇུག་སྒྲིལ་རྒྱུ་རེད།
ཆོས་ཚོགས་སུ་ཞུགས་པའི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་བཤེས་དང་གྲྭ་བཙུན་རྣམ་པས་གཞུང་བཀའ་པོད་ལྔ་གཙོས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སོགས་སྲོལ་རྒྱུན་གྱི་གཞུང་ཆེན་ཁག་ལ་བརྒལ་བརྟག་གནང་བ་དང་། དམ་བཅའ་འཇོག་པ། ཐུགས་སྨོན་སྐྱབས་ཞུས་མཛད་པ་སོགས་ཀྱི་ཆོ་ག་ཕུན་སུམ་ཚོགས་པ་སྤེལ་ཞིང་། ཕྱོགས་ཁག་གི་ཕྱག་མཆོད་སྨོན་གསུམ་གནང་མཁན་གྱི་དད་ལྡན་མང་ཚོགས་མང་པོ་ལྷ་མོ་རྩེ་དགོན་པར་མཇལ་བར་སླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com