བླ་བྲང་དགོན་པའི་ལྡེབས་རིས་ཟླ་བཞི་བའི་ནང་་ཞིག་གསོ་བྱེད་འཆར་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-21 09:49:00 ཀློག་གྲངས།:

བླ་བྲང་དགོན་པའི་ལྡེབས་རིས་ལ་སྲུང་སྐྱོབ་དང་ཞིག་གསོ་མཛད་འཆར་ཡོད་པ།

     ལོ་ངོ300ལྷག་གི་ལོ་རྒྱུས་དང་ལྡན་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྡེབས་རིས་ལ་སྲུང་སྐྱོབ་དང་ཞིག་གསོ་བྱེད་རྒྱུ་ཡིན་ཏེ། ཟླ4བའི་ནང་དངོས་སུ་ཞིག་གསོའི་མགོ་རྩོམ་རྒྱུ་རེད། འཆར་བཀོད་ལྟར་ན་ལོ་གཉིས་ཀྱི་ནང་ལེགས་འགྲུབ་བྱེད་ངེས།
     བླ་བྲང་དགོན་པའི་ལྡེབས་རིས་སྲུང་སྐྱོབ་འཆར་གཞིའི་ཡི་གེར2014ལོའི་ཟླ6 པར་རྒྱལ་ཁབ་རིག་དངོས་ཅུའི་ཆོག་མཆན་ཐོབ་ཅིང་། ལེགས་བཅོས་ཀྱི་བསམ་ཚུལ་དང་བཅས་ཀན་སུའུ་ཞིང་ཆེན་རིག་དངོས་ཅུའུ་ལ་ཡར་ཞུ་བྱས་མཐར་མཆོག་མཆན་ཐོབ།
     མིག་སྔར། བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་དོན་ཁྲོད་ཞབས་བརྟན་ལྷ་ཁང་གི་ཞིག་གསོའི་ལས་དོན་ལེགས་འགྲུབ་བྱུང་ཡོད་ཅིང་། རྒྱུད་སྟོད་གྲྭ་ཚང་དང་། ཀྱེ་རྡོར་གྲྭ་ཚང་། གདུགས་དཀར་ལྷ་ཁང་། སྒྲོལ་དཀར་ལྷ་ཁང་བཅས་ནི་ཞིག་གསོ་བྱེད་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།