གཏེར་གྱི་གྲུབ་ཆ་དང་རིགས། གཏེར་སྒྲུབ་པའི་ཕན་ཡོན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-06 09:19:00
ཀློག་གྲངས།:
བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་དུས་ཀྱང་ས་གཞིར་གསེར་ཕྱེ་བཏབ་སྟེ་གཏེར་སྒྲུབ་ཅིང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེ་དང་ནག་ཚོ་ཚུལ་ཁྲིམས་གཉིས་ལ་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་མཁའ་འགྲོ་བཞི་དང་བཅས་པའི་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པའི་གདམས་པ་ཆ་ཚང་གནང་ཞེས་ངག་རྒྱུན་དུ་ཡོད་ལ། བོད་མི་རིགས་རང་ལ་མཚོན་ན་ཡང་ལོ་ངོ་སུམ་སྟོང་སྔོན་དུ་ལྷ་ཀླུ་གཉན་ལ་མཆོད་པའི་གོམས་སྲོལ་ནི་ཡོད་དེ། ཀླུ་ཞེས་ས་འོག་དང་རྒྱ་མཚོའི་སྲུང་མ་ལ་མཆོད་པའི་ཆོ་ག་ཡང་སྔ་མོ་ནས་དར་ཡོད།
དེ་ན་གཏེར་གྱི་གྲུབ་ཆ་དང་རིགས། གཏེར་སྒྲུབ་པ་ལ་ཕན་ཡོན་གང་དག་ཡོད་ཟེར་ན།
༡ གཏེར་གྱི་གྲུབ་ཆ།
གཏེར་ནི་གཙོ་བོ་དཀར་གསུམ་སོགས་ཟས་སྣ་གཙང་མ། གཡུ་བྱུར་མུ་ཏིགགསེར་དངུལ་ཟངས་སོགས་རིན་ཆེན། ནས་འབྲས་གྲོ་སོགས་འབྲུ་སྣ། དར་ཟབ་སོགས་གོས་སྣ།བུམ་རྫས་ཉེར་ལྔ། ཀླུ་སྨན། སྙིང་ཞོ་ཤ ས་བཀྲ་ལེགས་པ་ནས་བླངས་པའི་ས་རྡོ་ཆུ་ཤིང་སོགས་སྤྱི་ལ་དགོས། ཡང་དེ་དག་ཀུན་ལས་ཆེད་དུ་དགག་དགོས་པ་ནི་ལྕགས་དང་ཕ་ལམ།ཞ་ཉེ་བཅས་དང་། སྐེ་ཚེ། ཤིང་ཚེ། བྲ་བོ། དན་རོགས་སོགས་བཤལ་སྨན་སྐྱུགས་སྨན་གྱི་རིགས།ཤ་དང་ཆང་། ཁྱུང་སྡེར། ཚྭ་བ་གསུམ། བཙན་དུག་ལ་སོགས་དུག་རིགས། གླ་རྩི། དར་གོས་ནག་པོ། དུར་ཁྲོད་ཀྱི་ས། སྒོག་ཙོང་། སྲན་མ་བཅས་འདོར་དགོས།
༢ གཏེར་གྱི་རིགས།
གཏེར་དེ་གང་དུ་སྦ་བའི་ཡུལ་གྱི་ཆ་ནས་སྤྱིར་ས་གཏེར་དང་ཆུ་གཏེར་རིགས་གཉིས་ཏེ། ས་གཏེར་ནི་གནས་ཁང་དང་མཆོད་རྟེན། ལབ་རྩེ། ས་དཔྱད་ཀྱི་གཞུང་དག་ལས་བཤད་པའི་གཏེར་གྱི་ས་མིག་སོ་སོ་གཙོ་བོར་བྱས་ཏེ་སྦ་བ། ཆུ་གཏེར་གྱི་ཐད་དུ་མཚོ་མཚེའུ་དང་ཆུ་ཆེན། ལྟེང་ཀ་སོགས་ལ་འདེབས་པ་རྒྱུགས་ཆེ་ཞིང་། དེ་ལས་ཀྱང་མཚོ་གཏེར་རྒྱག་པ་ནི་ཆུ་གཏེར་གྱི་མཚན་གཞི་གཙོ་བོ་ཞིག་ཏུ་གྱུར།
༣ གཏེར་རྒྱག་པའི་དམིགས་ཡུལ།
ཡུལ་དེའི་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བར་གྱུར་ཅིག་སྙམ་པ་དང་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ། འདི་ནི་ཚེ་བརྟན་རྡོ་རྗེའི《བོད་རིགས་དམངས་ཁྲོད་གཏེར་སྒྲུབ་ཆོ་ག》ཞེས་པའི་དཔྱད་རྩོམ་ལས་དྲངས།
གཏེར་སྒྲུབ་པ་ནི་རང་རེ་བོད་མི་རིགས་ལ་གནའ་སྔ་མོ་ནས་ཆགས་ཡོད་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན། ཡིན་ཡང་དེང་དུས་མཚོ་གཏེར་རྒྱག་པ་ནི་ཚད་དང་འགལ་བས་བླ་མཚོ་དང་མཚེའུ་མང་པོར་འབག་བཙོག་བཟོ་གི་ཡོད། རང་རེའི་སྲོལ་རྒྱུན་དང་ཁོར་ཡུག་བར་དུ་གཅིག་རྟེན་གཅིག་འཚོའི་འབྲེལ་བ་ནི་དམ་པོ་ཡོད་དེ། བོད་མིའི་སྲོལ་རྒྱུན་གོམས་གཤིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་བསྐྲུན་པའི་མཐུན་རྐྱེན་དང་ཕན་ཡོན་ནི་དེ་ལས་བཤད་མ་དགོས་པ་ཡིན། ཡིན་ཡང་སྲོལ་རྒྱུན་གོམས་གཤིས་ཡོངས་རྫོགས་ནི་ཁོར་སྲུང་རང་བཞིན་དང་མཐུན་པ་ཡིན་ཟེར་ན་བཤད་དཀའ་མོ་རེད། ང་ཚོས་མཚོ་གཏེར་སྒྲུབ་པ་ནི་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པ། འབྲུ་རིགས་ལོ་ལེགས་བྱུང་བའི་ཆེད་དུ་ཡིན་ཏེ། གལ་ཏེ་ཅི་ཡིན་མ་ཤེས་པར་གྲུབ་ཆ་སྣ་ཚོགས་དང་འགྱིག་ཁུག་སོགས་ཀྱི་གཏེར་སྒྲུབ་ན། ང་ཚོའི་བླ་མཚོ་དང་མཚེའུ་མང་པོར་གནོད་པ་བཟོ་ངེས་ཡིན།
འདིའི་སྐོར་ལ་མགོ་ལོག་ཨ་ཁུ་འབྲུག་སྐྱབས་ཀྱིས།
ལས་དབང་ཞིག་གི་ཁྱོད་དང་ཁ་ཐག་ཉེ།།
སྒྲ་བརྒྱ་གཞོན་ནུས་སེམས་པ་ཁྱོད་ལ་ཤོར།།
གནམ་སྔོན་ཐང་ལ་ལྷུང་འདྲའི་མཚོ་མཐའ་ན།།
གསེར་མདོག་རྐང་འཐུང་བུ་མོ་དུག་གིས་བྱུགས།།
དྭངས་གསལ་རྦ་རླབས་རེ་རེའི་ཁུགས་སོ་ན།།
རང་འདོད་ཆགས་པའི་ལྷང་བའི་གཏེར་རྫུན་རེ།།
རང་རིགས་ནོར་ལ་དགའ་ཞེན་མེད་སོང་ན།།
ཡིད་ཕྲོགས་མཚོ་མོ་གཞན་ལ་ཤོར་ཉེན་ཆེ།།ཞེས་སེམས་ཁུར་གྱི་ཚིག་བཀོད་ཡོད་དེ།ཡང་རང་རེའི་ཁ་དཔེར།
ཆུ་གཙང་མ་རྙོག་ན་ཀླུ་མི་དགའ།།
རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་།།
རི་བཟང་པོ་སློག་ན་ས་མི་དགའ།།
དྲི་ངན་པ་བདུག་ན་གནམ་མི་དགའ།།ཞེས་སྔ་མོ་ནས་མི་དང་རང་བྱུང་ཁོར་ཡུག་གི་འབྲེལ་བ་གཏིང་ཟབ་མོ་དེ་བསྒྲགས་གི་ཡོད་ལ།སྲོལ་རྒྱུན་གྱི་གོམས་གཤིས་ཡག་ཤོས་དེ་དག་ནི་ང་ཚོས་རྒྱུན་སྐྱོང་བྱེད་དགོས།ཡིན་ཡང་ཀུན་གྱི་རྩ་བ་ནི་རང་བྱུང་ཁོར་ཡུག་གི་རང་བཞིན་དང་མཐུན་དགོས་པ་དེ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།