ཆོས་ལུགས་རིག་གནས་ཀྱི་མཐོ་རིམ་བགྲོ་གླེང་ཀྲུང་གོ་མི་དམངས་སློབ་ཆེན་དུ་སྤེལ་བ།

རྩོམ་པ་པོ།:བཀྲ་རྒྱལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2013-12-20 10:13:00 ཀློག་གྲངས།:


བགྲོ་གླེང་སྐུ་མགྲོན་གྱིས་ཡུལ་དངོས་གཟིགས་མོ་བའི་དྲི་བར་ལན་བསྐྱོན་པ།

      ཟླ12པའི་ཚེས15ཉིན་གྱི་ཕྱི་དྲོར། ཆོས་ལུགས་རིག་གནས་ཀྱི་མཐོ་རིམ་བགྲོ་གླེང་དེ་ཀྲུང་གོ་མི་དམངས་སློབ་ཆེན་ནས་སྤེལ། བགྲོ་གླེང་བྱེད་མཁན་མི་སྣ་གསུམ་པོ་ནི་ལས་རིགས་ཁྱབ་ཁོངས་མི་འདྲ་བ་ནས་འོངས་པ་ཡིན་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི། ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ། སློབ་དཔོན་ཆེན་མོ་ཀྲུའུ་ཆིན་ཧྲི་དང་། བོད་བརྒྱུད་ནང་བསྟན་གྱི་ཇོ་ནང་བའི་བླ་མ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་འཇམ་དབྱངས་བློ་གྲོས་རིན་པོ་ཆེ། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཆོས་ལུགས་མཐོ་རིམ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། ནུབ་ཕྱོགས་ལོ་རྒྱུས་སྐད་བརྡ་ཞིབ་འཇུག་ཁང་གི་འགོ་བ། སློབ་དཔོན་ཆེན་མོ་ཧྲུན་ཝེ་རོང་བཅས་རེད། པེ་ཅིན་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནང་བསྟན་རིག་གནས་ལྟེ་གནས་བཅས་སློབ་ཆེན་དང་རིག་གཞུང་སྡེ་ཁག་གི་ཆེད་མཁས་དང་། སློབ་མ། ཆོས་ལུགས་མི་སྣ200ལྷག་ཐེངས་འདིའི་རིག་གཞུང་བགྲོ་གླེང་ལ་ཞུགས།
      གཙོ་སྒྲུབ་ལས་ཁུངས་ཀྲུང་གོ་མི་དམངས་སློབ་ཆེན་ཆོས་ལུགས་མཐོ་རིམ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་ཧྲུན་ཝེ་རོང་གིས་ངོ་སྤྲོད་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ཆོས་ལུགས་རིག་གནས་ཀྱི་མུ་འབྲེལ་བགྲོ་གླེང་གྲས་ཤིག་ཡིན་ལ། བརྗོད་དོན་གཙོ་བོ་ནི་ཆོས་ལུགས་དང་ཚན་རིག་ཞེས་པ་དེ་ཡིན་ཟེར།
      འཇམ་དབྱངས་བློ་གྲོས་རིན་པོ་ཆེ་ཡིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་དུས་ནང་བསྟན་ལ་ཕྱོགས་མང་པོའི་ཆ་ཡོད་དེ། དེར་ཚན་རིག་གི་ཆ་དང་མཚན་ཉིད་རིག་པའི་ཆ། སྒྱུ་རྩལ་ཀྱི་ཆ་སོགས་ཡོད་ལ། དེ་ལས་ཆོས་ལུགས་ཀྱི་ཆ་ཡོད་པ་ནི་སྨོས་མེད་མོད། དེའི་རྩ་བ་ནི་བདེན་དོན་གྱི་ཡང་སྙིང་འཚོལ་ཞིབ་དང་ར་སྤྲོད་བྱ་རྒྱུ་དེ་ཡིན་ལ། ཡང་ཅིག་བཤད་ན། ནང་བསྟན་ཁྲོད་ཀྱི་ཡང་སྙིང་དང་ངོ་བོ་ཞེས་པ་དེ་རེད། གཞན་དག་ནི་བདེན་དོན་གྱི་སྤྱོད་པའི་ཐབས་ལམ་འཚོལ་ཞིབ་དང་ར་སྤྲོད་བྱེད་རྒྱུ་དེ་རེད། ལྷག་པར་དུ། ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་དུ་ནང་བསྟན་དང་ཚན་རིག་གི་བགྲོ་གླེང་ནི་དེ་ལས་ཀྱང་རིག་གཞུང་དང་རིག་གནས་ཁྱབ་ཁོངས་ཀྱི་བརྗོད་གཞི་གཙོ་བོར་གྱུར་ཡོད་ཅེས་གསུངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།