ས་གྲུ་བཞི་ནགས་མཐའ་སྡེ་བའི་སེར་གནོན་མཆོད་རྟེན།

རྩོམ་པ་པོ།:《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་ག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-20 12:59:00 ཀློག་གྲངས།:

          མཚོ་ལྷོ་ཁུལ་ས་གྲུ་བཞི་ཡུལ་ཚོའི་ནགས་མཐའ་སྡེ་བ་རུ་གནས་པའི་སེར་གནོན་མཆོད་རྟེན་ཞེས་པ་ནི། སྤྱི་ལོ1900ལོར་ཐོག་མར་བཞེངས་པ་ཡིན་ལ།  དེ་ཡང་གནའ་དུས་སུ་ས་འདི་ལ་དབུས་ཀྱི་གསེར་གཞུང་རིང་མོ་ཞེས་འབོད་པ་དང་།  ཕྱིས་ཡུན་གྱིས་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་དང་བསྟུན་ནས་ས་གྲུ་བཞི་རུ་འབོད་པ་རེད། ས་ཆ་འདི་ལ་སྐབས་དེ་དུས་ལོ་རེ་ལ་དུས་རྒྱུན་དུ་སེར་བ་དྲག་ཏུ་བབས་པས་ས་ཞིང་མང་པོ་ཞིག་བརྡུངས་སོང་བ་དང་། དེ་ནས་ཆར་འཕེལ་སྐུ་ལོ་ཞེས་པ་དེས་མཆོད་རྟེན་ཞིག་ས་དེ་ན་སེར་བ་ཡི་མགོ་གནོན་ཐུབ་པ་རེད་ཅེས་གསུངས་བའི་ཞལ་ཆེམས་ལྟར་མཆོད་རྟེན་ཞིག་བཞེངས་པ་རེད།  ཁོང་ནི་སྔགས་ཆོས་འདོན་པའི་སྤྲུལ་སྐུ་ཞིག་ཡིན་པར་མ་ཟད། ཆུ་མེད་པའི་ས་ཆ་གང་ཡིན་རུང་དེ་ནས་ཆུ་མགོ་འཕུལ་པ་དང་ཆར་འཕེལ་ཐུབ་པའི་མཐུ་སྟོབས་ཅན་ཞིག་ཡིན་པ་རེད། མཆོད་རྟེན་འདི་བཞེངས་ཚར་རྗེས་ཁམས་སྐུ་ཆུང་ཚང་གིས་རབ་གནས་གནང་ཞིང་།   སེར་གནོན་མཆོད་རྟེན་འདིའི་གཟུངས་གཞུག་ལ་ཐར་མདོ་གསེར་བྲིས་མ་ཞིག་བཞག་ཡོད་པ་རེད། དེ་ནས་ལོ་ཡི་འཁོར་ལོ་མང་པོ་ཞིག་འདས་ཤིང་ཕྱིན་པའི་རྗེས་སུ། སྤྱི་ལོ1996ལོར་ཡང་བསྐྱར་སླར་གསོ་བྱས་ཤིང་། སྐབས་འདིར་ས་གྲུ་བཞི་ཡུ་ལ་ཚོའི་སྦྲུལ་ནག་སྡེ་བའི་གསང་བདག་དང་།  བཙན་བྷ།  ཚེ་བྷ། འཇའ་ཁོ། ཆོས་ཁོ་སོགས་ཀྱིས་འགན་ཁུར་གཙོ་བོ་བླངས་པ་རེད། འདི་དག་ལ་རྒྱབ་སྐྱོར་བྱེད་མཁན་ནི་ལན་ཏེ་དང་མཁོ་ན་གཉིས་ཡིན་ལ། མཆོད་རྟེན་འདིའི་མཐོ་ཚད་ལ་མིས10.7དང་རྒྱ་ཁྱོན་ལ་མིས་གྲུ་བཞི་མ25ཡོད་པ་རེད། དེང་གི་དུས་ན་ད་དུང་བརྗིད་ཆགས་ཤིང་ཡིད་དུ་འོང་ལ་དད་ལྡན་མང་ཚོགས་ཀྱིས་མཆོད་འབུལ་བསྐོར་ཕྱག་གནང་གི་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།