ཐོ་ལེའི་དགེ་བཤེས་སྐུ་གདུང་མཆོད་རྟེན་ཆེན་མོ།
རྨ་ཡུལ་རོང་བོ་བློན་ཆོས་ལོ་བའི་རྒྱལ་པོ་ཁྲི་སྟེང་གི་ཉེ་གནས་ཚ་མདོ་ས་ཙ་རང་བྱོན་ཞེས་བྱ་བའི་གནས་མཆོག་གི་གཞོང་ཆུའི་འགྲམ་རྒྱུད་དུ་ལྷིང་ངེར་བཞུགས་ཤིང་། ཧ་ལམ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་བྱི་བ༡༩༢༤ལོའི་ཡས་མས་སུ་བཞེངས། ཁོང་ནི་སྔགས་སའི་དགེ་བཤེས་གོང་ཞོལ་རྣམ་གཉིས་གཙོའི་དམ་པ་རྣམས་ཀྱི་རྩ་བའི་བླ་མ་ཡིན་ཞིང་། མཚམས་ཐོག་གོང་མའི་གཅོད་རྒྱུད་ཀྱི་བླ་མ་ཡང་ཡིན།
རྨ་རྒྱལ་གཡོན་ཁོག་ཏུ་ཐོ་ལེའི་རྡོ་རིང་ཟེར་བ་ནས་ལོ་ངོ་བཅུ་གཉིས་རིང་ལ་སྐུ་མཚམས་བཞུགས། ཧ་ལམ་དགུང་གྲངས་ལྔ་བཅུའི་ཡས་མས་སུ་རོང་བོ་བློན་ཆོས་ཡུལ་ཕྱོགས་སུ་ཕེབས། གདུལ་བྱ་ཧ་ཅང་རྒྱས་ཤིང་། སྐུ་ཚེ་ཧྲིལ་བོར་ཞྭ་སེར་བསྟན་པའི་རིང་ལུགས་འཛིན་པ་བྱ་བཏང་རི་ཁྲོད་ཀྱི་དགེ་བའི་ལེགས་ཚོགས་བསགས་ཏེ། ཆུ་མིག་བརྒྱ་རྩར་ཕེབས་ནས་བླ་མཆོད་གསུངས་བཞིན་ཞིང་མཆོག་དམ་པའི་གསུངས་མཚམས་དང་མཉམ་དུས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད། གཟིམ་སྦས་སྟེང་ལ་འཇའ་ཤར་བ་ཀུན་གྱིས་མཐོང་བ་དང་། བླ་རྒྱུད་ལས། ཁྲི་སྟེང་དབེན་པའི་དགའ་ཚལ་དུ།། རཏ་ཙན་བྱིན་རླབས་ཅན།། བྱིན་ཅན་ལ་གསོལ་བ་འདེབས།། ཞེས་གསུངས་པ་ལྟར་རྔ་རོང་གྲུབ་རྒན་ཚང་གིས་ཐུགས་བཀོད་གནང་བ་བཞིན་ཁོང་གི་གདུང་རིས་དང་ནབ་བཟའ། གསོལ་ཟངས། ཐར་མདོ་གསེར་བྲིས་མ། རྒྱལ་བ་མི་འཁྲུགས་པའི་སྐུ་བགྲངས་ལས་འདས་པ་སོགས་གཟུངས་བཞུག་ཏུ་ཕུལ་ནས་ཁང་བརྩེགས་མཆོད་རྟེན་གྱི་ཚུལ་དུ་བཞེངས་པ་ས་ཁྱིའི་ལོར་འཇིག་ཅིང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་དུས་མགོར་ལོ་བ་ལྷ་སྡེ་སྤྱི་ནས་ཡང་བསྐྱར་བྱང་ཆུབ་མཆོད་རྟེན་གྱི་ཚུལ་དུ་བཞེངས། མཐོ་ཚད་ལ་ཁྲི་ཙི་བདུན་ཅུ་དང་སྲིད་ལ་ཁྲི་ཙི་སུམ་ཅུ་ཡོད་ཅིང་། གཟུངས་འཇུག་ལ་རྗེ་སྐུ་ཉིས་འབུམ་དང་། ཚེ་ལྷ་རྣམ་གསུམ་ཆིག་འབུམ་རེ། སྒྲོལ་མ་ཆིག་འབུམ། མི་འཁྲུགས་པ་ཆིག་འབུམ། ཏིང་འཕགས་སྐལ་གསུམ་ཚར་བཅུ་རེ། བཀའ་ཐང་ཤེལ་དྲག་མ་ཚར་ལྔ། ཚ་ཙ་འབུམ་ཕྲག་གང་མང་སོགས་ཁོང་གི་ནབ་བཟའ་དང་ཕྱག་ཕྲེང་བཅས་བཞུགས་པ་མ་ཟད། མཆོད་རྟེན་གྱི་མཐའ་འཁོར་དུ་མ་ནི་དུང་འཁོར་བཞི་དང་། ཡིག་བརྒྱ་དུང་འཁོར་གཉིས། ཐར་མདོའི་འཁོར་ཆེན་གཅིག་སོགས་བཞུགས་ཤིང་། རྡོ་སྐོས་ཆེན་མོ་ཡུམ་ཚར་གཉིས་དང་། འཕགས་པ་སྐལ་བཟང་ཚར་བཅུ། ཏིང་འཕགས་ཚར་རེ། རྒྱལ་པོ་བསོད་ནམས་སྟོབས་ཚར་གཅིག བཀའ་ཐང་ཤེལ་དྲག་མ་ཚར་བཅུ། མ་ནི་ཁྲི་རྡོ་དང་བཅས་པ་བཞུགས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com