ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་དུ2011ལོའི་འཇང་དགུན་ཆོས་ཆེན་མོ་ཚད་མའི་ཆོས་ཐོག་ཚོགས་པ།
རེབ་གོང་རོང་བོ་དགོན་ཆེན་དུ2011ལོའི་འཇང་དགུན་ཆོས་ཚོགས་པའི་རྣམ་པ།
2011ལོའི་འཇང་དགུན་ཆོས་ཆེན་མོ་ཚད་མའི་ཆོས་ཐོག་དེ་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནས་བོད་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ཚོགས་མགོ་བརྩམས་ཤིང་། ཐེངས་འདིར་བོད་ཁམས་ཀྱི་དགོན་པ་བཅུ་གཅིག་ལྷག་གི་འཐུས་ཚབ་པ་ཕེབས་ཡོད་དེ། རེབ་གོང་རོང་བོ་དགོན་པ་གཙོ་བྱས་པའི་ཀིརྟི་དགོན་པ་དང་། སྤྲེལ་རྫོང་དགོན་པ། གསེར་ལག་དགོན་པ། ལྷ་མོ་རྩེ་དགོན་པ། མཐོ་ལས་དགོན་པ། གཙོས་དགོན་པ། རྭ་རྒྱ་དགོན་པ། བུ་དགུ་དགོན་པ། གཙང་དགོན་པ། ལྷ་མོ་ཀིརྟི་དགོན་པ། ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་ངམ་དགོན་པ་སོ་མ། རྫོང་དཀར་དགོན་པ་བཅས་ཡིན་ལ། རྩིས་གྲངས་གསལ་བོ་ཞིག་ལག་ཏུ་མ་སོན་ནའང། ཕལ་ཆེར་དགེ་འདུན་པ་སྟོང་ཕྲག་གསུམ་ལྷག་འདུས་ཡོད་སྐད། དེ་རིང་ནི་ཚོགས་ཆེན་གྱི་ཉིན་ལྔ་བ་ཡིན་ལ། ཚེས་བཅོ་ལྔའི་ཉིན་ནི་ཆེས་མཐའ་མཇུག་གི་ཉི་མ་རེད།
རེབ་གོང་རོང་བོ་དགོན་ཆེན་དུ2011ལོའི་འཇང་དགུན་ཆོས་ཚོགས་པའི་རྣམ་པ།
ཚད་མའི་རྩོད་པ་བྱེད་བཞིན་པ།
ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་དུ2011ལོའི་འཇང་དགུན་ཆོས་ཚོགས་པའི་སྒྲིག་ཡིག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com