དད་སེམས་རྣམ་དག་གིས་བརྩིགས་པའི་བཀའ་འགྱུར་མཆོད་རྟེན་གསར་བ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།    དུས་ཚོད།:2011-08-23 11:07:00 ཀློག་གྲངས།:


ཉི་འོད་འོག་གི་བཀའ་འགྱུར་མཆོད་རྟེན།

            ལྷ་སའི་སྐུ་སྟོང་གཡང་རོང་གི་ཉེ་འགྲམ་དུ། གསར་དུ་བསྐྲུན་པའི་བཀའ་འགྱུར་རྡོ་བརྐོས་མཆོད་རྟེན་ཞིག་ལྷ་སའི་ལྕགས་ཕོ་རིའི་རྩེ་ན་བརྩིགས་ཡོད་པ་རེད། མཆོད་རྟེན་གྱི་རྡོ་རིང་སྟེང་དུ། བཀའ་འགྱུར་མཆོད་རྟེན་འདི་སྤྱི་ལོ1995ལོའི་བོད་རྩིས་ཀྱི་ཟླ4ཚེས10ཉིན་བཞེངས་བསྐྲུན་བྱེད་འགོ་བརྩམས་པ་དང་། སྤྱི་ལོ2009ལོའི་བོད་རྩིས་ཀྱི་ཟླ4ཚེས10ཉིན་ལེགས་འགྲུབ་བྱུང་ཞེས་བཀོད་འདུག     བཀའ་འགྱུར་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་རྩ་ཆེན་ཞིག་ཡིན་ལ། བཀའ་འགྱུར་རྡོ་བརྐོས་མཆོད་རྟེན་འདི་ནི་མཆོད་རྟེན་བཞེངས་མཁན་གྱིས་བཀའ་འགྱུར་ཆ་ཚང་རྡོ་ཐོག་ཏུ་བརྐོས་པ་དང་། ཆོས་གཞུང་བརྐོས་ཡོད་པའི་རྡོ་ལེབ་དེ་དག་གིས་མཆོད་རྟེན་བརྩིགས་ནས་གྲུབ་པ་ཞིག་རེད།


བཀའ་འགྱུར་བརྐོས་ཡོད་པའི་རྡོ་ལེབ་རེ་རེ་སྐུ་འདྲ་དང་ལྕགས་དྲས་བརྟན་པོར་བཟོས་ཡོད་པ།

            ལྷ་སར་ཡོད་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་གནས་མཆོག་མང་བོ་དང་མི་འདྲ་བར། མཆོད་རྟེན་འདི་ནི་ཆེས་ན་ཆུང་བའི་མཆོད་རྟེན་ཞིག་རེད། དེ་ཡང་སྤྱི་ལོ1995ལོར་བཞེངས་བསྐྲུན་བྱེད་འགོ་བརྩམས་པ་དང་། སྤྲུལ་སྐུ་འཇིགས་མེད་དཔལ་བཟང་ལགས་ཀྱིས་བོད་ཁུལ་ནས་ཕེབས་པའི་དད་ལྡན་མང་ཚོགས་སྐོར་ཞིག་སྣེ་ཁྲིད་དེ་རྡོ་ལེབ་རེ་རེའི་སྟེང་དུ་བཀའ་འགྱུར་བརྐོས་པ་དང་། རྡོ་བརྐོས་དེ་དག་རེ་རེ་བཞིན་བརྩིགས་ནས་གྲུབ་པ་རེད།


དད་ལྡན་མང་ཚོགས་ཀྱིས་སྨོན་འདུན་མཚོན་བྱེད་ཀྱི་མེ་ཏོག་རྡོ་ལེབ་ཀྱི་བར་གསེང་དུ་བཙུགས་ཏེ་བཀྲ་ཤིས་སེམས་འདུན་མཚོན་པ།

            རི་ཆུ་དང་མཆོད་རྟེན་སོགས་སྐོར་བ་ནི་ཆོས་ལུགས་ཀྱི་ཆོ་ག་རིགས་ཤིག་ཡིན་ལ། དད་ལྡན་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་དོན་སྙིང་གལ་ཆེན་ལྡན་དེ། དཔེར་ན། དད་ལྡན་མང་ཚོགས་ཀྱིས་དད་འདུན་གྱིས་བཞེངས་པའི་མཆོད་རྟེན་གྱིས་མཇལ་བ་ཁྲི་སྟོང་མང་པོ་སྐོར་བ་དང་སྨོན་ལམ་འདེབས་པར་བཀུག་ཅིང་། ནང་བའི་གདུལ་ཞིང་གི་ཕྱི་ནང་གསང་གསུམ་གྱི་དད་འདུན་གཙང་མ་མངོན་པར་བསྟན་ཡོད།


དད་ལྡན་མང་ཚོགས་ཀྱིས་མཆོད་རྟེན་འདབས་ཀྱི་མ་ཎིའི་འཁོར་ལོ་སྐོར་བཞིན་པ།

            བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་གཙོ་བོར་གྱུར་བའི་ལྷ་སས་ཕྱོགས་སོ་སོའི་དད་ལྡན་མང་ཚོགས་ཚུར་འགུག་བྱས་དང་བྱེད་བཞིན་ཡོད་ལ། མཚོ་སྔོན་ནས་ཐོན་པའི་བོད་རིགས་ཨ་མ་རྒན་མོ་ཞིག་ད་ལོར་དགུང་ལོ་དོན་དགུར་སོན་ཞིང་། ས་ཐག་རིང་པོ་ནས་མཇལ་སྐོར་དུ་འོང་བའི་བྱེད་པས་ཁོ་མོའི་དད་འདུན་གཙང་མཚོན་ཐུབ་པ་དང་། ཁོ་མོའི་ངོ་གདོང་དུ་དུས་ཚུགས་ཀྱིས་རྒས་གཉེར་དོད་དུ་བཅུག་འདུག་ལ། སྤྲོ་སྐྱིད་དང་དབེན་འཇགས་ཀྱི་ཉམས་མདངས་ཤིག་ཀྱང་ཤར་འདུག ས་གནས་དེ་གའི་མིས་མཚམས་སྦྱོར་བྱས་པ་ལྟར་ན། མཇལ་སྐོར་བ་ཚོས་གནས་འདི་ག་ནས་སྨོན་ལམ་འདེབས་པ་ནི་རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་མ་ཡིན་པར། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་བདེ་བའི་དོན་དུ་ཡིན་པ་དང་།   རྒྱུ་མཚན་ནི་ཁོ་ཚོས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཚེ་རང་གི་འཚོ་བའང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་བར་འདོད་པས་རེད། དྭངས་གཙང་དང་གཟི་བརྗིད་ཀྱིས་ཕྱུག་པ་ནི་མཐོ་སྒང་ཁ་བ་ཅན་གྱི་མཛེས་ལྗོངས་ཁོ་ན་ཙམ་མ་ཡིན་པར། ལྷད་མེད་དྭངས་གཙང་གི་བོད་མི་རྣམས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་འདེབས་པའི་དཀྱེལ་ཡངས་བའི་བློ་ཁོག་ཀྱང་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།