རེབ་གོང་ས་ཆས་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་ལ་རོལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2011-07-20 09:37:00 ཀློག་གྲངས།:


རེབ་གོང་དྲུག་པའི་ཀླུ་རོལ།


ལྷ་རྩེ་བྱེད་བཞིན་པ།


ལབ་རྩེ་བསྟོད་པ། 


ལབ་ཙེ་བསྟོད་པའི་ལམ་བར་གྱི་རྣམ་པ།


ལྷ་འབབ་པ།


བུད་མེད་རྣམས་ཀྱི་རྒྱན་ཆ་དང་འཁྲབ་སྟངས། 

            ཧོར་ཟླ6པའི་ཚེས17ཉིན་ནས་བཟུང་། མདོ་སྨད་ཡུལ་དུ་ཆེས་མིང་གྲགས་ཆེ་བའི་རེབ་གོང་སྲོལ་རྒྱུན་རིག་གནས་ཆེན་མོ་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་དེ་སྔར་རྒྱུན་བཞིན་ས་དཀྱིལ་སྡེ་བ་ནས་མགོ་བརྩམས་ཤིང་། རེབ་གོང་ས་ཁུལ་གྱི་དྲུག་པའི་ཀླུ་རོལ་འདི་བོད་ཁུལ་གྱི་ས་ཆ་གཞན་པ་ན་མེད་པའི་དམངས་ཁྲོད་ཀྱི་དུས་ཆེན་ཁྱད་པར་བ་ཞིག་གམ། ཡང་ན། བོད་ཀྱི་གདོད་མའི་སྤྱི་ཚོགས་ཤེས་རིག་དང་དངོས་ཡོད་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀླུ་རོལ་ལས་མངོན་པའི་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་རྩེད་མོའི་རྣམ་པ་དང་། ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཤེས་རིག་གི་མཛེས་ཆོས། ལུས་ཀྱི་ཉམས་འགྱུར། འཁར་རྔའི་སྒྲ་གདངས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ལས་བོད་ཀྱི་གདོད་མའི་ཤེས་རིག་གི་ཉིང་བཅུད་མཚོན་པས་ན། རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཞིབ་འཇུག་པ་དང་མགྲོན་པོ་མང་པོ་ཞིག་དུས་ལྟར་ཀླུ་རོལ་གྱི་དུས་ཆེན་འདིར་ཞུགས་ནས་རྒྱུས་ལོན་དང་ཞིབ་འཇུག་བྱེད་ཀྱིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།