གོང་དཀར་གནས་རྙིང་ཆོས་སྡེ་དགོན་གྱི་གོས་སྐུ་དང་འཆམ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཤིན་ཧྭ་དྲ་བ།     དུས་ཚོད།:2011-03-21 10:50:00 ཀློག་གྲངས།:


སངས་རྒྱས་ཤཱཀྱ་ཐུབ་པའི་གོས་སྐུ་ཆེན་མོ།


ཆོས་སྡེ་དགོན་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་གོས་སྐུ་ཆེན་མོ་བཤམས་པ།


ཆོས་སྡེ་དགོན་གྱི་སེར་མོ་བས་ལྷ་རྔ་འཁུར་ནས་འཆམ་རྒྱག་བཞིན་པ།


ཡུལ་དེའི་དད་ལྡན་མང་ཚོགས་ཀྱིས་ནས་འབྲུ་རྒྱབ་ཏུ་འཁུར་ནས་དགོན་པར་འབུལ་དུ་འགྲོ་བ།


ལྷ་རྔ་འཁུར་བའི་འཆམ་པའི་རྒྱབ་ཏུ་འཇལ་བ་མང་པོ་ཡོད་པ།


ཆོས་སྡེ་དགོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསོལ་སྨོན་ཞུ་བ།


དགོན་པའི་སེར་མོ་བ་རྣམས་ཀྱིས་འཇལ་བ་རྣམས་ཀྱི་ཁྲོད་དུ་ཚོགས་རྫས་གཏོར་བ།

            ཟླ3པའི་ཚེས19ཉིན་ནི་བོད་ལུགས་ཀྱི་ཟླ1ཚེས15ཉིན་ཡིན་ཞིང་།དུས་ཡུན་ཟླ་ཕྱེད་ཙམ་གྱི་བོད་ལོའི་ལོ་གསར་མཇུག་རྫོགས་པ་རེད། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གོང་དཀར་ཆོས་སྡེ་དགོན་གྱིས་སྔར་གྱི་ལུགས་སྲོལ་ལྟར། གོས་སྐུ་བཤམས་པ་དང་།འཆམ་རྒྱག་པའི་ཆོས་ཀྱི་བྱེད་སྒོ་སྤེལ་ནས་སེམས་ཅན་ཀུན་བདེ་ལེགས་ཡོང་བའི་སྨོན་ལམ་བརྒྱབ་པ་རེད། ཤེས་གསལ་ལྟར་ན། ཆོས་སྡེ་དགོན་ནི་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་དགོན་ལག་ཅིག་ཡིན་ཞིང་།དགོན་པ་དེའི་འཆམ་ལ་ལོ་ངོ500ལྷག་གི་ལོ་རྒྱུས་ལྡན་པ་དང་།ད་ལྟའི་བར་རྒྱུན་ཆད་མེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།