མཚུར་ཕུ་དགོན་དུ་ཆོས་ཚོགས་ཀྱི་འཆམ་འཁྲབ་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-04 10:11:00 ཀློག་གྲངས།:


འཆམ་འཁྲབ་བཞིན་པ།

             ཟླ3ཚེས2ཉིན།  ད་ལྟའི་བར་ལོ་ངོ800ལྷག་གི་ལོ་རྒྱུས་ལྡན་པའི་བོད་རྒྱུད་ནང་བསྟན་ཀརྨ་བཀའ་རྒྱུད་པའི་མ་དགོན་ཏེ་མཚུར་ཕུ་དགོན་གྱིས་ལོ་རེའི་དགུན་དུས་ཀྱི་ཆོས་ཚོགས་སྤེལ་པར།  ཉིན་སྔོན་མར་འཆམ་འཁྲབ་པ་སོགས་སྔོན་སྦྱོང་བྱས་པ་རེད།  
             སྤྱིར་བཏང་དུ་བོད་ལུགས་ཟླ12ཚེས29ཉིན།  བོད་ཁུལ་དུ་སྲོལ་རྒྱུན་གྱི་གདོན་བགེགས་སེལ་བའི་ཉིན་ཡིན་ཞིང་།  རྒྱུས་ལོན་བྱས་པ་ལྟར་ན།  མཚུར་ཕུ་དགོན་གྱིས་ཆོས་ཚོགས་ལ་འཆམ་འཁྲབ་པ་འདི་ཡང་ཚེས29ཉིན་གྱི་གདོན་བགེགས་བར་ཆད་སེལ་བའི་སླད་དུ་ཡིན་པ་དང་།  ལོ་གསར་བའི་ནང་ནད་མེད་ཚེ་རིང་དང་བཀྲ་ཤིས་ཤིང་དོན་འགྲུབ་པར་སྨོན་འདུན་ཞུས་པའི་ཆེད་དུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།