ཕོར་བ་དགའ་ལྡན་ཀྲིག་ཀ་སོགས་ཀྱི་མཚོན་དོན།
རྩོམ་པ་པོ།:བློ་བཟང་ཀུན་མཁྱེན།
ཡོང་ཁུངས།:ཙོང་ཆུའི་་དྲ་བ།
དུས་ཚོད།:2011-02-22 09:53:00
ཀློག་གྲངས།:
གསང་བའི་སྐབས་སུ་ཀཱ་པ་ལ་ཞེས་པ་དེ་སྒྲུབ་པ་པོའི་འབྱུང་བ་བཞི། བདེ་སྟོང་ལ་སོགས་པའི་མཚོན་དོན་མཐའ་ཡས་པ་གསུངས་ཡོད། རྒྱུན་དུ་སྤྱོད་པའི་ཕོར་པ་དགའ་ལྡན་ཀྲིག་ཀ་ཞེས་པ་དེ་མཚོན་དོན་གང་ཡང་མེད་པའི་ངོས་འཛིན་པ་ནི་གླེན་པ་མ་རེད་དམ། རྗེ་བླ་མས་དེ་ཡི་བསྟན་དོན་རགས་ཙམ་བརྗོད་པ་ནི་འདི་ལྟར་སྣང་། རྒྱུད་སྡེ་བཞི་དང་ཐེག་པ་གསུམ་མཚོན་ཚུལ་ཡོད། དཀྱིལ་གྱི་ཀྲིག་ཀ་དེ་ནི་བདག་ཅག་གི་སྟོན་པའི་ལྷུང་བཟེད་ཅེས་པ་དེ་ཡི་བཟོ་ཡོད་པ་ལ་དེ་མཐུད་ཅིག་བྱས་ཡོད་པས་དེ་ནི་སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་མཛད་པ་ཡིན། འོན་ཀྱང་བདག་ཅག་སྟོན་པའི་མཛད་རྗེས་གྲངས་ལས་འདས་པ་ཡོད་ཀྱང་བོད་ཡུལ་དབུས་སུ་རྗེ་ཡི་བཀའ་དྲིན་ཡིན་པ་ནི་འདི་ལྟར་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ་ཞེས་གསུངས་པ་དེ་བཞིན་མ་ཡིན་ནམ་ཞེས་ཞུས་པ་ལགས་སོ། །
ཤམ་ཐབས་དང་བླ་གོས་མཐང་གོས་ཞེས་པ་དེ་ནི་བདག་ཅག་གི་སྟོན་པའི་མཛད་པ་ཡིན་ལ། དེང་དུས་སུ་རང་རེའི་གྱོན་པ་འདི་རང་ཡིན་པས་མདུན་དུ་སུལ་གསུམ་བྱས་པ་ནི་སྡོམ་གསུམ་ཁས་བླངས་པའི་བརྡ་མཚོན། རྒྱབ་ལ་ལྟེབ་གཉིས་ཡོད་པ་ནི་སྒྲིབ་གཉིས་ཡོངས་སུ་སྤངས་པའི་བརྡ་མཚོན། གཟན་ཞེས་པ་འདི་སྔོན་རྒྱ་གར་ལ་མེད་དམ་བསམས། གང་ལགས་ཤེ་ན། དེ་ནི་རྗེ་ཡིས་ཡུལ་དུས་ལ་བསྟུན་ནས་བྱས་སམ་ཡང་ན་མཐང་གོས་བླ་གོས་གཉིས་རྒྱུན་དུ་གྱོན་གྱི་མེད་པ་དེའི་ཚབ་ཏུ་བྱས་པར་སྣང་། གཟན་ཞེས་པ་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་མནབས་མེད་པའི་ཕྱིར་རོ། རྗེ་བླ་མའི་མཛད་པ་ནི་འཛམ་གླིང་ཡོངས་ཀྱི་མཁས་པའི་ཡིད་དབང་འཕྲོག་ཐུབ་པས་མཛད་རྗེས་བླ་ན་མེད་པ་ཡོད་པའི་ཕྱིར་རོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།