ལྕགས་ཡོས་ལོའི་རེབ་གོང་བོན་བརྒྱ་དགོན་པའི་གོས་སྐུ་ཆེན་མོ།

རྩོམ་པ་པོ།:དགེ་བཤེས་ཡེ་ཤེས་བློ་གྲོས། ཡོང་ཁུངས།:རེབ་གོང་བོན་མང་དྲ་ཚིགས། དུས་ཚོད།:2011-02-15 10:01:00 ཀློག་གྲངས།:


གོས་སྐུའི་ཞལ་ཕྱེས་པ།

            ཧོར་ཟླ1པོའི་ཚེས5ཉིན་ནི་རྗེ་མཉམ་མེད་རིན་པོ་ཆེའི་འདས་མཆོད་ཀྱི་ཉིན་མོ་རེད་ལ། ཉིན་འདིའི་ཞོགས་པར་མདོ་སྨད་བྱང་རྒྱུད་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགེ་འདུན་པ་ཡོངས་ཀྱིས་དུས་ཆེན་གྱི་འགྲོ་རིམ་ལྟར་འདོན་པ་གསུངས་ཤིང་སེར་ཕྲེང་གི་འགོ་ནས་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་དགོན་པོའི་ལྔ་རིག་གཞུང་ཆེན་བཤད་སྒྲུབ་སློབ་གླིང་གི་རྒྱུགས་སྤྲད་པའི་སློབ་མ་རྣམས་ལ་བྱ་དགའ་གནངས། 
            དེའི་རྗེས་སུ་དགེ་འདུན་པ་ཡོངས་སེར་ཕྲེང་ལ་ཕེབས་ཤིང་གོས་སྐུའི་ཞལ་ཕྱེ་ནས་འདོན་མཆོད་གྲུབ་པར་མཛད་རྗེས། གོས་སྐུའི་མདུན་ནས་བོན་མདོ་སྔགས་རྫོགས་གསུམ་གྱི་རྩོད་པའི་དམ་བཅའ་བཙུགས། ཕྱི་དྲོར་དུས་ཆེན་གྱི་འགྲོ་རིམ་ལྟར་འདོན་པ་གྱེར་པ་དང་དགོང་མོར་མཚན་འཕེན་དམ་བཅའ་བཙུགས་ནས་མཇུག་ཡོངས་སུ་རྫོགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།