ཕྱག་འཚལ།

རྩོམ་པ་པོ།:མིང་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-12-31 09:36:51 ཀློག་གྲངས།:

  བོད་མི་གནས་སྡོད་ཀྱི་ས་ཆ་ཞིག་ཡིན་ཕྱིན་ཕྱག་འཚལ་མཁན་མཐོང་རྒྱུ་ཡོད་ཅིང༌མི་རིགས་གཞན་པ་མང་པོ་ཞིག་གིས་བོད་མིས་དཀའ་ངལ་འཛེམས་མེད་ཀྱིས་ཕྱག་དེ་ལྟར་འཚལ་དགོས་དོན་གང་ཡིན་ཐད་གོ་བ་ལེན་ཐབས་བྲལ་བས་ཡ་མཚན་པ་དང༌། དགོད་བྲོ་བ་ཞིག་ལ་བརྩི་ཡི་ཡོད་པ་རེད།  ཕྱག་འཚལ་མཁན་གྱི་ངོས་ནས་བཤད་ན། དཀའ་བ་དེ་ལྟ་བུ་སྤྱད་དེ་ཕྱག་འཚལ་བའི་དགོས་པ་ནི། ཆོས་དད་ཀྱི་ཐོག་ནས་བཤད་ན་དམིགས་ཡུལ་ངེས་གཏན་ཞིག་ཡོད་པ་སྟེ། སྡིག་སྦྱོང་སྒྲིབ་སེལ་གྱིས་ཐར་པའི་ལམ་ལབགྲོད་ཅིང༌།  སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོག་ཏུ་གུས་འདུད་བྱེད་པ་ཞིག་ཡིན། དེ་ལྟ་བུའི་དམིགས་ཡུལ་ཞིག་ཡོད་པར་བརྟེན། དཀའ་སྡུག་ལ་འཛེམས་པ་མེད་པའི་སེམས་ཤུགས་ཤིག་བྱུང་བ་རེད།  ཕྱག་འཚལ་སྲོལ་ལ་བརྐྱངས་ཕྱག་དང་སྐུམ་ཕྱག་ཁག་གཉིས་ཡོད། བརྐྱངས་ཕྱག་འཚལ་མཁན་ནི་བོད་ཀྱི་དགོན་པ་དག་ཏུ་མང་པོ་མཐོང་རྒྱུ་ཡོད།  འགའ་ཤས་ཀྱིས་བརྐྱངས་ཕྱག་འཚལ་ཏེ་ལྷ་ས་དང་གངས་རིན་པོ་ཆེ་ལ་སོགས་པའི་གནས་རྩ་ཆེན་རྣམས་མཇལ་བར་ཕེབས་ཀྱི་ཡོད།  གཞན་ཡང་བརྒྱ་ཕྱག་དང༌། སྟོང་ཕྱག  འབུམ་ཕྱག་ཞེས་ཕྱག་གི་གྲངས་ཀ་བསགས་ནས་རང་གི་སྒྲིབ་པ་འདག་ཐབས་བྱེད་པའང་ཡོད། སྐུམ་ཕྱག་ནི་པུས་མོ་གཉིས་དང་ལག་འཕུར་བཙུགས་ཏེ་ཕྱག་གསུམ་རེ་འཚལ་བ་རྟེན་གསུམ་དང་བླ་མ་མཇལ་དུས་ཀྱི་གུས་སྲོལ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།