བཀའ་གདམས་པ།
བཀའ་གདམས་པ་ནི་སྟོན་པ་སངས་རྒྱས་ཀྱིས་གསུང་པའི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་རང་གིས་ཉམས་སུ་བླང་བྱའི་གདམས་ངག་ཏུ་ཁས་ལེན་པ། རབ་བྱུང་དང་པོའི་ལྕགས་འབྲུག(༡༠༤༠)ལོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་ལོ་ངོ་བཅུ་བདུན་རིང་མངའ་རིས་དང༌། ལྷ་ས་སྙེ་ཐང༌། འཕན་པོ་བཅས་སུ་ནང་བསྟན་ཆོས་ལུགས་དར་སྤེལ་གནང་ཞིང༌། རབ་བྱུང་དང་པོའི་མེ་བྱ(༡༠༥༧)ལོར་འབྲོམ་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པ་ཕྱག་བཏབ་ནས་གནས་གཞི་བཟུང་སྟེ། ཇོ་བོ་རྗེའི་དགོངས་པ་མཐུན་པའི་ལྟ་སྤྱོད་གཙང་མར་འཛིན་པའི་སློམ་མ་འགའ་ཞིག་བསྐྱངས་པ་དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་བཀའ་གདམས་པ་ཟེར། རྗེས་སུ་དུས་རབས་བཅོ་ལྔ་པའི་འགོར་རྗེ་ཙོང་ཁ་པ་ཆེན་པོས་སྔར་ཡོད་བོད་ཀྱི་ནང་བསྟན་སྲོལ་བཟང་ཉམས་པ་རྣམས་དག་ཐེར་དང༌། ཅུང་ཟད་གནས་པ་རྣམས་གོང་འཕེལ་དུ་གཏོང་བར་མཛད་པ་དང་ཆབས་ཅིག མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་གནས་གཞི་དགའ་ལྡན་རྣམཔར་རྒྱལ་བའི་གླིང་ཕྱག་བཏབ་པ་ནས། བཀའ་གདམས་གསར་མའམ་དགེ་ལུགས་པའི་གྲུབ་མཐའ་དར་སྤེལ་བྱུང་ཞིང་བཀའ་གདམས་ཀྱི་སྡེ་དགོན་རྣམས་དགེ་ལུགས་སུ་གཅིག་འདྲེས་བྱུང་བ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com