༄༅། །ཡོན་ཏན་གཞིར་གྱུར་མའི་བསྡུས་འགྲེལ་འཇམ་མགོན་བླ་མ་

རྩོམ་པ་པོ།:དགེ་བཤེས་ཤེས་རབ་རྒྱ་མཚོས། ཡོང་ཁུངས།:བོོད་རིག་པའི་དྲ་བ། དུས་ཚོད།:2009-09-28 09:11:59 ཀློག་གྲངས།:

  ༄༅། ། འཇམ་དབྱངས་ངུར་སྨྲིག་རྣམ་རོལ་ཙོང་ཁ་པ། ། མཁྱེན་བརྩེའི་ལུས་སྟོབས་དར་མ་རིན་ཆེན་ཞབས། ། སྨྲ་བའི་སེངྒེ་མཁས་གྲུབ་དགེ་ལེགས་དཔལ། །ཡབ་སྲས་གསུམ་གྱིས་བྱང་ཆུབ་བར་དུ་སྐྱོངས། ། མཁྱེན་པས་ཤེས་བྱ་མ་ལུས་ལྷང་ངེར་གཟིགས། ། བརྩེ་བས་འགྲོ་བ་ཡོངས་ལ་བུ་ལྟར་དགོངས། ། ནུས་པས་འཛམ་གླིང་ཆེ་རྒུ་རྣམ་པར་གནོན། ། ཐུབ་བསྟན་རྒྱ་མཚོ་དང་བའི་མེ་ཏོག་བརྩེགས། ། ཕ་རོལ་ཕྱིན་གཞུང་རྒྱས་འབྲིང་བསྡུས་པའི་བཅུད།། གང་གི་ཞལ་གྱི་བུམ་པ་བཟང་པོ་ནས། ། བདག་ལ་འོངས་པ་ལུང་རྟོགས་ནོར་བུའི་མཛོད།། དྲིན་ཅན་བླ་མའི་ཞབས་རྡུལ་སྙིང་གར་འཛིན། ། སྐལ་བཟང་འདོད་པ་འཇོ་ཕྱིར་སྦས་དོན་རྒྱན། ། གཅིག་ལས་དུ་མར་འཕྲུལ་ལ་ལམ་རིམ་ཞེས། ། གྲགས་པའི་བ་དན་གཡོ་བའི་སྙིང་པོ་མཆོག ། བྱིན་རླབས་སྤུངས་ཞུས་ཤིན་ཏུ་གསལ་བར་བྱ། ། དེ་ལ་འདིར་རྗེ་བླ་མའི་གསུང་གི་ཡང་བཅུད་ས་དང་ལམ་གྱི་ཡོན་ཏན་མཐའ་དག་རང་རྒྱུད་ལ་སྤུངས་ཏེ་སྩོལ་བར་ཞུ་བའི་སྨོན་ལམ་ཁྱད་པར་ཅན། ཡོན་ཏན་གཞིར་གྱུར་མ་ཞེས་གྲགས་པ་འདིའི་དོན་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པར་སྨོན་པ་དང༌། སྟེན་ནས་བློ་སྦྱང་བར་སྨོན་པའོ། ། དང་པོ་ལ། ། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། ། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། ། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ། ཞེས་གསུངས་ཏེ། དོན་ནི། ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་འདི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་འབྲས་ཀྱི་ཡོན་ཏན་མཐའ་དག་གང་ལས་འབྱུང་བའི་ཁུངས་སམ་གཞིར་གྱུར་པས་ན། ཡོན་ཏན་ཀུན་གྱི་གཞིར་གྱུར་པ་ཡིན་ཞིང༌། ཚེ་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ལྷུག་པར་སྩོལ་བས་ན། ། དྲིན་ཅན་ཡིན་ལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྐྱབས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ལ་འགོད་པས་ན། རྗེ་ཡང་ཡིན་ནོ། ། དེ་ཚུལ་བཞིན་བསྟེན་པ་ལ་གཉིས། བསམ་པས་བསྟེན་ཚུལ་དང༌། སྦྱོར་བས་བསྟེན་ཚུལ་ལོ། དང་པོ་ནི། ། དད་གུས་བྱེད་པ་སྟེ། ། དེ་ཡང་དཀོན་མཆོག་ཏ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། ཡོན་ཏན་ཐམས་ཅད་སྲུང་ཞིང་སྐྱེད་པར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། ། དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། ། དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། ། ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། ། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག ། ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། ། ཞེས་གསུངས་པ་ལྟར་དད་པའི་ཕན་ཡོན་དང༌། ཆོས་བཅུ་པའི་མདོ་ལས། མ་དད་པ་ཡི་མི་དག་ལ། ། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། ། ས་བོན་མེ་ཡིས་ཚིག་པ་ལ། ། མྱུ་གུ་སྔོན་པོ་ཇི་བཞིན་ནོ། ། ཞེས་གསུངས་པ་ལྟར་མ་དད་པའི་ཉེས་དམིགས་སྒོ་དུ་མ་ནས་བསམས་ཏེ་བླ་མ་ལ་དད་པའི་གཏེར་བརྡོལ་བར་བྱ་ཞིང༌། དུང་དཀར་སེར་སྣང་དང་ཟླ་བ་གཉིས་སྣང་ལྟ་བུར་སྐྱོན་མཐོང་གི་སྣང་བ་མི་བདེན་པར་སྒྲུབ་པའི་རིགས་པ་དང༌། བླ་མ་དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པར་སྒྲུབ་པའི་བློ་སྦྱོང་གི་རིགས་པ་གདམས་པ་འདིའི་བླ་མ་གོང་མ་རྣམས་ཀྱི་ཉམས་མྱོང་གི་སྟེང་ནས་གསུངས་པ་དག་ཡང་ཡང་དྲན་པ་གནད་དུ་ཆེའོ། ། འདི་ལ་སྡོང་པོ་བཀོད་པའི་མདོ་ལས་གསུངས་པའི་སེམས་དགུའི་དཔེ་དོན་ཡིད་དང་འདྲེས་ངེས་སུ་དཔྱད་ན་ཤིན་ཏུ་ལེགས། ། གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། སྒོ་གསུམ་གྱིས་མཉེས་པ་སྤྱི་དང༌། ཁྱད་པར་ཅི་གསུངས་བཀའ་བཞིན་སྒྲུབ་པའོ། ། དེ་ལྟར་བསམ་སྦྱོར་གཉིས་ཀྱིས་བླ་མ་ཚུལ་བཞིན་བསྟེན་པ་ནི། རང་རྒྱལ་ལ་ས་ལམ་གྱི་ཡལ་ག་མཐའ་དག་འབྱུང་བའི་རྩ་བ་གཅིག་པུ་རུ་ལེགས་པར་མཐོང་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཤུགས་དྲག་ལ་རྒྱུན་རིང་པའི་འབད་པ་དུ་མ་ཡིས་མངོན་འདོད་རབ་དང་ཡིད་ཆེས་ཀྱི་གུས་པ་ཆེན་པོས་སྟེན་པར་མདུན་ན་བཞུགས་པའི་སྐྱབས་ཡུལ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་པའོ། ། སྔར་དོན་གྱི་འགངས་རྣམས་དགོངས་པའི་བབ་ཀྱིས་ཆེ་ལོང་དུ་ལེགས་པར་བཀྲལ་ནས་ཕྱིས་མཇུག་བསྡུ་ལྟ་བུར་གོ་བདེ་བའི་ཚིག་འབྲུ་གཉེར་བ་འདི་ནི། འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། ། གཉིས་པ་བསྟེན་ནས་བློ་སྦྱང་བར་སྨོན་བ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་སློབ་པར་སྨོན་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་སློབ་པར་སྨོན་པ། སྐྱེས་བུ་ཆེན་པོའི་ལམ་ལ་སློབ་པར་སྨོན་པའོ། ། དང་པོ་ལ་བཞི། དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་སྐྱེ་བར་སྨོན་པ། འཆི་བ་དྲན་པར་སྨོན་པ། ལས་འབྲས་ལ་ངེས་པ་རྙེད་པར་སྨོན་པ། དགེ་སྡིག་གི་བླང་དོར་ལ་དུས་རྟག་ཏུ་བརྩོན་པར་སྨོན་པའོ། ། དང་པོ་ནི། ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།། ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། ། ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། ། རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། ། ཞེས་པས་བསྟན་ཏེ། དེའང་དལ་འབྱོར་གྱི་རྟེན་ལན་གཅིག་མ་གཏོགས་གཏན་ནས་མ་རྙེད་པ་ག་ལ་ཡིན་ཀྱང༌། རང་རེས་འཁོར་བའི་གནས་འདིར་ངན་སོང་གསུམ་སོགས་སྐྱེ་གནས་ངན་པའི་ལུས་བླངས་པའི་གྲངས་ལ་ལྟོས་ན་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལེན་མ་མྱོང་བའི་ཚོད་ལྟ་བུ་ཡིན་པས་ལན་གཅིག་རྙེད་པ་ཞེས་གསུངས། དལ་བའི་རྟེན་བཟང་ཞེས་དལ་བ་རང་མིང་གིས་བསྟན་ཅིང༌། བཟང་ཞེས་པས་འབྱོར་བའང་བསྟན་ལ། དལ་བ་བརྒྱད་ནི། མི་ཁོམ་བརྒྱད་ཀྱི་ལྡོག་ཟླ་བརྒྱད་ལ་ཟེར་ཞིང༌། མི་ཁོམ་བརྒྱད་ནི། མཐའ་འཁོབ་པ་དང་དབང་པོ་མ་ཚང་བ་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།