བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་སྤྱི་བཤད།
རང་རེའི་གཅེས་སུ་འོས་པའི་ཀྲུང་གོའི་རྒྱལ་ཁབ་འདི་ནི་ཆོས་ལུགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་རྣམ་གསུམ་སྟེ། སངས་རྒྱས་ཆོས་ལུགས་དང་། གནམ་བདག་ཆོས་ལུགས་ཁ་ཆེ་ཆོས་ལུགས་དེ་དག་ལ་རྒྱལ་ཁབ་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་བྱས་ཡོད་པ་མ་ཟད། ཆོས་དད་པ་དེ་དག་གི་སྒྲིག་གཞིའི་རྩ་འཛུགས་དང་། ཆོས་ཀྱི་ཆོ་ག་བཤམས་སའི་ཁོར་ཡུག་བཅས་ལའང་བདག་སྐྱོང་གང་ལེགས་བྱས་ཏེ་ཆོས་ལུགས་དད་མོས་རང་དབང་གི་གནས་བབས་བདེ་སྐྱིད་ལྡན་པ་ཞིག་རང་རེའི་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོ་འདི་རུ་ཡོད་དོ།། དེ་ལས་སངས་རྒྱས་ཆོས་ལུགས་ལ་སྤྱི་ལོ་སྔོན་གྱི་ལོ་གཉིས་པ་ཙམ་ནས་མེས་རྒྱལ་ནང་ཁུལ་དུ་དར་བའི་རྒྱ་བརྒྱུད་ནང་བསྟན་དང་། སྤྱི་ལོའི་དུས་རབས་བདུན་པ་ཙམ་དུ་རང་རྒྱལ་ནུབ་རྒྱུད་ཀྱི་བོད་ཡུལ་དུ་དར་བའི་བོད་བརྒྱུད་ནང་བསྟན། སྤྱི་ལོའི་དུས་རབས་བཅུ་གསུམ་ཙམ་ལ་མེས་རྒྱལ་ལྷོ་རྒྱུད་ས་ཁུལ་དུ་དར་བའི་ལྷོ་བརྒྱུད་ནང་བསྟན་བཅས་སྐད་བརྒྱུད་ཆེན་པོ་གསུམ་གྱི་ནང་དུ་འདུས་ཡོད། དེ་དག་ལས་བོད་བརྒྱུད་ནང་བསྟན་ནི་སྐད་བརྒྱུད་ཆེན་པོ་གསུམ་ལས་ནང་གསེས་བྱེ་བྲག་པ་ཞིག་ཡིན་ལ། དེ་དུས་རབས་བདུན་པ་ཙམ་ནས་བོད་ཀྱི་ཡུལ་དུ་དར་འཕེལ་བྱུང་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འབྲེལ་ཆེ་ལ་འདྲིས་ཟབ་པས་བོད་མི་རིགས་ལ་བག་ཆགས་ཧ་ཅང་མཐུག་པོ་ཞིག་བསྐྲུན་ཡོད།
སངས་རྒྱས་ཆོས་ལུགས་དེ་བོད་ཡུལ་དུ་དར་བ་དང་མཉམ་དུ། བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས། སློབ་གསོ་དང་ཡུལ་སྲོལ་གོམས་འདྲིས་བཅས་ཕན་ཚུན་སིམ་འདྲེས་སུ་གྱུར་སྟབས་བོད་རིགས་བྱིངས་ཀྱིས་མཐོང་ཆེན་དང་དད་པ་བྱེད་ཡུལ་ཞིག་ཏུ་གྱུར་པ་མ་ཟད། དུས་ཡུན་རིང་མོའི་ཁྲོད་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་བོད་ཀྱི་ཤེས་རིག་གི་གྲུབ་ཆའི་གཙོ་བོ་ལྟ་བུར་གྱུར་པ་རེད། དེ་བས་བོད་ནས་སོག་པོ་ཕྱི་ནང་དང་། ཧོར་གྱི་ཡུལ། ཡུས་ཀུའུ་རིགས། ལྷོ་པ་རིགས། མོན་པ་རིགས། འཇང་རིགས། ཕུའུ་མིས་རིགས་བཅས་མི་རིགས་གཞན་ལའང་དར་འཕེལ་བྱུང་སྟེ་དེའི་མི་དམངས་ཀྱིས་ཀྱང་དད་པ་བྱེད་བཞིན་ཡོད། ཀྲུང་གོ་རྒྱལ་ཁབ་རང་ལ་མཚོན་ན། ད་ལྟ་བོད་རང་སྐྱོང་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། ཞིན་ཅང་། ནང་སོག་བཅས་ལྗོངས་དང་ཞིང་ཆེན་ཁག་ཏུ་དར་ཁྱབ་ཟིན་ཡོད་པ་མ་ཟད། ཡུལ་དེ་དག་ལས་ཕྱིའི་འབྲས་ལྗོངས་དང་། འབྲུག་ཡུལ། བལ་བོ། སོག་པོ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཨོ་རུ་སིའི་པུར་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་བཅས་སུའང་དར་ཁྱབ་བྱུང་ཡོད་པ་རེད། བཅིངས་འགྲོལ་བྱས་པའི་ཚུན་ལ། ཆོས་དད་རང་མོས་ཡིན་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་དད་མང་ཚོགས་ཀྱིས་རྒྱུན་ལྡན་གྱི་ཆོས་ཀྱི་འཚོ་བ་དེ་ལ་རྒྱལ་ཁབ་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་ཀྱི་འཚོ་བ་དེ་ལ་རྒྱལ་ཁབ་ཁྲིམས་ལུགས་ཀྱིས་འགན་སྲུང་ལེགས་སྒྲུབ་བྱེད་བཞིན་ཡོད། དེ་ལྟ་བུའི་རིག་གནས་དེ་བོད་ཀྱི་ཡུལ་དུ་ཇི་ལྟར་དར་ཚུལ་དང་གོང་མས་ཇི་ལྟར་བྱམས་གཟིགས་གནང་ཚུལ་ད་ལྟའི་གནས་བབས་ཇི་འདྲ་ཡིན་པ་སོགས་མདོར་བསྡུས་ཏེ་སྤྲོ་བ་ལ།
དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་གནའ་སྔ་མོ་ཞིག་ནས་ད་ལྟའི་བར་ལ་རིག་གནས་ཆེ་ཆུང་བཅུ་ཞེས་གྲགས་པ་ལས་ནང་དོན་རིག་པ་དེ་ལ་ཡོངས་གྲགས་སུ་བོད་བརྒྱུད་ནང་བསྟན་པའི་རིག་པ་ཞེས་ཟེར། དེ་ནི་རང་རྒྱལ་གྱི་ནང་བསྟན་གྱི་སྐད་བརྒྱུད་ཆེན་པོ་གསུམ་ལས་བྱེ་བྲག་པ་ཞིག་ཡིན་ལ། དེའི་ཤེས་རིག་གཞུང་ངོ་མཚར་ཅན་ཞིག་ཡིན་པར་བཤད།
ཡོངས་གྲགས་ལྟར་ན། ལོ༡༣༠༠སྔོན་གྱི་བཙན་པོ་སྲོང་བཙན་གྱི་སྐུ་རིང་ལ་བོད་མཛངས་དུ་མས་གནའ་བའི་རྒྱ་གར་གྱི་སངས་རྒྱས་ཤཱཀྱ་ཐུབ་པས་མཛད་པའི<དགེ་བ་བཅུའི་མདོ>དང<སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག>བཅས་བོད་སྐད་དུ་བསྒྱུར་སྤེལ་བཏང་བའི་རྨང་གཞིའི་ཐོག་རྒྱ་བལ་ལི་གསུམ་སོགས་མི་རིགས་གཞན་པའི་ནང་རིག་ཉེར་མཁོའི་སྐོར་དང་གནའ་བོའི་བོན་ཆོས་ལས་ཀྱང་ཉུང་ཡང་ཅིག་གདམས་བཏུས་བྱས་པ་རིམ་གྱིས་འཕེལ་རྒྱས་བྱུང་བ་ལ་བོད་བརྒྱུད་ནང་བསྟན་རིག་པ་ཞེས་གྲགས། བོད་གངས་ཅན་གྱི་ལྗོངས་འདི་ཡང་མིའི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཚུངས་པར་སྤྲ་དང་སྤྲེའུ་འདུས་པ་ལས་མིའི་འགྲོ་བ་བྱུང་། དེ་ནས་ལུས་སུ་ཤིང་ལོ་ནས་ལག་ཏུ་རྡོ་ཆས་ཐོགས་པའི་བར་ལ་མི་ལོ་རིང་མོ་ཞིག་བརྒྱུད་པའི་ནང་དུ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་མཆོད་བཀུར་ནས་རི་དྭགས་ཀྱི་གཟུགས་སོགས་ལ་མཆོད་མོས་བྱུང་། དེ་ནས་མ་སངས་མཆོད་པ་སོགས་ཐོན་སྐྱེད་རྒྱུ་ཆ་ཤིན་ཏུ་བཀྲེན་པའི་སྤྱི་ཚོགས་སུ་ཆོས་ལུགས་ལ་དད་པ་བྱེད་པའི་བསམ་བློའི་སྟོབས་འཕེལ་ཏེ་བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་བོད་མིའི་དད་པ་བྱེད་ཤུགས་དེ་ཕལ་ཆེར་སྤྱི་ཚོགས་ཡོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། (ཁོ་བོའི་ལུགས)རྒྱུ་མཚན་འདིས་ཕྱི་ནང་གི་ཆོས་ལུགས་སམ་བསམ་བློའི་རིག་འཕྲུལ་འདྲ་མིན་སྣ་ཚོགས་ཤིག་ཐོན་སྐྱེད་རྒྱུ་ཆ་འཕེལ་རྒྱས་དང་མཉམ་དུ་བོད་ཀྱི་ཡུལ་དུའང་དེ་ལྟར་འཕེལ་རྒྱས་བྱེད་མགོ་བརྩམ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com