• ད་ཡོད་བོད་ཀྱི་མིང་མཛོད་དང་ཚིག་མཛོད་དག་ལས་གཏོ་ཞེས་པས་ལྷ་ཀླུ་གཉན་གསུམ་མགུ་བར་བྱས་ནས་དེ་དག་ལས་མི་ལ་བྱུང་བའི་གནོད་པ་ཟློག་ཐུབ་ཐབས་བྱེད་པའི་ཆོ་ག་ཞིག་ལ་གོ་བར་བརྗོད་ཡོད་ན་ཡང་།ད་ཡོད་བོན་གྱི་གཏོ་ཆོག་གི་ཡིག་རྙིང་དང་གཏོ་གཞུང་ཞེས་པའི་འགྲེལ་བརྗོད་བྱེད་སྟངས་ཀྱི་ནང་དོན་གསེད་འགྲོལ་བྱས་པ་ལས།གཏོ་ཞེས་པའི་བྱེད་ལས་ལ་བརྟེན་ནས་འཇིག་རྟེན་ཁམས་ན་འཚོ་སྡོད་བྱས་པའི་མི་དང་རྟ་ཟོག་སེམས་ཅན་སོགས་གང་ལ་ཡང་བདེ་བའི་སྦྱིན་པ་སྤྲོད་ནུས་པའམ།མི་འདོད་ནད་དང་སྲི་ལ་སོགས་པའི་འགལ་རྐྱེན་ཟློག་ནུས་པ།དེ་བཞིན་གནོད་པའི་རིགས་སེལ་བར་བྱེད་པ་དང་།གཡང་གི་རིགས་འགུག་པར་བྱེད་པའི་རིག་གནས་ཀྱི་ངོ་བོ་ལྡན་ཚད་གཏོ་གཞུང་གི་ཁོངས་སུ་བསྡུ་རུང་ངོ་།།...

    2022-01-25 09:28:27 མཚོ་སྔོན་པོ་དྲ་བ། 21984
  • གཏན་ཚིགས་རིག་པ་ནི་ཚད་མ་རིག་པའི་བྱེ་བྲག་ཡིན་ནོ།།ཚད་མ་རིག་པའི་གཞུང་གི་ཁྱད་ཆོས་གཙོ་བོ་ནི་གཏན་ཚིགས་རིག་པ་ཡིན་པས་རྗེས་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་གཏན་ཚིགས་རིག་པ་ཟུར་དུ་ཕྱེས་པ་དང་།བོད་དུའང་«རྟགས་རིག»ཅེས་པའི་གཏན་ཚིགས་རིག་པའི་གཞུང་རང་རྐྱ་བ་བྱུང་ཡོད།མཁས་པའི་ཞལ་རྒྱུན་དུའང་གཏན་ཚིགས་རིག་པ་དེ་ཚད་མ་རིག་པའི་ཚབ་བྱེད་ལྟ་བུར་འདུག་སྟེ།རིག་གནས་ཆེ་བ་ལྔ་འདྲེན་སྐབས་སྤྱིར་སྒྲ་རིག་པ་ཚད་མ་རིག་པ་ཞེས་བགྲངས་པ་ཡིན་མོད།ལ་ལར་ཚད་མ་རིག་པའི་ཚབ་ཏུ་གཏན་ཚིགས་རིག་པ་བགྲངས་པ་འདིས་ཀྱང་བོད་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་ཚད་མ་རིག་པ་ཞེས་པ་གཏན་ཚིགས་རིག་པ་ལ་གོ་བའི་སྣང་ཚུལ་ཡོད་པ་ཤེས་ཐུབ་བོ།།...

    2022-01-21 08:45:00 སྙན་བཟང་པ་དགེ་འདུན། 22034
  • འདིར་བོད་ཕྱི་རབས་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་ཚད་མའི་རིག་གཞུང་གི་རིན་ཐང་མངོན་གྱུར་དང་དབུ་འཕང་དགུང་དུ་འདེགས་ཕྱིར་ནང་ཆོས་སུ་དགོས་དབང་གིས་གསུངས་པ་ལགས་ན།དོན་དངོས་ལ་སྟག་ལོའི་བཞེད་པ་བཞིན་རིག་པ་འདི་ཉིད་ཆོས་ལུགས་མིན་པར་ཐུན་མོང་རིག་གནས་ཀྱི་གཞུང་ལུགས་སུ་འཇོག་པར་ཡོངས་གཅོད་ཀྱིས་གྲུབ་ཕྱིར།སྔ་ཕྱི་མཁས་པ་ཐུན་མོང་གི་དགོངས་པའི་ཤུགས་ལ་གནས་པའི་བཞེད་པ་མཐར་ཐུག་ཀྱང་དེ་ཉིད་ཡིན་པར་དཔྱད་འཇོག་བྱས་ཡོད།...

    2022-01-19 15:10:30 ཁྱུང་ཕྲུག་བློ་བཟང་དར་རྒྱས། 22078
  • རྩོམ་ཡིག་འདིའི་ནང་བོད་ལྗོངས་ལྷོ་ཁ་ཡར་ལུང་ཁུལ་གྱི་གཡའ་བཟང་དགོན་དུ་བཞུགས་པའི་རྩ་ཆེའི་ལོ་རྒྱུས་དཔེ་རྙིང་«གཡའ་བཟང་ཆོས་འབྱུང་བསྟན་པ་གསལ་བྱེད་»ཅེས་པར་ལོ་རྒྱུས་ཡིག་ཚང་རིག་པའི་ཐབས་ལམ་སྤྱད་དེ་ཆོས་འབྱུང་དེའི་རྩོམ་པ་པོ་ནི་མངྒལ་ཞེས་པ་དང་དེའི་རྩོམ་དུས་ནི་ཕལ་ཆེར་ཤིང་ལུག་སྤྱི་ལོ་༡༤༧༥ལོར་ཡིན་ཚུལ་གླེང་བ་དང་།དེ་བཞིན་ཆོས་འབྱུང་དེའི་བརྗོད་བྱ་གཙོ་བོ་དང་།དཔྱད་གཞིའི་རིན་ཐང་སྐོར་གླེང་བརྗོད་རགས་ཙམ་བགྱིས་ཡོད།...

    2021-12-29 11:05:11 ཕུར་བུ་རྡོ་རྗེ། 22369
  • ཤིན་ཅང་གི་མི་ལན་ས་ཆ་ནས་བོད་བཙན་པོའི་དུས་ཀྱི་བོད་ཡིག་གི་«ཚེ་མདོ་»ཡིག་ཆ་དྲུག་རྙེད་ཡོད།དེ་ལས་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་Or.15000/267དང་Or.15000/271གཉིས་ནི་«ཚེ་མདོ་»ཚར་ཞིག་གི་མཇུག་གི་ནང་དོན་ཡིན་ཞིང་།Or.15000/434—Or.15000/437བཞི་ནི་«ཚེ་མདོ་»ཚར་ཞིག་གི་སྟོད་ཕྱོགས་ཀྱི་ནང་དོན་ཡིན།ཀྲུང་གོའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཤིན་ཅང་(ཕལ་ཆེར་ཧི་ཐེན་)ནས་རྙེད་པའི་བོད་ཡིག་ཡིག་རྙིང་«ཚེ་མདོ་»གསེར་བྲིས་BH2—1ཡིག་ཆ་གཅིག་ཉར་ཡོད་ཅིང་དེ་ནི་མདོ་དེའི་ཆེས་མཇུག་གི་ནང་དོན་ཡིན།དཔྱད་རྩོམ་འདིར་ཡིག་ཆ་དེ་དག་གི་གནས་ཚུལ་མཚམས་སྦྱོར་དང་མ་ཡིག་ཕབ་བཤུས་བྱས་པ་དང་། དེ་ནས་ཏུན་ཧོང་བོད་ཡིག་གི་«ཚེ་མདོ་»ཡིག་ཆ་རིགས་གསུམ་དང་བསྡུར་ནས་དཔྱད་པ་བཏང་ཡོད།...

    2021-12-27 11:41:02 བསེ་ཆང་སངས་རྒྱས་དོན་གྲུབ། 24323
  • སྤྱིར་སོག་པོའི་ཡུལ་འདིར་སངས་རྒྱས་ཆོས་ལུགས་དར་སྔ་ཞིང་།ཁྱད་པར་དུ་དུས་རབས་བཅུ་དྲུག་པ་ནས་བཟུང་རི་བོ་དགེ་ལྡན་པའི་གྲུབ་མཐའ་སོག་པོའི་ཡུལ་གྲུ་སོ་སོར་དར་ཁྱབ་ཆེན་པོ་བྱུང་ཡོད།...

    2021-12-16 16:55:48 གཡང་མོ་མཚོས་བསྒྱུར། 22491
  • མཐའ་བཞི་སྤྲོས་པ་ཀུན་འདས་དབུ་མ་ཆེ།།དངོས་ཞེན་བདེན་གྲུབ་བྲལ་བའི་སྟོང་པ་ཉིད།།མ་དག་མཚན་མས་སྟོང་པའི་བདེ་གཤེགས་སྙིང་།།ཀུན་གྱི་བྱེད་པོ་སྟོན་མཆོག་ཐུབ་དབང་བསྟོད།།...

    2021-10-28 15:32:04 སྨྲ་བའི་ཉི་མ། 24409
  • ཕ་མའི་མདོའི་འགྲེལ་པ་གཞན་ཕན་འོད་སྣང་ཞེས་བྱ་བ་བཞུགས་སོ།།སེར་སྨད་དགེ་བཤེས་ཉི་མ།༡མ...

    2021-10-11 15:07:31 སེར་སྨད་དགེ་བཤེས་ཉི་མ།  23556

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།