• སྤྱིར་འཕགས་ཡུལ་དུ་བྱུང་བའི་གྲུབ་ཐོབ་ཀྱི་གཏམ་མཐའ་དག་སུས་བརྗོད་པར་ནུས་ཏེ།སྒྲོལ་མའི་སྔགས་རྒྱུད་ཁོ་ནས་གྲུབ་པ་ཐོབ་པའང་།ཀླུ་སྒྲུབ་ཀྱི་རིང་ཁོ་ན་ལ་སྟོང་ཕྲག་ལྔ་ཙམ་བྱུང་བར་གྲགས་པ་དང༌།དཱ་རི་ཀ་པ་དང༌།ནག་པོ་སྤྱོད་པ་པའི་འཁོར་གྱི་ལོ་རྒྱུས་སོགས་ལས་རྗེས་སུ་དཔག་ནས་བསམ་གྱིས་མི་ཁྱབ་བོ་ཞེས་གོ་བར་བྱའོ།།...

    2022-07-25 17:40:44 རྒྱལ་ཁམས་པ་ཏཱ་ར་ནཱ་ཐ། 27389
  • བོད་ལ་བཙན་པོའི་དུས་ནས་བཟུང་།ནང་པའི་བསྟན་པ་དར་བས་ལོ་རྒྱུས་ཀྱི་རྒྱུན་རིང་ལ།ལོ་རྒྱུས་འཕེལ་བའི་བརྒྱུད་རིམ་ཁྲོད།རང་སའི་ཁྱད་ཆོས་ཅན་གྱི་ཆོས་བརྒྱུད་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་བར་མ་ཟད།ཆོས་བརྒྱུད་སོ་སོའི་གདན་སའི་བྱུང་བ་ལོ་རྒྱུས་བརྗོད་པའི་གདན་རབས་ཡིག་ཚངས་ཀྱང་འབོར་ཆེན་བྱུང་ཡོད།འདིར་གདན་རབས་ཡིག་ཚངས་ཀྱི་གོ་དོན་དང་འབྲེལ་ཏེ།གདན་རབས་ཡིག་ཚངས་ཀྱི་ཐོག་མའི་བྱུང་བ་དང་བར་གྱི་འཕེལ་རིམ།རིགས་དབྱེ་དང་ཁྱད་ཆོས་སོགས་ཕྱོགས་འགའ་ནས་བརྗོད་ཡོད་པ་དང་།གདན་རབས་ཡིག་ཚངས་ནི་དགོན་པའི་ལོ་རྒྱུས་ལས་གཞན།ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་དང་ཆོས་ལུགས་རིག་གནས།རྟེན་སྣ་རྩ་ཆེན།དགོན་པའི་སློབ་གསོ།འཛུགས་སྐྲུན་སྒྱུ་རྩལ།ཆོ་ག་ཕྱག་ལེན།ཆོས་ཐོག་བཅའ་འགྲིག།གྲྭ་ཚང་ཁག་གི་གནས་སྟངས།དགོན་མ་ལག་གི་འབྲེལ་བ།མཆོད་གཞིས་ལྷ་སྡེ་ཁག་གི་གནས་ཚུལ་བཅས་ནང་དོན་སྣ་འཛོམས་ཅན་གྱི་ཡིག་ཚངས་རིགས་ཤིག་ཡིན་པས་དཔྱད་གཞིའི་རིན་ཐང་ཆེ།...

    2022-07-08 09:46:18 རྡོ་རྗེ་ཚེ་བརྟན། 28195
  • ཏུན་ཧོང་བོད་ཀྱི་ཡིག་རྙིང་ཁྲོད་ཆོས་གཞུང་ཤོག་དྲིལ་གྱིས་གྲངས་ཚད་ཆེས་མང་ཤོས་ཟིན་པ་དག་ནི།ལར་རྒྱ་ཆེ་ལ་མང་བ་དང་།འཐོར་ཆེས་ལ་འཛིངས་པ།འགའ་ཞིག་ནི་དབུ་ཞབས་བརྡོལ་བ་དང་།སིལ་བུར་ཆད་པ་སོགས་རྙིང་རལ་དུ་ཐལ་བ་དང་།ཧྲལ་ཧྲུལ་དུ་སོང་བ་སོགས་ཀྱི་དབང་གིས།བརྗོད་བྱའི་ངོས་འཛིན་ནོར་བ་དང་།མིང་བཏགས་ཉེས་པ།གོ་རིམས་འཁྲུགས་པ་སོགས་ཀྱི་སྐྱོན་ཡང་ཅི་རིགས་ཤིག་བྱུང་ཡོད་འདུགདཔྱད་རྩོམ་འདིརP.T.94P.T.114BP.T.658 P.T.836IOL.Tib.J.VOL.3(8)བཅས་གཞིར་བཟུང་ནས།ཤོག་དྲིལ་དེ་དག་གི་བརྗོད་བྱ་མིང་འདོགས་་ཀྱི་གནད་དོན་ལས་བརྩམས་ཏེ།ད་ལྟའི་རྒྱལ་ནང་གི་དཀར་ཆག་རྣམས་སུ་སེམས་ཙམ་པའི་གཞུང་གི་སྐོར་གྱི་ཤོག་དྲིལ་དུ་ངོས་འཛིན་གནང་འདུག་ནའང་།ཞིབ་ཏུ་བརྟགས་ན་ནི་ཐེག་པ་ཆེན་པོའི་མདོ་ཚན་གཅིག་དང་།དགོངས་འགྲེལ་བསྟན་བཅོས་ལས་དབུ་མ་དང་སེམས་ཙམ་པའི་གཞུང་དོན་མི་འདྲ་བ་དུ་མ་ཞིག་ཡོད་ཚུལ་བཅས་གསལ་བར་ངོས་འཛིན་གཏན་འབེབས་བྱས་ཐོགཏུན་ཧོང་བོད་ཡིག་ཆོས་གཞུང་ཤོག་དྲིལ་སྤྱི་དང་བྱེ་བྲག་གི་མཚན་བྱང་གཏན་འབེབས་དང་།བརྗོད་བྱ་ངོས་གཟུང་།གོ་རིམས་མཚམས་སྦྱོར་བཅས་ཀྱི་དགོས་དོན་ཇི་ལྟར་ལག་ཏུ་བླང་ཚུལ་སྐོར་ལ་དཔྱད་པ་བཏང་འདུག་གོ།...

    2022-06-15 09:32:00 ཤ་བོ་རབ་བརྟན། 26684
  • བཤད་བྱ་གཙོ་བོ་གཞི་བཅུ་བདུན་གྱི་ནང་ནས་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་བཤད་པ་སྟེ།དེ་ཡང་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཆོས་འདི་བའི་ལས་དང་དེ་ལ་ནན་ཏན་བྱེད་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གསུངས་ཤིང་།ལས་དེ་ལ་བརྒྱ་རྩ་ཡོད་པའི་ནང་ནས་བོད་དུ་གཞི་གསུམ་སོགས་ལས་འགའ་ཞིག་ལས་ཕྱག་ལེན་གྱི་རྒྱུན་མི་གནས་ལ།གཞི་གསུམ་གྱི་ལག་ལེན་ནི་དར་ཁྱབ་ཆེ་ཞིང་ཧ་ཅང་གལ་ཆེ་སྟབས།འདིར་གཞི་གསུམ་གྱི་རྣམ་གཞག་ཚིག་ཉུང་ལ་གནད་འདུས་ཤིང་གོ་སླ་བ།ལག་ལེན་དུ་འཁྱེར་བདེ་བའི་སྒོ་ནས་བཤད་ཡོད།དེ་ཡང་གཞི་གསུམ་རེ་རེ་ནས་གླེང་གཞི་དང་ངོ་བོ།མཚན་ཉིད།སྒྲ་བཤད།དབྱེ་བ།དགོས་པ།ཕན་ཡོན་བཅས་ཀྱི་སྒོ་ནས་གཏན་ལ་ཕབས་ཡོད་པའོ།།...

    2022-06-14 10:04:26 སྒོ་མང་བློ་བཟང་འོད་ཟེར་རྒྱ་མཚོ 25792
  • བོད་ས་མཐོའི་དགོན་སྡེ་མང་པོས་དམིགས་བསལ་གྱི་མཛད་སྒོའི་སྐབས་སུ་གོས་ཆེན་སྣ་ཚོགས་དྲས་དྲུབ་ཚོས་བསྒྲིགས་ཀྱིས་བཞེངས་པའི་གོས་སྐུའམ་ཞལ་ཐང་ཆེན་མོ་འགྲེམས་སྟོན་བྱས་ནས་བསྟན་པ་དར་བ་དང་སེམས་ཅན་བདེ་བའི་ཆོ་ག་སྒྲུབ་པ་དང་སྦྲགས་དད་ལྡན་མང་ཚོགས་ཚོའི་ཆོས་དད་ཀྱི་དགོས་མཁོ་སྐོང་གི་ཡོད་ལ་དེའི་སྒྱུ་རྩལ་རིན་ཐང་གིས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ཀྱི་ཡིད་དབང་རྦད་དེ་འཕྲོགས་ནས་གངས་ལྗོངས་ས་མཐོའི་གནའ་ཉམས་དོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཞལ་ཐང་རིག་གནས་ཀྱི་སྙན་པ་འཛམ་གླིང་ལ་གྲགས་པར་བྱེད་ཅིང་ཡོད།ད་ཆ་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་སོགས་གོས་སྐུ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་འགྲེམས་པའི་རྫོགས་ལྡན་གྱི་དུས་སྐབས་དེར་གོས་སྐུ་ཁ་ཤས་ཀྱི་ལོ་རྒྱུས་སམ་འབྱུང་ཁུངས་ལ་ཤེས་རྟོགས་རགས་ཙམ་བྱ་རྒྱུ་ནི་གནད་ལ་འཁེལ་བ་དང་དུས་ལ་བབས་པ་ཞིག་རེད།...

    2022-06-10 09:04:01 མཚོ་སྔོན་པོ་དྲ་བ། 25498
  • རྩོམ་འདིའི་ནང་རྟེན་འབྲེལ་ནི་ནང་ཆོས་ཁྲོད་དུ་གལ་འགངས་ཆེ་བའི་ཐ་སྙད་ཅིག་ཡིན་ཞིང་།དེ་འགངས་ཆེར་འགྱུར་བའི་རྒྱུ་མཚན་ཡང་ཐ་སྙད་འདི་ཉིད་འཕེལ་མེད་སོར་གནས་ཅན་ཞིག་མ་ཡིན་པར།ནང་ཆོས་གོང་འཕེལ་སོང་བ་དང་སྦྲགས་རྟེན་འབྲེལ་གྱི་གོ་རྒྱའང་ཇེ་ཆེར་བསྐྱེད་ཡོད་པས།དེ་ལ་དཔྱད་ན་གཅིག་ནས་རྟེན་འབྲེལ་གྱི་གོ་བའི་འཕེལ་རིམ་ལ་གོ་བ་ཅུང་ཞིག་འཐོབ་པ་དང་།ཕྱོགས་གཞན་ཞིག་ནས་རྟེན་འབྲེལ་གྱི་འཕེལ་རིམ་ལ་གོ་བ་བསྐྱེད་ན་རྟེན་འབྲེལ་འདི་ཉིད་ནང་བསྟན་གྱི་འཕེལ་རིམ་ལ་དཔྱོད་པའི་དཀྱུས་སམ་ལྡེ་མིག་ལྟ་བུར་འགྱུར་ངེས་ཡིན་ཚུལ་བསྟན་ཡོད།...

    2022-06-08 09:25:14 ར་ས་བསྟན་འཛིན་ཆོས་གྲགས། 26278
  • ༄༅།།ཀཿཐོག་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཞལ་སྔ་ནས་སྔ་འགྱུར་རྒྱུད་འབུམ་ཞུས་དག་དང་འབྲེལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཚུལ།...

    2022-05-28 19:39:02 ཀརྨ་བདེ་ལེགས། 26086
  • རྒྱ་ནག་ཧྭ་ཤང་གི་ཆོས་ལུགས་བོད་དུ་དར་ཚུལ་སྐོར།...

    2022-05-25 09:01:38 ཀུན་མཁྱེན་གོ་རམས་པ་བསོད་ནམས་སེ 25642

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།