འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག
རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-08 08:57:20
ཀློག་གྲངས།:
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག
ཐེ་ཀོར་གྱིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།
མཁར་མོ་བྱམས་ཀྱིས་བསྒྱུར།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
ཤི་གསོན་གྱི་བསྐལ་པ་མ་ཡིན་པར།
ང་ཁྱོད་ཀྱི་གམ་ན་ཡོད་ཀྱང་།
ངས་བཅངས་པའི་དུང་སེམས་ཁྱོད་ཀྱིས་རྟོགས་དཀའ་བ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
ང་ཁྱོད་ཀྱི་གམ་ན་ཡོད་ཀྱང་།
ངས་བཅངས་པའི་དུང་སེམས་ཁྱོད་ཀྱིས་རྟོགས་དཀའ་བ་དེ་མ་ཡིན་པར།
དགའ་བ་ཐལ་དྲགས་ཀྱང་དུངས་པ་ངག་ནས་བརྗོད་ཐབས་བྲལ་བ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
དུངས་པ་ངག་ནས་བརྗོད་ཐབས་བྲལ་བ་དེ་མ་ཡིན་པར།
དྲན་པ་རུས་རྐང་ལ་ཐིམ་ཡང་ཡིད་མཚོའི་གཏིང་རིམ་ལ་སྦ་དགོས་པ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
དྲན་པ་ངག་ནས་བརྗོད་ཐབས་བྲལ་བ་དེ་མ་ཡིན་པར།
སེམས་པ་འོ་ཆུ་བཞིན་འདྲེས་ཀྱང་འགྲོགས་པའི་བསྐལ་བ་ཕྲ་བ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
སེམས་པ་འོ་ཆུ་བཞིན་འདྲེས་ཀྱང་འགྲོགས་པའི་བསྐལ་བ་ཕྲ་བ་དེ་མ་ཡིན་པར།
བརྩེ་བ་རུས་རྐང་ལ་ཐིམ་ཡང་དུངས་སེམས་ཕྲན་བུ་མེད་པའི་སྤམ་རྫུ་སྟོན་པ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
ཤིང་དང་ཤིང་གི་བསྐལ་བ་མིན་པར།
རྩ་བ་གཅིག་ནས་མཆེད་པའི་ལོ་མ་དག་འཐོར་རླུང་ཁྲོད་ཕན་ཚུན་བརྟེན་མི་ཐུབ་པ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
རྩ་བ་གཅིག་ནས་མཆེད་པའི་ལོ་མ་དག་འཐོར་རླུང་ཁྲོད་ཕན་ཚུན་བརྟེན་མི་ཐུབ་པ་དེ་མ་ཡིན་པར།
གཅིག་གིས་གཅིག་ལ་ཅེར་བའི་སྐར་ཚོགས་དག་བསྣོལ་སའི་འཁོར་ལམ་མེད་པ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
སྐར་ཚོགས་དག་བསྣོལ་སའི་འཁོར་ལམ་མེད་པ་དེ་མ་ཡིན་པར།
བསྣོལ་བའི་དབང་དུ་བཏང་རུང་ལོང་མེད་པར་ཡལ་འགྲོ་བ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
ལོང་མེད་པར་ཡལ་འགྲོ་བ་དེ་མ་ཡིན་པར།
མ་འཕྲད་གོང་ནས་འཕྲད་པའི་བསྐལ་བས་དབེན་པ་དེ་རེད།
འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་ནི།
བྱ་དང་ཉ་ཡི་བར་ཐག་ཡིན་ཏེ།
གཅིག་ནི་མཐོ་བ་གནམ་དང་གཅིག་ནི་རྒྱ་མཚོའི་གཏིང་ན་གནས།
སྙིང་ཉེ་ལགས།
མིག་སྔར། ང་ཁྱེད་ཀྱི་གམ་ན་ཡོད་ཀྱང་།
ཉི་ཟླའི་སྣང་བའི་ཁྲོད་མཚོ་དང་ཉ་མོ་བཞིན་དུ་གཤིབས་ནས་བརྩེ་བའི་འོ་སྤྲི་མངར་མོ་མྱོང་ཐབས་བྲལ་ལོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།