ཡི་དམ་ཚེ་རིང་གི་སྙན་ངག་བོད་འགྱུར་མ། ཚན་པ་གཉིས།
རྩོམ་པ་པོ།:སེང་གཤོང་སྙིང་བྱམས་རྒྱལ་གྱིས་བ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-10-18 08:10:20
ཀློག་གྲངས།:
རྨ་ཀླུང་ཨ་མའི་ཆགས་སྡང་།(ཚན་པ་གཉིས)
ཡི་དམ་ཚེ་རིང་གིས་བརྩམས།
སེང་གཤོང་སྙིང་བྱམས་རྒྱལ་གྱིས་བསྒྱུར།
སེང་གཤོང་སྙིང་བྱམས་རྒྱལ་གྱིས་བསྒྱུར།
འབྲོང་རྭའི་པི་ཝང་སྙན་པར་དཀྲོལ་བ་ན། །
རྨ་ཀླུང་ཨ་མའི་སེམས་སྒྲ་ཐོས་དང་མཚུངས། །
རྨ་ཀླུང་ཨ་མའི་སེམས་སྒྲ་ཐོས་པའི་ཚེ། །
ཕུ་ནུ་མིང་སྲིང་ལྷན་འཛོམས་བྱུང་བ་འདྲ། །
ཕུ་ནུ་མིང་སྲིང་ལྷན་དུ་འཛོམས་པའི་དུས། །
རྨ་ཀླུང་ཨ་མའི་བཀའ་དྲིན་ཡིད་ལ་དྲན། །
རྨ་ཀླུང་ཨ་མའི་བཀའ་དྲིན་དྲན་ཐེངས་རེར། །
པི་ཝང་བཤུམ་འབོད་སྒྲ་དབྱངས་རྣ་བར་ལྷུང་། །
དྲན་སྣང་།
རྨ་ཀླུང་མ་ཡུམ་སྒེག་མོས་གོས་ཀྱི་ཐུ་བ་ཡར་བརྫེས་ཏེ། །
སྲས་མོ་ཆེ་བ་ས་སེར་མཐོ་གཞོངས་ཁམས་འདྲིར་ཉེར་བསྡོགས་ཀྱིས། །
ཞབས་ཟུང་གོམ་པའི་འདེགས་འཇོག་གུར་དཀར་དང་པོའི་སྒོར་བསྒྱུར་དུས། །
སྐུ་སྲས་ཨ་ཆེན་གངས་ལྷས་ཁོང་མོར་གཡུ་ཡི་ན་བཟའ་གསོལ། །
ལམ་ལ་ཆས་པའི་ཨ་མས་གཡག་རྭ་སྟག་རྩེ་སྙིང་གར་གླན། །
གཤིས་འཇམ་ཟོལ་བྲལ་ཨ་ཆེན་གངས་ལྷར་བཅོལ་གདམས་ཡང་ཡང་བྱས། །
ཁྱོད་ཀྱིས་འབྲོང་རྭ་གོག་པོས་བརྩེ་དུངས་ཉེར་སྟོན་པི་ཝང་བཟོས། །
ལྷག་བསམ་དྭངས་མོས་ཨ་མའི་སེམས་ཀྱི་ཆགས་སྡང་མ་ལུས་དཀྲོལ། །
རྨ་ཀླུང་མ་ཡུམ་སྒེག་མོས་གལ་ཏ་ཕྲག་ཏུ་ཉེར་ཁུར་ཏེ། །
སྲས་མོ་བར་མ་དབུས་གཞོངས་ཡངས་པོར་ཁམས་འདྲིར་ཉེར་བསྡོགས་ཀྱིས། །
ཞབས་ཟུང་གོམ་པའི་འདེགས་འཇོག་གུར་དཀར་བར་མའི་སྒོར་བསྒྱུར་དུས། །
སྲས་འབྲིང་རྨ་ཆེན་གངས་རིས་ཁོང་མོར་གཡུ་ཡི་མགུལ་རྒྱན་གསོལ། །
དབང་ཕྱོགས་ཕ་མཐར་འགྲིམ་པའི་ཨ་མ་ཡང་བསྐྱར་གངས་རིར་ལྡོག །
སྤྱན་ཀོང་མཆི་མས་ཁེངས་བཞིན་ཨ་མྱེས་རྨ་ཆེན་འབོད་པ་བཏང་། །
པི་ཝང་སྒྲ་དང་བསྡོངས་ནས་རང་གི་སེམས་སྒྲ་དཀྲོལ་བར་གདམས། །
གླུ་སྐད་བོར་བའི་མི་རིགས་ལ་རྒྱ་ཤོར་བ་ཉིད་དང་མཚུངས། །
རྨ་ཀླུང་མ་ཡུམ་སྒེག་མོས་ཡང་བསྐྱར་བཤུལ་ལམ་རིང་མོར་ཉེར་ཆས་ཏེ། །
སྲས་མོ་ཆུང་བ་མཐིང་མདོག་ཆུ་གཏེར་ཁམས་འདྲིར་ཉེར་བསྡོགས་ཀྱིས། །
ཞབས་ཟུང་གོམ་པའི་འདེགས་འཇོག་གུར་དཀར་ཐ་མའི་སྒོར་བསྒྱུར་དུས། །
སྲས་ཆུང་གཉན་ཆེན་ཐང་ལྷས་ཁོང་མོར་གཡང་ཊིའི་རྣ་རྒྱན་གསོལ། །
ནག་རི་སྒང་ཆེན་བརྒལ་དུས་ད་དུང་ཕྱི་མིག་ཡང་ཡང་ཤོར། །
ཨ་མྱེས་རྨ་ཆེན་མཆོག་ལ་སེམས་ཀྱི་འཁྲེང་ཞེན་ཟབ་མོ་སྤྲིངས། །
འུ་ཐུག་ཐབས་ཀྱིས་ཕོངས་ཏེ་ཡང་བསྐྱར་ཁུག་དཀྱོགས་ཆེན་པོ་བསྐོར། །
དེ་ཡི་དགའ་སྐྱོ་བུ་དང་བུ་མོའི་རྟོག་པའི་སྐལ་བར་བསྐྱུར། །
ཨ་མ་བཞུད་སོང་ཁོང་མོས་བསམ་གཞིག་ཡང་ཡང་གནང་མཐར་བཞུད། །
གངས་རིའི་དྭངས་གཙང་ལྟེང་ཀས་ཁོང་མོའི་སེམས་ཀྱི་རྒྱུད་སྐུད་དཀྲོལ། །
རྨ་ཀླུང་བཞུད་སོང་ཁུགས་དགུའི་དགུ་ཟུང་དཀྱོགས་ཆེན་བསྐོར་ནས་བཞུད། །
མཆི་མས་བརྣངས་པའི་མཛེས་མའི་འཛུམ་གྱིས་ཁོང་མོའི་སྤྱན་ཡོལ་ཕྱེས། །
སྐུ་དྲིན།
རྩྭ་ཐང་ཡངས་པོར་རྐང་བཞིའི་ཁྱུ་ཚོགས་གཟན་ལ་འགྲེམ་པའི་དུས། །
ཁོང་མོས་ས་སེར་མཐོ་གཞོངས་བཞིན་ལ་བྱིལ་བྱིལ་མཉེན་མོ་བཏང་། །
རྔུལ་ཆུས་བརླན་པའི་གོས་ཀྱིས་རི་ཀླུང་མ་ལུས་ལྗང་མདོག་བྱུགས། །
ལམ་རྡུལ་འཚུབ་མས་ཁོང་མོའི་བཀྲག་ལྡན་ལན་བུ་སེར་པོར་བསྒྱུར། །
ཁོང་མོས་སྔར་འདས་གཡུལ་འཐབ་དུ་ནག་ལང་ལོང་ལ་འཁང་ཞིང་།།
ལོ་རྒྱུས་སྒལ་བར་དུ་བས་བདུག་པའི་ཁྲ་ཐིག་ནག་པོས་ཁེངས། །
ཁོང་མོས་དམངས་གཞས་ལེན་བཞིན་བུ་དང་བུ་མོའི་བརྩེ་བ་བཏབ། །
ད་དུང་བུ་དང་ཚ་བོར་སེམས་གསོའི་བདུད་རྩི་ཕངས་མེད་སྦྱིན། །
གུང་ཚིགས་ངལ་གསོའི་འོ་ཇ་རླབས་ཀྱི་མེ་ཏོག་རྒོད་པའི་སྐབས། །
ཁོང་མོ་སན་མིན་འགག་འཕྲང་བརྒྱུད་དེ་དབུས་རྒྱུད་ཁུལ་དུ་བསླེབས། །
ཕངས་མེད་གཏོར་བའི་གཡུ་སྔོན་རྣང་བཅད་ཞིང་ས་གཤིན་པོར་གྱུར། །
ལམ་ཐག་རིང་མོའི་ངལ་བས་ཁོང་མོའི་གོམ་འགྲོས་འཁྱར་ཅིང་འཁྱོར། །
ཁོ་མོས་བྲེལ་སྣང་འཚུབ་མོས་དཀན་གཟན་བྲག་རི་ལ་འཁྱུད་པར། །
ཕྱག་ཟུང་བར་ནས་བརྗིད་ཆགས་རྟ་དཀར་ལྷ་ཁང་ཉེ་བར་སྤྲུལ། །
རྔུལ་ཆུ་འབྱིད་བཞིན་རེ་ཞིག་སོས་དལ་ཤུགས་རིང་ཕྱུངས་པ་ན། །
ལའོ་དབྱང་གྲོང་ཁྱེར་གློ་བུར་བསུང་ཞིམ་སྐྱུགས་པའི་པདྨར་གྱུར། །
གངས་དཀར་རི་བོའི་འདབས་སུ་དུ་ཞགས་ལང་ལོང་འཕྱུར་བའི་སྐབས། །
ཁོང་མོའི་སྙན་དུ་ཀློང་ཡངས་ཆུ་གཏེར་བུ་མོའི་འབོད་སྒྲ་ལྷུང་། །
ཕྱག་ཟུང་མཉེན་མོས་འོ་མ་ཟད་མེད་འཇོ་བའི་འོ་འཛིན་སྐྱོར། །
སིལ་བུར་ཐོར་བའི་རྣ་རྒྱན་ཤར་གྱི་ལྷུན་པོ་ཐའེ་ཧྲན་གྱུར། །
རྒྱ་མཚོས་འཕྲལ་མར་དགའ་སྤྲོའི་རྦ་རླབས་ལང་ལོང་གཡོས་པ་དེ། །
ཉ་ཁྱུ་དྲོད་ཀྱིས་གཏམས་པའི་གཙང་བོའི་འགྲམ་དུ་འཚང་བ་འདྲ། །
སྐབས་དེར་ཨ་མའི་ཡིད་སེམས་བདེ་ལ་འབབ་ཐབས་མ་བྱུང་བས། །
མཆི་མ་ཉིལ་ལེར་རི་ཀླུང་གཉིས་ཀ་ཞི་མཐུན་ཡུག་ཏུ་སྦྲེལ། །
བུ་དང་བུ་མོས་ཨ་མའི་སྙོར་སྐྱོང་བརྩེ་བ་ཡིད་ལ་བཅངས། །
འོན་ཀྱང་ཚང་མས་ཁོང་མོའི་སེམས་ཀྱི་ཆགས་སྡང་ཤེས་ལེགས་སམ། །
ཀུན་གྱིས་རྨ་ཀླུང་རིགས་ཀྱི་བླ་སྲོག་ཡིན་ཞེས་བསྔགས་ན་ཡང་། །
ཨ་མའི་རྗེས་སུ་སྙེག་པའི་བླ་མེད་ཕུགས་འདུན་རྟོགས་ཡོད་དམ། །
བརྩེ་དུང་།
ཁོང་མོས་གསེར་མདོག་དབུ་སྐྲའི་ལན་བུ་སིལ་བུར་ཞིག །
ནམ་རྒྱུན་ཆུ་གཏེར་ཆེན་པོའི་འཇིངས་སུ་ཐེངས་གསུམ་བཀྲུས། །
བྲུལ་ཅིང་འཛིང་བའི་གསེར་སྐུད་རེ་རེ་གསོག་ཅིང་ཉར། །
མཚར་སྡུག་འོད་སྟོང་འབར་བའི་ཁུལ་སྐུད་འཕང་ཞིང་འཁེལ། །
ཁོང་མོས་མཚན་རེར་ལུས་དྲོད་ཁུལ་སྐུད་ཕྱིར་འཐེན་ཏེ། །
མིག་དབང་ཉེར་འཕྲོག་འཕང་ལོ་སྒོར་མོ་འཁེལ་ཞིང་འཐག །
ཉིན་རྒྱུན་ཞོགས་པར་ཆུ་ཤེལ་ལྟ་བུའི་ནམ་མཁར་དྲངས། །
མཚན་ལ་ཉི་མར་གསོལ་ནས་བྱིས་པར་དྲོད་ཁོལ་སྦྱིན། །
ཁོང་མོས་དུང་ལྟར་དཀར་བའི་བཞོན་མ་ཁྲིད་འོང་སྟེ། །
ཉིན་རྒྱུན་ཆུ་གཏེར་ཆེན་པོའི་འཇིངས་སུ་ཐེངས་གསུམ་བཞོས། །
ཉིན་ཐོག་ཟླ་བརྩེགས་ཡུན་གྱི་རྩོལ་བ་བསགས་པའི་མཐར། །
རབ་དཀར་འོད་འབར་ས་འཛིན་མུ་ཁྱུད་ཞུན་མར་བརྡར། །
ཁོང་མོས་སྙིང་ཁྲག་བཏོན་ཏེ་ཆུ་གཏེར་བསྲུབས་པ་ལས། །
དྲི་མེད་དྭངས་གཙང་མར་རྡོག་ཆེན་པོ་གོང་བུར་ཆགས། །
ཉིན་རྒྱུན་མཚན་མོར་སྔོ་བསངས་བུ་མོར་སྐྱེས་སུ་དྲངས། །
མཚན་ལ་ཟླ་བ་གསོལ་ནས་བྱིས་པར་ལམ་སྒྲོན་བཀར། །
བྱིས་པ་མེ་ཏོག་སར་བ་ཇི་བཞིན་ཡག་བཏོད་པར། །
ཁོང་མོས་དབང་གཞུའི་འོད་རླབས་བྲིན་ཆེའི་ཚོན་སྐུད་འཁེལ། །
ཁྲོ་ཁོའི་རྟ་མཆོག་ཉིན་མོ་སུམ་བརྒྱ་དྲུག་ཅུར་རྒྱུགས། །
ད་གཟོད་སྐུད་སྣེ་རིང་མོ་གངས་རིའི་ཟོམ་དུ་འཐེན། །
མེས་རྒྱལ་རི་རྒྱུད་ལས་གྲུབ་འཁོར་སྒྲོམ་ཉེར་བསྡེབས་ཏེ། །
ཙན་དན་ཐགས་སྒྲོམ་བཏེགས་ནས་གོས་ཆེན་སྣམ་བུ་འཁེལ། །
ཆར་རྗེས་སྔོ་བསངས་མཁའ་རུ་ཆ་ཕྱེད་གཉིས་སུ་དྲས། །
འཇའ་ཚོན་གསོལ་ནས་བྱིས་པར་པང་ཁེབས་མཐའ་རྒྱན་བྲེས། །
རྨ་ཀླུང་མཐོང་ཚེ་སྒྲོལ་དཀར་ཡང་བསྐྱར་མངོན་པ་མིན། །
མིག་ཟུང་བཙུམས་རྗེས་ཨ་མའི་ཞལ་གྱི་འཛུམ་མདངས་ཕྱུངས། །
ཨ་མའི་སེམས་ནི་པདྨ་འདབ་བརྒྱད་བཞད་དང་མཚུངས། །
རྨ་ཀླུང་བརྩེ་བ་ང་ཚོ་སྐྱོང་བའི་འགུལ་སླེ་ཡིན། །
གླུ་མཇུག
རྨ་ཀླུང་ཨ་མའི་སྐུ་དྲིན་གླེང་བའི་ཚེ། །
བཤུམ་འབོད་པི་ཝང་སྙན་པོར་དཀྲོལ་བ་འདྲ། །
རྨ་ཀླུང་ཨ་མའི་བརྩེ་བ་དྲན་པ་ན། །
པི་ཝང་སྒྲ་དབྱངས་ཆུ་གཏེར་བས་མཐར་འཕུར། །
ཨེ་མ་རྒྱ་མཚོའི་མཐའ་གཅིག་དྲན་པའི་ཚེ། །
རྒྱུན་པར་ཤ་རུས་གཅིག་པའི་སྤུན་ཟླ་དྲན། །
ཨེ་མ་ཆུ་གཏེར་ཕ་མཐའི་ལྕམ་སྲིང་ཚོས། །
རྨ་ཀླུང་ཨ་མའི་ཆགས་སྡང་རྟོགས་ལགས་སམ། །
1981ལོའི་ཟླ6པའི་ཚེས19ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པའི་སྟེང་ལན་གྲུ་ནས།
གལ་ཏེ་ད་དུང་སུ་དང་གང་གིས་རྟོགས་མ་གྱུར།
སྐྱེ་འགྲོ་སུ་དང་སུས་ཀྱང་རྗེན་པར་མཁྱེན་པ་སྟེ། །
ཉེ་འགྲམ་སྒང་འབུར་རྩྭ་སྐྱ་འཇག་མས་ཁེངས་ཀྱང་ཆོག །
གངས་ཟོམ་མཐོན་པོར་གསོམ་ཤིང་རླབས་སུ་གཡོས་ཀྱང་རུང་། །
ཀུན་ཀྱང་ཤ་རུས་ལྟར་ཉེ་དཔུང་རྡང་ཉེར་སྦྲེལ་ཏེ། །
ས་ཆེན་ཨ་མའི་རུམ་དུ་ཉེ་བར་འཚོ་ཞིང་གཞེས། །
དེའི་ཕྱིར་ས་ཆེན་མཚར་སྡུག་སྙེམས་པའི་མཆོར་སྒེག་དེ། །
ད་གཟོད་ཡིད་ཀྱི་དང་བ་འདྲེན་པའི་ཉམས་འགྱུར་རྫོགས། །
ཨེ་མ་རང་བྱུང་ཁམས་ཆེའི་ཉམས་མེད་བློ་འབྱེད་ཀྱིས། །
བདག་གི་སེམས་པའི་ཟབ་སར་བརྡ་རྟགས་ཕྲ་མོ་བསླངས། །
བདག་གིས་གནས་ལུགས་མཁྱེན་པའི་མཁས་མཛངས་ཅན་གང་དེར། །
ཁྱེད་ཀྱིས་ས་ཆེན་བླ་མེད་དགོངས་དོན་མཁྱེན་ནམ་དྲིས། །

ལང་ལོང་གཙང་པོའི་གྲུ་གཟིངས་གྲལ་ལྟར་བསྒྲིགས་ཀྱང་ཆོག །
ལྷུང་ལྷུང་ཆུ་མོའི་སྔོ་དྲེག་གར་དུ་རྩེན་ཡང་རུང་། །
ཀུན་ཀྱང་སྤུན་ཟླ་ལྟར་ཉེ་རང་སར་འབྲལ་མེད་དུ། །
མཐའ་ཡས་ཆུ་གཏེར་ཟབ་མོའི་འཇིངས་སུ་འབབ་ཅིང་འདུ། །
དེའི་ཕྱིར་ཉལ་འགྲོའི་གཏེར་གྱི་དཔལ་དང་གཟི་ཉམས་གང་། །
ད་གཟོད་རླབས་ཕྲེང་ལང་ལོང་མཁའ་རུ་རྩེན་པ་གསལ། །
བདག་གིས་བློ་འབྱེད་གང་དེ་འཚོ་བའི་གཡར་དམ་བཅས། །
གཡོར་གྲུ་དང་མཚུངས་བདག་གི་སྙིང་རྩེར་འདར་བར་རྩོམ། །
བདག་གིས་མི་སྨྲའི་བརྟུལ་ཞུགས་ཉེར་འཆང་མཁྱེན་ལྡན་ལ། །
ཆུ་ཕྲན་ཀླུང་ཆེན་ཤོང་བའི་བློ་སྤོབས་ཡོད་དམ་དྲིས། །
རི་རྒྱུད་གང་གི་ཆུ་རྒྱུན་ལས་གྲུབ་གནས་ལུགས་ཆེད། །
སུས་ཀྱང་ཟོལ་མེད་རེ་སྒུག་སྟོང་བར་འཛད་མི་རིགས། །
མ་ཡུམ་གཙང་བོའི་ཀློང་དུ་བརྡོལ་བའི་ནུ་ཞོ་དང་། །
མེས་རྒྱལ་ཉི་ཟླ་ལྟ་བུའི་ལམ་སྟོན་གསེར་ཚོན་གཉིས། །
ཡིད་སེམས་མཛའ་མཐུན་ཁྲག་རྒྱུད་གཅིག་ལྟར་སྣང་བའི་མཐུས། །
དེས་ཤིང་མཛངས་པའི་སྤུན་ཟླ་ང་དྲུག་སྙོར་ཅིང་བསྐྱེད། །
དེའི་ཕྱིར་བུ་དང་བུ་མོས་བརྩེ་བའི་དར་སྐུད་ཀྱིས། །
འདྲ་མཉམ་འཆམ་མཐུན་དར་རྒྱས་འབྲེལ་ཐག་ཐགས་སུ་བྲེས། །
ཨེ་མ་ངོ་མཚར་བླ་མེད་ཕུགས་འདུན་གང་གི་ཆེད། །
བརྩེ་ལྡན་ས་འཛིན་ཕྲེང་བར་དམ་པོར་འཁྱུད་ན་བསམ། །
ཨ་མའི་ཁྲག་དང་མཆི་མའི་བརྩེ་བ་རྟོགས་སམ་ཞེས། །
ཕྱི་མིག་ལྟ་བཞིན་ཤ་རུས་སྤུན་ཟླར་འབོད་སྐུལ་བྱས། །
གལ་ཏེ་ད་དུང་སུ་དང་གང་གིས་རྟོགས་མ་གྱུར། །
གལ་ཏེ་ད་དུང་སུ་ཡི་བླ་ཁྱེར་ཧོན་ཐོར་ཡོད། །
བདག་གིས་རྐང་རྗེན་མཁར་སོན་གངས་རིའི་རྩེར་བསྙེགས་ཏེ། །
དྭངས་གཙང་ལྷད་མེད་གངས་ལྷ་མེ་ཏོག་འཐུ་བར་མོས། །
བདག་རང་གཅིག་པུར་འཇིངས་ཡངས་ཆུ་གཏེར་ཞབས་འགྲིམས་ཏེ། །
སེམས་ལྟར་དམར་མདངས་བཀྲ་བའི་བྱུ་རུ་འཚོལ་བར་འདོད། །
བདག་གི་བླ་སྲོག་གངས་ཉིལ་དང་བསྡོངས་ངར་སྐད་ཀྱིས། །
ཁྱེད་རང་རྨོངས་གཉིད་ཕྱོགས་ཞེན་ཉིད་ལས་སློང་བར་མཛོད། །
བདག་གི་ཁྲག་རྒྱུན་མཚོ་རླབས་དང་བསྡོངས་ཉེར་འཕྱུར་ཏེ། །
ཁྱེད་ལ་ཆུ་གཏེར་ལྟར་ཟབ་བརྩེ་བ་གནང་བར་མཛོད། །
སྔ་རབས་རྒན་པས་བརྣག་དཀའི་ཞེ་འཁོན་མི་བསྐྱུར་བར། །
བུ་རབས་ཚ་རྒྱུད་ཀུན་གྱི་སེམས་པར་བསྒོ་དོན་ནི། །
ཀྲུང་ཧྭའི་རིགས་ཀུན་ཤ་ཁྲག་གཅིག་པའི་སྤུན་ཟླ་ལགས། །

1980ལོའི་ཟླ9པའི་ཚེས10ཉིན་ལན་གྲུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།