འགྱུར་རྩོམ། ཆར་ཤོད་ཀྱི་རྗེས་ལ།
རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-11-01 09:00:19
ཀློག་གྲངས།:
ཆར་ཤོད་ཀྱི་རྗེས་ལ།
ཞི་མུའུ་རུང་གིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།
ཚེ་སྲོག་ནི་ཤུགས་དྲག་པའི་སྙན་ངག་ཅིག་ཡིན་ཆོག་སྟེ།
ཁོ་བོར་མདུན་གྱི་ལམ་བུར་དལ་གྱིས་བསྐྱོད་པའི་ཁོམ་ལོང་ཞིག་བྱིན་ཚེ།
རེ་དོགས་མང་པོ་ཞིག་གི་སྣེ་ལ་འཇུས་ནས།
སྐྱ་ཐོལ་ཐོལ་དུ་གྱུར་པའི་ས་སྲོས་དང་བསྡེབས་ཏེ།
ཚོར་དུ་མི་བཏུབ་པའི་ལམ་ཁའི་འདམ་རྫབ་བརྒྱུད་བཞིན།
མུན་པའི་རྔམས་ཁ་རྒོད་པའི་སྤྲིན་གྱི་བར་གསེང་ནས།
འདུ་འདུ་འབྲལ་འབྲལ་གྱི་མཇལ་འཛོམས་ལ།
མིག་གི་གྲུ་ཆར་ཤག་ཤག་གཏོར།
ཚེ་སྲོག་ནི་དུས་ཀྱི་མཐའ་མར་ཅི་ནས་ཀྱང་སྙན་ངག་ལ་འགྱུར་སྲིད་དེ།
ཤག་ཤག་འཇོ་བའི་ཆར་བ་དེས།
ཁོ་བོའི་ནང་སེམས་ཡོངས་སུ་བཤལ་ཏེ་དྭངས་སང་ངེར་གཙང་དག་གེར་གྱུར་ལ།
གལ་སྲིད་ཁྱོད་ཀྱིས་རེ་བའི་རྒྱུན་ཐག་སྐྱོང་སྟེ་ཡུན་རིང་ངང་སྒུག་བྱ་ཐུབ་ཚེ།
དྲི་བཞོན་རླུང་གི་རྒྱུ་ཕྱོགས་ལ་བརྟེན་པའི་ཆུ་འཛིན་ཡང་།
རྒྱུ་བའི་ཁ་ཕྱོགས་གཅིག་ལ་གཞོལ་བའི་ཆུ་མོར་འགྱུར་ངེས།
雨后
席慕蓉
席慕蓉
生命 其实也可以是一首诗
如果你能让我慢慢前行
静静盼望 搜寻
怀带着逐渐加深的暮色
经过不可知的泥淖
在暗黑的云层里
终于流下了泪 为所有
错过或者并没有错过的相遇
生命 其实到最后总能成诗
在滂沱的雨后
我的心灵将更为洁净
如果你肯等待
所有飘浮不定的云彩
到了最后 终于都会汇成河流
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།