“མཚོ་སྔོན་པོའི་མཚན་མོ”8264སྒར་འདེབས་འདུ་ཚོགས་ཆེན་མོ།
མཚོ་སྔོན་པོའི་ཁང་ཕྱིའི་གནས་སྐོར།
མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཀྱི་ཁྱབ་བསྒྲགས་ནུས་པ་བེད་སྤྱོད་ལེགས་པོ་བྱེད་ཆེད་དང་མཛེས་ལྗོངས་གནས་བསྐོར་ཐོན་རྫས་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཚོ་སྔོན་པོའི་སྐྱེ་ཁམས་གནས་བསྐོར་གྱི་ཤུགས་རྐྱེན་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། མདོ་དབུས་མཐོ་སྒང་གི་ཁང་ཕྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས་སྐད་གྲགས་ཅན་བཟོ་ཆེད། ཟླ6པའི་ཚེས30ནས་ཟླ7པའི་ཚེས1ཉིན་མཚོ་སྔོན་པོའི་མཛེས་ལྗོངས་དང་ཀྲུང་གོའི་ཁང་ཕྱིའི་རྒྱུ་ཆ་དྲ་རྒྱས(8264ཁང་ཕྱི་ཚོགས་སྤྱི)མཉམ་དུ་སྒྲུབ་པའི“མཚོ་སྔོན་པོའི་མཚན་མོ”8264སྒར་འདེབས་འདུ་ཚོགས་ཆེན་མོ་མཚོ་སྔོན་པོའི་གླང་ཆེན་མཆེ་བའི་མཛེས་ལྗོངས་ནས་གཟབ་རྒྱས་ངང་བསྡུས་པ་རེད།
ཀྲུང་གོའི་ཆེས་ཡིད་དུ་འོངས་པའི་མཚོ་མོ་སྟེ་མཚོ་སྔོན་པོའི་མཐའ་བསྐོར་གྱི་ཕུན་སུམ་ཚོགས་པའི་རང་བྱུང་གི་ལྗོངས་བཀོད་ཐོན་ཁུངས་ཀྱིས་ཁང་ཕྱིའི་ལུས་རྩལ་སྣ་ཁ་སོ་སོ་སྤེལ་བར་ཆ་རྐྱེན་ཧ་ཅང་ལེགས་པོ་མཁོ་འདོན་བྱས། “མཚོ་སྔོན་པོའི་མཚན་མོ”སྒར་འདེབས་འདུ་ཚོགས་ཆེན་མོས“ཆེས་ཡིད་གར་འོང་མཚོ་སྔོན་པོ”དང་། “མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ལ་ཆེར་དགའ།” “ཁོར་སྲུང་ཐཱན་དམའ་ཅན་གྱི་ཁང་ཕྱིའི་གནས་སྐོར་དར་སྤེལ”བརྗོད་དོན་དུ་བྱས་ནས་ཁང་ཕྱིའི་སྒར་འདེབས་བྱེད་སྒོ8264དྲ་རྒྱའི་སྟེང་ནས་བསྡུས་པ་དང་། ས་ཁུལ་སོ་སོའི་མཉམ་སྤྲོ་ཁང་དང8264ཚོགས་མི། ས་ཁུལ་སོ་སོའི་རླངས་འཁོར་མཉམ་སྤྲོ་ཚོགས་པ་དང་དེར་མོས་མཁན་དག་གིས་མིང་ཐོ་བཀོད་ནས་ཞུགས་ལ། མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་དཀྱིལ་སྙིང་དུ་བཟུང་ནས་རྨི་ལམ་ལྟ་བུའི་མཚོ་སྔོན་པོ་ཁྱབ་བསྒྲགས་དང་། མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཁྱབ་བསྒྲགས། མཚོ་སྔོན་པོའི་མཛེས་ལྗོངས་ཀྱི་ཁང་ཕྱིའི་གནས་སྐོར་ཐོན་ཁུངས་ལེགས་པོ་སྟོན་པ་དམིགས་ཡུལ་དུ་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com