ཁྲི་ཀ་རྫོང་ལ2011ལོའི་སྐབས་དང་པོའི་སྤྱན་འདྲེན་ཡུལ་སྐོར་ཆེད་དམིགས་ས་ཁུལ་ཞེས་པའི་མཚན་སྙན་གསོལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-12 16:14:00 ཀློག་གྲངས།:


2011ལོའི་སྐབས་དང་པོའི་སྤྱན་འདྲེན་ཡུལ་སྐོར་ཁྱབ་སྒྲོག་མཛད་ཆེན།

          ཉེ་ལམ།  ཡུལ་སྐོར་བརྙན་འཕྲིན་ལོ་འཁོར་བཅུ་ལོན་པའི་རྟེན་འབྲེལ་དང2011ལོའི་སྐབས་དང་པོའི་སྤྱན་འདྲེན་ཡུལ་སྐོར་ཁྱབ་སྒྲོག་མཛད་ཆེན་དེ་པེ་ཅིང་ཧྲོས་ལེའེ་ཧྥང་དུ་སྤེལ་ཞིང་།  ཁྲི་ཀ་རྫོང་ལ2011ལོའི་སྐབས་དང་པོའི་སྤྱན་འདྲེན་ཡུལ་སྐོར་ཆེད་དམིགས་ས་ཁུལ་ཞེས་པའི་མཚན་སྙན་གསོལ།
          ཉེ་བའི་ལོ་འགའི་རིང་།  ཁྲི་ཀ་རྫོང་གིས་ཡུལ་སྐོར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཆབས་ཅིག    ཡུལ་སྐོར་འདྲེན་ཚོང་བྱ་བར་མཐོང་ཆེན་གནང་བ་ཡིན་ཏེ།  བདེ་བླག་ངང་དགུན་དུས་རྨ་ཆུར་བརྒལ་བའི་བསྐྱལ་རྩལ་འགྲན་བསྡུར་དང་། རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་བརྗོད་དོན་གླུ་གཞས་ཆེད་ཚོགས།  མཐོ་སྒང་འཛམ་གླིང་རི་འཛེགས་ལུས་རྩལ་འགྲན་བསྡུར།  རྒྱལ་སྤྱིའི་སྙན་ངག་དུས་ཆེན།  སྐབས་དྲུག་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱ་འགུལ་ཆེན་པོ་སྤེལ་པ་དང་། དེ་མིན་རྒྱལ་ཡོངས་རྐང་འཛིན་ཡུལ་སྐོར་སྣེ་ལེན་ཁང་མཚོ་སྔོན་དུ་བསྐྱོད་པ་ཞེས་པའི་ཁྲི་ཀའི་ཡུལ་སྐོར་ཐོན་ཁུངས་ཆེད་དོན་མཚམས་སྦྱོར་ཆེད་ཚོགས་སོགས་སྤེལ།

 

 

 

 

 

 

 

 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།