ལྟ་ན་སྡུག་པའི་ཁྲི་ལེབ་རི་བོའི་མཛེས་ལྗོངས།
རྩོམ་པ་པོ།:ཚེ་བརྟན་དོན་གྲུབ
ཡོང་ཁུངས།:མཚོ་སྔོན་པོའི་དྲ་ཚིགས
དུས་ཚོད།:2008-07-08 09:46:14
ཀློག་གྲངས།:
ཁྲི་ལེབ་རི་རྒྱུད་ཀྱི་མཐོ་ཚད་ནི་ཆ་སྙོམས་བྱས་ན་མཚོ་ངོས་ལས་སྨི་༤༠༠༠ནས་༥༠༠༠ཡས་མས་སུ་ཡོད་པ་དང་། རང་བྱུང་གི་གནམ་གཤིས་འོག་གངས་རིའི་མཛེས་སྡུག་བརྗིད་ཅིང་ཆགས། སྤྱིར་ན་མཚོ་ངོས་ཀྱི་སྨི་༤༠༠༠ལས་མཐོ་བའི་ས་གནས་ལ་གངས་ཐིག་དུ་འབོད་ཅིང་སྐྱེ་དངོས་ཐ་དག་འཚོ་གནས་མི་ཐུབ་པའི་ཁྱབ་རོམ་གྱི་གནས་ཁུལ་ཡིན། འོན་ཀྱང་ཁྲི་ལེབ་རི་བོར་གངས་ཐིག་ཡན་དུའང་སྐྱེ་དངོས་སྣ་ཚོགས་མཐོང་ཐུབ་པའི་གནས་ཁྱད་པར་ཅན་ཞིག་ཡིན། དེ་ལས་ཀྱང་ངོ་མཚར་ཆེ་བ་ནི་ཁྲི་ལེབ་རི་བོར་རྩ་སྨན་གལ་ཆེན་གངས་ལྷ་མེ་ཏོག་མང་དུ་བཞད་ཡོད། ཁྲི་ལེབ་རི་བོའི་གངས་ཐིག་ཡན་གྱི་ས་ཁུལ་དུ་དུས་ཚིགས་བཞིའི་དབྱེ་བ་འབྱེད་དཀའ་བ་དང་དབྱར་ཟླ་དྲུག་པའི་ནང་དུའང་ཁ་བ་འབབ་པའི་ཐུན་མོང་མ་ཡིན་པའི་གནས་གཤིས་ཀྱི་ཁྱད་ཆོས་ལྡན་ཡོད།
ཁྲི་ལེབ་རི་བོའི་གདོད་མའི་ནགས་ཚལ་གྱི་མཛེས་པ་བསམ་གྱི་མི་ཁྱབ་པ་དང་དབྱར་འགོ་ཚུགས་མ་ཐག་ནས་ནགས་ཚལ་ཧྲིལ་བོས་ལྗང་མདོག་གི་ལྭ་བ་ཀླུབ་པ་དང་གཉིས་སུ་མཆིས། གདོད་མའི་ནགས་ཚལ་འདིར་ནགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་ཆེ་གྲས་སུ་གཏོགས། དེར་ཡུན་ཧྲན་གསོམ་ཤིང་། སྦྱར་ལྕང་། ཚེར་ཤིང་སོགས་སྐྱེ་དངོས་སྣ་ཚོགས་འདུས་ཡོད། མ་ཟད་གནས་རི་དེར་ཤྭ་བ་ལ་སོགས་པའི་རི་དྭགས་ཀྱང་མང་པོ་གནས་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།