མཚོ་སྙིང་མ་ཧྰ་དེ་ཝ།
མཚོ་སྔོན་པོའི་མཚོ་དབུས་སུ་མཚོ་སྙིང་མ་ཧྰ་དེ་ཝ་ཡོད་ཅིང་། དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༡.༡༤ཡོད་པ་དང་། མཚོ་ངོས་ལས་ཡར་སྨིས་༧༢འཕགས། སྟེང་དུ་ཚྭ་མེད་ཆུ་མིག་ཡོད་ཅིང་རྩ་སྐྱེ་བ་བཟང་། ལྷ་ཁང་མཆོད་རྟེན་ཡོད་ལ། མཚམས་པའང་ཡོད། ཡིང་ལུང་ཟེར་བའི་མཁལ་ཤུལ་ཡོད་ཟེར། བཤད་ཚུལ་ལྟར་ན་དེ་ནས་རྟེའུ་འབྲུག་རྒྱུད་ཅན་ཐོན་པས་འབྲུག་རྟེའུ་གླིང་ཟེར། དེབ་ཐེར་ནང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དན་ཏིག་མཚོ་སྙིང་གཉའ་གོང་བྲག་དཀར་སོགས་ནས་གནས་སྒོ་གྲངས་མེད་ཕྱེ་ཞེས་གསུངས། དེའི་ཕྱིར་སྒོམ་སྒྲུབ་འཕེལ་སའི་གནས་མཆོག་ཡིན། ཁྲི་རྟ་དམར་ཅན་གྱི་བླ་མ་གྲུབ་ཆེན་གླང་དཀར་བ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་དམ་པ་མང་པོས་འདི་ནས་སྒོམ་སྒྲུབ་བྱས་པའི་ལོ་རྒྱུས་ཡོད།
ངག་རྒྱུན་ལ་མཚོ་སྙིང་མ་ཧྰ་དེ་ཝ་ནི་རྒྱ་གར་གྱི་རི་བོ་མ་ཧྰ་དེ་ཝའི་མགོ་ཡིན། མཚོ་འཕྱུར་བའི་དུས་རི་དེའི་མགོ་བཅད་ནས་མཚོའི་འཕྱུར་ཁུང་གི་ཁ་བཅད། ད་སྐབས་རྒྱ་གར་གྱི་རི་དེའི་མགོ་བོ་བདེ་མཉམ་ཡིན་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com