གེ་སར་རྒྱལ་པོས་ལྷ་མདའ་འཕངས་ཤུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-07-07 09:40:26
ཀློག་གྲངས།:
དབྱང་ཟླ་དང་པོའི་གོས་སྔོན་མཛེས་རིས་ཀྱི་མ་ལུས་ཡོངས་སུ་བརྒྱན་པའི་དུས་ཚིགས་ཤིག་ལ། ང་རང་གྲོགས་པོ་ཚོ་དང་ལྷན་དུ་རེབ་གོང་ས་ཁུལ་གྱི་བཙན་མོ་ཡར་སྟེང་གི་ས་ཆར་གཏོགས་པའི་སྒ་འཁྱིལ་ལུང་བ་ཟེར་བའི་ནགས་ཆུ་གཉིས་འཛོམས་ཀྱི་གནས་མཆོག་དེ་ལ་སོང་། ངེད་ཅག་གནས་དེར་འགྲོ་དོན་ནི་སྒ་འཁྱིལ་ལུང་བ་ཟེར་བའི་ནང་དུ་འཛམ་གླིང་གེ་སར་རྒྱལ་པོས་ལྷ་མདའ་འཕངས་པའི་ཤུལ་ཞིག་ཡོད་ཟེར་བ་རྒྱང་རིང་རྣ་བས་ཐོས་པའི་དབང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་དུ་སོང་བ་ཡིན། ཉམས་མྱོང་ཕུན་སུམ་ཚོགས་པའི་ལམ་སྟོན་པས་ངེད་ཅག་ཁྲིད་ནས་དུས་ཆད་ལྟར་བཙན་མོ་སྒ་འཁྱིལ་ལུང་བར་བསླེབས་ཙ་ན། ངོ་མ་གེ་སར་རྒྱལ་པོས་ལྷ་མདའ་འཕེན་པའི་སྐབས་སུ་པུས་མོ་གཡོན་པ་སར་བཙུགས་པའི་རྗེས་ཤུལ་ཡིན་ཟེར་བ་རྡོ་ཐོག་ཏུ་གསལ་ལེར་བབས་ཡོད་པ་མ་ཟད། གེ་སར་རྒྱལ་པོས་དམག་བརྡ་བཏང་བའི་བཀའ་ཡིག་རང་བྱོན་དང་མཚོན་ཆ་སྣ་ཚོགས་འདུས་པའི་མཚོན་རིས་ཀྱང་བྲག་ངོས་སུ་གསལ་བོར་མཐོང་ཐུབ། དེ་ལ་ཐོས་མ་མྱོང་བའི་གཏམ་རྒྱུད་ཐུང་ངུ་ཞིག་ཡོད་པ་ནི་འདི་ལྟ་སྟེ།
དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོ་སེང་ཆེན་རྒྱལ་པོ་དེ་ཉིད་ནག་ཕྱོགས་བདུད་ཀྱི་ཡུལ་དུ་བཞུགས་པའི་སྐབས་སུ། སྨན་མཆོག་འབྲུག་མོས་བླ་བྱ་ཁྲུང་ཁྲུང་བཏང་ནས་འཕྲིན་དང་པོ་བསྐུར་བ་ནས་བཟུང་། བློན་པོ་ཕྱིང་སྔོན་ལ་བཀའ་ཕབ་སྟེ། བདུད་མཁར་ལྕགས་ར་རྩེ་དགུ་ལ་ལྷ་ཁང་བརྒྱ་བཞེངས། རྒྱལ་པོ་བདུད་ཡུལ་དུ་ལོ་དགུ་ཙམ་འདས་པའི་རིང་ལ་བདུད་སྡེ་བྲན་དུ་བཀོད། མཛད་པ་ཕལ་ཆེར་གྲུབ་ཟིན་པའི་སྐབས་དེར། འབྲུག་མོས་ཡང་སེར་ཆེན་མྱུར་དུ་ཧོར་ལ་ཕེབས་དགོས་པའི་ལོ་རྒྱུས་ཀྱི་འཕྲིན་ཡིག་གཉིས་པ་བྱས་ཏེ་བྱ་ཁྲུང་ཁྲུང་དཀར་མོ་མགུལ་རིང་མའི་སྐེ་ལ་བཏགས་ནས་བརྫངས་པ་ན ། བླ་བྱ་ཁྲུང་ཁྲུང་དེ་སྐད་ཅིག་ཉིད་ལ་བདུད་ཡུལ་ལྷ་ཁང་མཐོང་གྲོལ་སྔོན་མོའི་རྩེར་བསླེབས་ཏེ་རྒྱལ་པོའི་ཕྱག་ཏུ་ཡི་གེ་ཕུལ། དེ་ནས་རྒྱལ་པོའི་དགོངས་པར་བླ་བྱ་ཁྲུང་ཁྲུང་དཀར་མོས་འཕྲིན་ཡིག་ཁྱེར་ཡོང་བ་ཤིན་ཏུ་ལེགས་སོ། ད་ནི་མདའ་གཅིག་མྱུར་དུ་རྫོང་དགོས་ལ་དེའི་རྗེས་སུ་བདུད་དམག་དང་བཅས་པ་འཕྲལ་དུ་འགྲོ་དགོས་བསམས་ནས། ཕྱི་ཉིན་ཞོགས་པའི་སྐྱ་རེངས་ཀྱི་ལྷོ་སྒོ་ཡོངས་སུ་ཕྱེ་ནས་ཉི་རྩེ་ཕོ་བྲང་གི་ཟོམ་ལ་ཕོག་པའི་དུས་བཟང་པོ་ལ། ལྷ་མདའ་ཁྲག་འཐུང་ཐོག་རྒོད་འཕུར་ཤེས་བླངས་ནས་ཞབས་གཡོན་པའི་པུས་མོ་རྡོ་ཐོག་ཏུ་བཙུགས་ཏེ་འཕངས་པ་ན། ནམ་མཁའ་ནས་གློག་དམར་འཁྱུག་ཅིང་མེ་སྟག་དང་འུར་སྒྲ་ཆོམ་སྒྲས་གནམ་ས་བར་མེད་དུ་བཀང་ནས་སོང་སྟེ། ཧོར་གུར་དཀར་གྱི་བླ་རྡོ་ཆེན་པོའི་སྟེང་དུ་མདའ་སྒྲོ་ལ་ཐུག་པའི་བར་དུ་ཟུག་པ་དང་། ཤན་ཆུང་མང་པོ་བསད། གུར་ནག་སོགས་བརྒྱལ་ཏེ་དྲན་པ་ཤོར། ཕྱི་ཉིན་ཉི་མ་རྩེ་ཤར་ལ་རྒྱལ་པོ་ཆེན་པོས་དམག་བསྡུ་བའི་བཀའ་ཡིག་མཛད་དེ་མ་འགྱངས་པར་བློན་པོ་ཕྱིང་སྔོན་སོགས་ཀྱིས་གཙོ་མཛད་པའི་བདུད་དམག་ཁྲི་ཕྲག་གཅིག་ལ་མཚོན་ཆའི་མཛོད་ལས་གང་འཚམས་ཀྱི་མཚོན་ཆ་རེ་སྤྲད་དེ་སེར་པོ་ཧོར་གྱི་ས་ཆར་ཆས་སོ་ཞེས་ཉམས་དགའ་པའི་གཏམ་རྒྱུད་འདི་བརྗོད་དོ།
སྐབས་དེ་ནས་བཟུང་འཛམ་གླིང་གེ་སར་རྒྱལ་པོའི་མདའ་འཕངས་ཤུལ་དང་དམག་བསྡུ་ཀྱི་བཀའ་ཡིག མཚོན་ཆའི་མཛོད་ཁང་ཞེས་རི་མོར་བབས་པ་དང་བཤད་སྲོལ་འདི་ཡང་ཆགས་པར་གྲགས་སོ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།