གེ་སར་རྒྱལ་པོའི་རྟ་ཕུར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-07-05 11:08:02
ཀློག་གྲངས།:
དེ་ཡང་རི་རབ་གྲགས་ཅན་ཨ་མ་ཟོ་དགུའི་ཤར་ཕྱོགས་ཀྱི་རྩྭ་ཐང་ཡིད་དུ་འོང་ཞིང་ལྟ་ན་སྡུག་པའི་ཉི་ཟེར་གོང་ཁ་ཞེས་པ་དེ་བརྒྱུད་ནས་སྤྱི་ལེ་ཉི་ཤུ་ལྷག་སོང་བ་ན། མ་བསླངས་རང་གྲུབ་ཀྱི་བྲག་ཐོ་རྟ་ཕུར་ཆེན་པོ་ཞིག་དང་འདྲ་བ་མིག་ལམ་དུ་ཤར་ཡོང་། མཐོང་བ་ཙམ་གྱིས་ས་ལས་གྲུབ་པའི་རྟ་ཕུར་ཆེན་པོ་ཞིག་ཡིན་པ་་གང་ནས་ཤེས་ཐུབ་ཨང་། སྟོབས་ལྡན་གྱི་སྐྱེ་བོ་ཞིག་གིས་དངོས་སུ་བརྡབས་པའི་ཤིང་ཕུར་ཞིག་དང་ཁྱད་པར་མ་མཆིས། མཐོ་ཚད་ལ་ཕལ་ཆེར་སྨིས་བཅུ་ལྷག་ཅིག་ཡོད་པ་འདྲ། ལམ་འགྲོ་བ་ཚང་མས་རྟ་ཕུར་དེ་མཐོང་ཙ་ན་རང་ཤུགས་ཀྱིས་གན་ནི་འཛམ་གླིང་གེ་སར་རྒྱལ་པོ་བདུད་འདུལ་དུ་འགྲོ་སྐབས་ཆིབས་རྟ་རྐྱང་རྒོད་གཡེར་བ་བཏགས་པའི་ཕུར་བ་རེད་ཅེས་གླེང་བཞིན་མཆིས། དེ་ལ་ཅིའི་ཕྱིར་འཛམ་གླིང་གེ་སར་རྒྱལ་པོའི་རྟ་ཕུར་ཟེར་བ་ཡིན་ཞེ་ན། དམངས་ཁྲོད་ཀྱི་ངག་རྒྱུན་དུ་ངོ་མཚར་ལྡན་པའི་གཏམ་རྒྱུད་ཐུང་ཐུང་ཞིག་ཡོད་པ་ནི་འདི་ལྟ་སྟེ།
དེ་ཡང་སྐུ་རྗེ་འཛམ་གླིང་གེ་སར་རྒྱལ་པོས་གླིང་གི་ཇ་མ་མིང་ཆེན་བཅུ་གསུམ་གྲོགས་སུ་བཀུག་ཚར་ནས་མཚམས་ལ་བཞུགས་པའི་སྐབས་སུ། ཉིན་ཞིག་མེ་བཟའ་འབུམ་སྐྱིད་ཀྱིས་སྦྲ་སྒོ་ཡི་སྒོ་ཁ་རུ་ཐགས་ཤིང་འཐག་ནས་བསྡད་ཡོད་པ་ལ། གློ་བུར་དུ་ཕུ་ནས་རླུང་དམར་དང་མདོ་ནས་རླུང་ནག་འཚུབས་ནས། བདུད་ནག་པོ་ཀླུ་བཙན་པོ་རྒྱལ་པོ་དེས་མེ་བཟའ་འབུམ་སྐྱིད་གླག་གིས་ལུ་གུ་བཟུང་བ་ལྟར་ནམ་མཁར་ཁྱེར་སོང་བ་ན། མ་ཨ་ནེ་གོང་སྨན་རྒྱལ་མོ་དེས་སྤྲིན་སྒོ་ལེབ་ཙམ་ཞིག་ཞབས་ལ་བརྟེན། སྤྲིན་སྒོ་ཙམ་ཞིག་གཡས་ལ་བརྟེན། སྤྲིན་སྒོ་ལེབ་ཙམ་ཞིག་གཡོན་ལ་བརྟེན། སྤྲིན་སྒོ་ལེབ་ཙམ་ཞིག་རྒྱབ་ལ་བརྟེན་ནས་ཕེབས་འོངས་ཏེ་གེ་སར་རྒྱལ་པོ་ལ། ཁྱོད་མར་ལ་མ་ཉལ་ཡར་ལ་ལོངས། ལྷ་ཚངས་པ་དཀར་པོའི་གསུང་བཀོད་ཡོད། བདུད་ནག་པོ་ཀླུ་བཙན་འདུལ་དུ་སོང་། ཞེས་ལུང་བསྟན་གསུངས་པར་བརྟེན། རྒྱལ་པོས་ན་བཟའ་དང་ཁྲབ་རྨོག་སོགས་སྐུ་ཆས་གསོལ་ཞིང་། སག་ཐག་འཁོར་གསུམ་སྐེད་ལ་བཏགས་ནས་རྟ་མཆོག་རྐྱང་རྒོད་གཡེར་བ་བ་བཅིབས་ཏེ་མ་རུངས་བདུད་ཀྱི་ཡུལ་ལ་ཆས་སོང་།
དེ་ནས་སེང་ལྕམ་འབྲུག་མོའི་ཡིད་སྨྲེང་བ་ཆེན་པོས་གདུངས་ཤིང་བཟོད་ཐབས་མེད་པར་གྱུར་ཏེ་གླིང་གི་ན་དམར་གཞུང་ལ་རྒྱུགས་ནས་ངུ་འབོད་དི་རི་རི་བྱས་པར། གླིང་གི་ཇ་མ་མིང་ཆེན་བཅུ་གསུམ་གྱིས་གསོལ་ཇ་བསྐོལ་ཏེ་ཁོ་མོར་དྲངས་ནའང་། གསོལ་ཇ་ཁམ་གང་ཙམ་ཡང་གནང་བཞེས་ཨང་། རྒྱུ་མཚན་ནི་ཁོ་མོའི་སེམས་ལ་རྒྱལ་པོ་མི་བཞུགས་པའི་ལུང་སྟོང་འདི་རུ་ངས་སུ་ལ་བལྟས་ནས་འདུག་ཅེས་བསམས་ནས་སྨྲེང་པ་ཡིན་པས། ཉིན་མོར་ལྟོ་ལ་ཟས་མི་རོལ་ཞིང་མཚན་མོར་ཉལ་བའི་གཉིད་ཀྱང་མེད་པར་གྱུར། དེར་ཁོ་མོ་ན་རེ། ང་མི་འདུག་རྒྱལ་པོའི་རྗེས་སུ་འགྲོ།། རྟ་རྒོད་མ་བློ་ཁྲིད་སྒ་ཞིག་རྒྱོབ།། ཅེས་ཟེར་ནས་ཕྱི་ཉིན་ནམ་ལངས་པ་ན། སེང་ལྕམ་འབྲུག་མོ་དེ་རྒོད་མ་བློ་ཁྲིད་ལ་ཞོན་ནས་གླིང་གེ་སར་རྒྱལ་པོ་གླིང་གེ་སར་རྒྱལ་པོའི་རྗེས་དེད་དེ་ན་ལུང་མང་པོ་བརྒྱུད་ཙ་ན། རྩྭ་ཆུ་གཉིས་འཛོམས་ཀྱི་རྫ་ལུང་ཡངས་པ་ཞིག་ཏུ་གླིང་སེང་ཆེན་རྒྱལ་པོ་ཁོང་ཉིད་ཀྱིས་ལྷ་རྟ་རྐྱང་རྒོད་གཡེར་བ་དེ་རང་བྱུང་གི་རྟ་ཕུར་ཆེན་པོ་དེར་རིང་འདོགས་བྱས་ཏེ། ཁོང་ཉིད་སྐྱིད་ཉལ་གོར་མོ་བརྒྱབ་ནས་རེ་ཞིག་གཟིམས་འདུག་པ་དང་འཕྲད་བྱུང་། དེར་ཁོང་ཡབ་ཡུམ་གཉིས་དགའ་སྐྱོ་གཉིས་ལྡན་གྱི་ངང་ནས་དགོང་མོ་རྫ་ལུང་འཛོམས་པོ་དེ་རུ་ཞག་བཞུགས་གནང་ཞིང་། རྟ་མཆོག་རྐྱང་རྒོད་གཡེར་བ་ཡང་དེའི་ནུབ་ཨ་མ་ཟོ་དགུའི་ཤར་ཕྱོགས་ཀྱི་འཛམ་གླིང་རྟ་ཕུར་ཟེར་བ་དེར་བཏགས་པ་ལགས་ཞེས་པའི་གཏམ་རྒྱུད་ཀྱི་རོལ་མོ་འཛིན་མའི་ཁྱོན་ཡོངས་སུ་ཁྱབ་འདུག་ཅེས་སོ།
གལ་ཏེ་ལྷུ་སྒྲུང་ལྟ་བའི་བཤད་ཚུལ་གྱི་རྟ་ཕུར་ཏེ་མཐོང་འདོད་ཀྱི་སྐྱེ་བོ་ཡོད་ན། ཁྲི་ཀ་རྫོང་ལ་འགྲོ་བའི་ལམ་ཁའི་གཡོན་ཕྱོགས་རྫ་ངོས་སུ་ཡོད་པས་དེ་མཐོང་བའི་སྐལ་བ་ཁྱེད་ལ་ལྡན་ནོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།