བདེ་སྐྱིད་ཆུ་ཁོལ།
ཁྲི་ཀའི་གནའ་བོའི་མཛེས་ལྗོངས་བརྒྱད་ཀྱི་ནང་གི་གཅིག་ཡིན་ཞིང་ཧོ་ཞི་གྲོང་རྡལ་གྱི་བདེ་སྐྱིད་ལོང་བར་རྫོང་མཁར་ནས་སྤྱི་ལེ་༡༥ཡི་སར་ཡོད་ཅིང༌། མཚོ་ངོས་ལས་མཐོ་ཚད་མུས་༢༤༠༠ཡོད་པ་དང༌། ཆུ་ཚན་རྡོ་ལ་བྲག་རིའི་ཞོལ་དུ་ཡོད་པ་དང་བསྡོམས་པས་ཆུ་མིག་༧༠ལྷག་ཡོད། དེའི་ནང་ནས་༣ནི་བྲག་སྟེབས་ཀྱི་གས་སྲུབས་ནས་འཕྱུར་ཏེ་གདངས་སྙན་དང་འགྲོགས་བཞིན་ཕྱིར་རྡོལ་བ་ཡིན་ཞིང༌། དུས་ཚོད་མེའུ་གཅིག་གི་ནང་ལ་བཞུར་ཚད་ཏྲིན་༨-༡༥.༢དང༌། ཆུའི་དྲོད་ཚད་℃༩༣.༥སླེབས་ཡོད། ཆུར་ཁ་མདོག་མེད་ཅིང་དྭངས་པ་དང་H2Sཡི་དྲི་མ་ཅུང་ཙམ་ཡོད་པ་དང༌། དེ་SO4.CL-Naརང་བཞིན་ཅན་གྱི་ཆུའི་ཁོངས་སུ་གཏོགས་ཤིང་གཏེར་རུ་འགྱུར་ཚད་ཁེ་༡.༣༡/ཧྲིན་དང་P༡༨.༩ནང་དུ་ཚད་ཉུང་བའི་མ་རྒྱུ་སྣ་མང་འདུས་ཡོད། དེའི་ནང་ཀོས་ཟོན་དང་ཕན་ཕིན་ཟོན། ལེ། ལེ་ཏི་སོགས་ཀྱི་འདུས་ཚད་གཏེར་ཆུ་ཡི་ཆེས་དམའ་བའི་ཚད་གཞི་ལ་སླེབས་པའམ་དེ་ལས་བརྒལ་བའི་ཚུལ་དུ་ཡོད་པས་གསོ་བཅོས་ཀྱི་ཁྱད་ནུས་མཐོན་པོ་ལྡན་པ་ཡིན།
རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན་ཆུ་ཚད་ལ་བསྡད་དེ་ནད་བཅོས་བྱེད་པ་དེ་ལོ་ངོ་༦༠༠ལྷག་གི་ལོ་རྒྱུས་ཡོད་པ་དང༌། དེས་རྒ་རྩའི་ནད་དང་རྩ་དཀར་གྱི་ནད། ཕོ་བའི་འཇུ་བྱེད་མ་ལག་གི་ནད། སྐྱི་པགས་ཀྱི་ནད་སོགས་ལ་ཕན་ནུས་ངེས་ཅན་ཞིག་ཐོན་པས་ན། ཁྲི་ཀའི་ཆུ་ཚད་ཀྱི་མཚན་སྙན་གྲགས་ནི་གནས་ནས་ད་ལྟའི་བར་བོར་ཁམས་ཡོངས་ལ་ཁྱབ་ཡོད།ལྷོ་ཕྱོགས་ཀྱི་རིའི་ལྡེབས་ངོས་སུ་བདེ་སྐྱིད་ཆུ་ཁོལ་ཞེས་པའི་ཡིག་འབྲུ་བཞི་བརྐོས་ཡོད་པ་དང༌། དེ་ཡང་ནད་ཡམས་ཀྱིས་གདུང་བའི་སེམས་ཅན་ཀུན་སྡུག་ངལ་ལས་སྒྲོལ་ཞིང་བདེ་སྐྱིད་སྩོལ་བས་བདེ་སྐྱིད་ཆུ་ཁོལ་ཞེས་ཐོགས་པར་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com