བྲག་ཆོས་བརྩིགས།

རྩོམ་པ་པོ།:གསལ་བོར་མི་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-02 08:42:11 ཀློག་གྲངས།:
བྲག་ཆོས་བརྩིགས་ཞེས་པ་འདི་ནི། དེ་སྔ་མོར་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ཧོར་གོ་ཏན་རྒྱལ་པོས་གདན་ཞུས་ལྟར་ཧོར་ཡུལ་ལ་ཕེབས་སྐབས་ས་སྐྱའི་རྟེན་ཁྲོད་དུ་སྒྲ་བསྒྱུར་མར་བའི་རུས་རྒྱན་དང༌།  ནཱ་རོ་ཆེན་པོའི་སྐུ་གདུང་བཅས་འཛམ་གླིང་ན་ཧ་ཅང་བཀོན་པའི་འཕགས་ནོར་མི་ཉུང་བ་སོགས་སྤྱན་དྲངས་ཏེ།  ཧོར་ཡུལ་དུ་ཕེབས་ལམ་ནས་མུ་རི་གངས་དཀར་གྱི་རི་འདབས་སུ་གསོལ་ཐབ་འཛིན་སྐབས་དེར་ཆར་ཆེན་ཞིག་གིས་ཡོད་ཚད་བསྒྲིབས་ཏེ་ཅུང་ཙམ་འགོར་བ་ན་ཆར་བ་དུམ་བུར་གྱེས་ནས་ལྷོ་བྱང་གཉིས་སུ་མཆེད།  དེ་དུས་ཧོར་བློན་དམག་རྣམས་ཀྱིས་བལྟས་ཚེ་ཁལ་དྲེལ་ཅི་ཡང་མ་མཐོང་བས་ཁོ་ཚོས་ཕྱོགས་གཉིས་ཀྱི་ཆར་རྗེས་བསྙེགས་ཏེ་བཙལ་བར་བྱིན་པ་ན་ད་ལྟའི་ཐེབ་རྒྱའི་ས་ཁུལ་དུ་པོ་ཏི་མང་པོ་ལུས་ཡོད་ཅིང༌།  མི་རྣམས་དེར་སོང་ནས་ཁྱེར་བར་བརྩོན་པ་ལ་པོ་ཏི་རྣམས་བྲག་རྡོའི་པོ་ཏིའི་རྣམ་པར་གྱུར་ནས་སྒུལ་མ་ནུས་པར་ཧོར་ཡུལ་དུ་འདྲེན་མ་ཐུབ་པར་ལུས།  དུས་ད་ལྟའི་བར་ལ་གནས་དེར་བྲག་ཆོས་བརྩིགས་ཞེས་ཟེར་རོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།