མཚེར་བ་རི།
མཚེར་བ་རི་ལ་བྱ་གླིང་ཡང་ཟེར། མཚོ་སྔོན་པོའི་ནུབ་ན་ཡོད། སྔོན་མཚོ་ནང་དུ་ཡོད་ཅིང་དེང་སྐབས་ཕྱེད་གླིང་དུ་གྱུར། དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༢.༢དང་། མཚོ་ངོས་ལས་ཡར་སྨིས་༣༢ཡོད། དེའི་ཤར་ན་བྲག་ཐོ་ཞིག་ཀྱང་ཡོད། དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༠.༢༤དང་། མཚོ་ངོས་ལས་ཡར་སྨིས་༧.༦ཡོད། ལོ་རེའི་སྤྱི་ཟླ་༣པ་ནས་༤བའི་བར་ཨེ་ཤ་ཡའི་ཤར་ལྷོ་ས་ཆ་དང་ཧིན་རྡུ། པ་ཁི་སི་ཐན། ནེ་པ་ལ་སོགས་རྒྱལ་ཁབ་དང་ཀྲུང་གོའི་ལྷོ་ཕྱོགས་ཀྱི་བྱ་རྣམས་འཕུར་ཡོང་། བྱ་ཁྲི་༡༦ཙམ་ཡོད་ཅིང་། དེ་དུས་གནམ་ལ་བྱ་འཕུར་བ་དང་ཆུར་རྐྱལ་བ། སར་རྒྱུག་པ་ཐམས་ཅད་བྱ་སྣ་ཚོགས་ཡིན།
འདི་ན་སོ་བྱ་དང་། བཞད། ཁྲུང་ཁྲུང་། ངང་བ་སོགས་བྱ་རིགས་མང་། ཁྲུང་ཁྲུང་མགོ་ཁྲ་ལ་བཟའ་བརྩེ་ལྷག་པར་ཆེ། ཟླ་བོ་ཤི་ན་ཟླ་མོས་རྒུམ་མི་ཟ་ཞིང་ཟླ་བོ་གཞན་མི་འཚོལ་བར་མྱ་ངན་གྱིས་ཤི་འགྲོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com