༄༅།།དགེ་འདུན་ཆོས་འཕེལ་མཛེས་རིས་ཁང༌།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-25 10:51:00 ཀློག་གྲངས།:
  ཉིན་རེ་བཞིན་ཇེ་འཁྲུག་ཏུ་འགྲོ་བའི་གྲོང་ཁྱེར་ལྷ་ས་རུ་སྐྱེ་བོ་དམིགས་བསལ་བ་སྐོར་ཞིག་ཡོད། ཁོ་ཚོའི་གཤིས་སྤྱོད་ལ་རང་དབང་ཆེ་ཞིང་བཀག་རྒྱ་བྲལ་ལ།
རང་གི་འདོད་བློ་ལྟར་གང་ཞིག་དངོས་སུ་ཉམས་སུ་མྱོང་བ་དང་དེ་ཉིད་ལྷུག་བརྗོད་དང་ཕྱིར་མཚོན་བྱེད་པར་མོས། ཁོ་ཚོས་རང་གཤིས་གསལ་བའི་མཚོན་སྟངས་ལ་བརྟེན་ནས་ཟིན་ཐོར་འགོད་པ་དང་གནས་ལུགས་བརྗོད་པར་བྱེད། ཁོ་ཚོ་ནི་ལས་རིགས་རང་དབང་ཅན་གྱི་རི་མོ་བ་རེད།
 ཁོ་ཚོས་རང་ལ་དབང་བའི་རི་མོ་ཁང་ཞིག་སྟེ་དགེ་འདུན་ཆོས་འཕེལ་གྱི་རི་མོ་ཁང་གཉེར་བཞིན་ཡོད་ཅིང་ཁོ་ཚོ་སུས་ཀྱང་ཁེ་སྤོགས་ལེན་ཐུབ་མིན་ལ་དོ་སྣང་དང་བསམ་གཞིགས་གཏོང་གི་མེད། རི་མོ་ཁང་འདི་ནི་རི་མོ་བ་རང་ཉིད་ཀྱི་བརྩམས་ཆོས་བཤམ་ས་ཡིན་ལ། ཚང་མས་དངུལ་བསྡུས་ནས་དུས་ཡུན་རིང་བའི་རི་མོའི་བཤམས་སྟོན་ཐེངས་གཅིག་བྱས་པ་ལྟ་བུ་ཞིག་ཏུ་བརྩིས་ཀྱང་ཆོག
 དགེ་འདུན་ཆོས་འཕེལ་{༡༩༠༣—༡༩༥༡}ནི་གཏམ་སྤྱོད་གཞན་དང་ཐུན་མོང་དུ་མ་གྱུར་པའི་མི་ཆོས་རིང་ལུགས་པ་ཞིག་དང༌། ནང་སེམས་ཁམས་ཀྱི་བདེན་པ་འཚོལ་མཁན་རི་མོ་བ་དང༌། སྙན་ངག་པ། རིག་པ་སྨྲ་བ་ཞིག་ཡིན། རི་མོ་ཁང་འདིའི་མིང་ལས་ཀྱང་རང་དབང་གི་ལས་རིགས་ཅན་གྱི་རི་མོ་བ་འདི་དག་གི་བསམ་སྟངས་རྟོགས་ཐུབ།
 རི་མོ་བ་ཚོས་ཉིན་རེ་བཞིན་ལས་རེས་བསྐོར་ནས་ལས་ཀ་བྱེད་ཀྱི་ཡོད་ཅིང་ཁོ་ཚོར་རང་ཉིད་ཀྱི་བྱ་འགུལ་དང་འཆར་གཞི་སྐོར་ཞིག་ཡོད་ལ་དེ་དང་སྦྲགས་ནས་རི་མོའི་བརྩམས་ཆོས་ཀྱང་ཕྱིར་འཚོང་བཞིན་ཡོད། རི་མོ་བ་ཚོས་རི་མོ་འབྲི་བ་དང་བསམ་གཞིགས་བྱེད་ཀྱི་ཡོད་པ་དང༌། ཁོ་ཚོར་སྤྲོ་སྣང་ལྡན་ལ་སེམས་ཁྲལ་དང་བློ་མི་བདེ་བའི་སྐབས་ཀྱང་ཡོད། གང་ལྟར་སྣང་བ་འབུམ་ལྡན་གྱི་ཉི་འོད་འོག་ཏུ་ཁོ་ཚོས་མུ་མཐུད་ནས་འཚོ་བར་རོལ་གྱིན་ཡོད། ཁོ་ཚོ་ནི་རང་དབང་ལྡན་པའི་སྐྱེ་བོ་ཡིན།
 གནམ་གཤིས་ལེགས་པའི་ཉིན་ཞིག་ལ་དགེ་འདུན་ཆོས་འཕེལ་མཛེས་རིས་ཁང་”དུ་ཕྱིན་ཅིང་དེ་གར་ཝང་ཧྲེ་རྨིན་དང༌། ཅང་ཡུང༌། ཙུང་ཏེ། ཚེ་རིང་སྙན་གྲགས་བཅས་རི་མོ་བ་བཞི་དང་འཕྲད།
 ཝང་ཧྲེ་རྨིན་དང་ཅང་ཡུང་གཉིས་ནི་རྒྱལ་ནང་ནས་འདིར་ཕེབས་པ་རེད། ལས་རིགས་རང་དབང་ཅན་གྱི་རི་མོ་བ་མ་བྱས་སྔོན་དུ་ཝང་ཧྲེ་རྨིན་གྱིས་མཚམས་སྦྱོར་བརྡ་ཁྱབ་ཀུང་སི་ཞིག་གཉེར་མྱོང༌། ཁོས“སྐབས་དེར་ཀུང་སི་ལས་གཉེརབྱས་པར་དངུལ་ཡང་ངེས་ཅན་ཞིག་བྱུང༌། ཡིན་ན་ཡང་སེམས་པ་སྐྱིད་པོ་ལར་ནས་མི་འདུག ལོ་གསུམ་གྱི་སྔོན་དུ་ངས་ལས་ཀ་ཡོངས་རྫོགས་བསྒྱུར་ཏེ་བློ་གཅིག་སེམས་གཅིག་གིས་རང་ཉིད་དགའ་བའི་ལས་ཀ་སྟེ་རི་མོ་བྲིས་པ་ཡིན་ཞེས་སྨྲས།
 ཅང་ཡུང་ལྷ་སར་མ་སླེབས་སྔོན་དུ་པེ་ཅིན་དུ་ལས་ཀ་བྱས་མྱོང༌། ཁོས་བཤད་རྒྱུར་“ཚང་མས་མཁྱེན་གསལ་ལྟར་ལྷ་སར་དངོས་གནས་འགུགས་ཤུགས་ཆེན་པོ་ལྡན། ང་ནི་རང་དབང་རང་མོས་ཀྱི་འཚོ་བར་གོམས་ཡོད་པའི་མི་ཞིག་ཡིན་པས་གནས་འདི་ཁོ་བོར་ཏག་ཏག་འཚམ་པོ་ཡོད༌། འདི་རུ་རི་མོ་འབྲི་རྒྱུ་ལས་གཞན་པའི་དོན་དག་གང་ཞིག་མི་འདོད་བཞིན་དུ་བསྒྲུབ་དགོས་མེད་པར་རང་མོས་ལྟར་བྱེད་ཆོག ཁོ་བོས་རི་མོ་འབྲི་བར་བླ་ན་མེད་པའི་དམིགས་ཡུལ་གང་ཞིག་གམ་རླབས་ཆེ་བའི་ཀུན་སློང་གང་ཞིག་མེད་ལ་ལྐོག་གྱུར་གྱི་ཆའང་ཅི་ཡང་མེད། རང་ཉིད་ཀྱང་ཉེ་ཁོར་གྱི་མི་རྣམས་དང་ཁྱད་པར་གང་ཡང་མེད། ང་ཚོས་རང་ཉིད་ཀྱིས་སྐྱེལ་འདོད་པའི་འཚོ་བ་སྐྱེལ་བ་ཙམ་ཡིན་鉋ཟེར།
 གླེང་མོལ་བྱེད་པའི་སྐབས་སུ་ཁོ་ཚོའི་ངག་ནས་ཡང་ཡང་ཐོས་ཐུབ་པའི་ཐ་སྙད་ནི་རང་དབང་དང་རང་མཚན་པའི་མི་ཞེས་པ་གཉིས་ཡིན། ང་ཚོས་རང་ལ་མཁོ་གལ་ཆེ་བ་ནི་དོན་དམ་གང་ཞིག་ཡིན་པ་ངེས་པར་དུ་རྟོགས་དགོས་ཤིང་དེ་ཉིད་གང་མྱུར་གྱིས་བདམ་བསལ་བྱ་དགོས་ཡོད། ང་ཚོས་རང་ལ་ཅི་ཞིག་མཁོ་བ་ཤེས་པ་མ་ཟད་འགྱུར་བ་མེད་པའི་སྒོ་ནས་དེ་ཉིད་དང་དུ་བླངས་པ་ཡིན། ཡིན་ན་ཡང་དེའི་ཆེད་དུ་ཤོར་བ་ཡང་བློ་ཡུལ་དུ་ཤོང་དཀའ་བ་ཡོད་ཅེས་ཝང་ཧྲེ་རྨིན་གྱིས་དེ་ལྟར་བརྗོད།
རི་མོའི་ལམ་ནས་གནས་མཆོག་འདི་ཟིན་ཐོར་འགོད་པ།
 鉊ཁོ་བོ་ཅག་གིས་གྲོང་ཁྱེར་འདི་ཉིད་དང་འདིའི་ཉེ་ཁོར་གྱི་ཡོད་ཚད་ལ་རང་སྣང་ཁོ་ནར་བརྟེན་ནས་བསྟོད་བསྔགས་དང་སྐྱོན་བརྗོད་བྱས་མྱོང་མེད། ང་ཚོས་སྒྱུ་རྩལ་གྱི་གྲུབ་མཐའ་དང་གཤིས་ཉམས་སོགས་ལ་དོ་སྣང་བྱེད་ཀྱི་མེད་པར་ཕྱི་ཡུལ་གྱི་བདེན་པ་མཚོན་པའི་རྩ་དོན་ལྟར་ལྟ་ཞིབ་དང༌། ཉམས་སུ་མྱོང་བ། ལྷུག་བརྗོད་སོགས་བྱེད་པ་ཡིན། མཐར་གཏུགས་ན་ང་ཚོ་འཇིག་རྟེན་འདིའི་ཟིན་ཐོ་འགོད་མཁན་ཞིག་བྱེད་འདོད་པ་དེ་ཡིན། མི་འདྲ་ས་ནི་རི་མོའི་པིར་དང་ཚོན་སྤྱད་པ་ཙམ་ཡིན་ཞེས་རང་དབང་ལས་རིགས་ཀྱི་རི་མོ་བ་བཞིས་ཁྱོད་ཀྱིས་ཚིག་གཅིག་དང་ངས་ཚིག་གཅིག་བྱས་ནས་བརྗོད།
འགོ་བརྩམས་པ་དེ་གང་ལས་ཀྱང་གལ་ཆེ།
 དགེ་འདུན་ཆོས་འཕེལ་མཛེས་རིས་ཁང་ནི་ལོ་འདིའི་ནང་གཉེར་འགོ་ཚུགས་པ་ཡིན། ཁོ་ཚོས་བཤད་ཚུལ་ལྟར་ན་འདི་ལ་དགེ་འདུན་ཆོས་འཕེལ་ཞེས་འདོགས་དོན་ནི་ཏ•ཧྥིན་ཆི་ལྟ་བུའི་མཁྱེན་དཔྱོད་ཀྱི་རྩལ་མངའ་བའི་བོད་རིགས་མཁས་དབང་འདིར་མོས་གུས་བྱེད་པ་མཚོན་པའི་ཆེད་དུ་ཡིན་ལ། ༢༠༠༣ལོ་ནི་དགེ་སྦྲའདུན་ཆོས་འཕེལ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ཕྱིན་པའི་ལོ་ཡིན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྐབས་སུ་ལྷ་སར་རི་མོ་ཁང་ཐོག་མ་ཡོད་པར་གྱུརཔ་ནས་བཟུང་ད་ལྟ་ལྷ་སར་རི་མོ་ཁང་མང་པོ་ཡོད། འོན་ཀྱང་དེ་དག་ཕལ་ཆེ་བས་ཚོང་ལས་གཙོར་བྱེད་པ་ཡིན། དེའི་རྐྱེན་གྱིས་ད་ལྟའི་བར་དུ་ཕྱི་ནས་སླེབས་པའི་མི་རྣམས་ཀྱི་བག་ཆགས་ཁྲོད་དུ་གྲོང


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།