མཚོ་སྔོན་པོའི་སྦྲ་གུར་མགྲོན་ཁང་དང་ཉ་ཤའི་ཟས་རིགས།
མཚོ་སྔོན་པོའི་སྦྲ་གུར་མགྲོན་ཁང་ནི་མཚོ་སྔོན་པོ་ས་ཁུལ་དུ་སྐར་རིམ་གཉིས་པ་ཅན་གྱི་མགྲོན་ཁང་གཅིག་པུ་ཡིན། སྤྱི་ལོ་༡༩༩༣་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་གྱིས་མཚོ་སྔོན་ས་ཁུལ་དུ་ལས་དོན་རྟོགས་ཞིབ་བྱེད་སྐབས་མཚོ་སྔོན་པོའི་མགྲོན་ཁང་དུ་བསྡད་དེ་མགྲོན་ཁང་གི་མིང་ཕྱག་བྲིས་མཛད་མྱོང་། སྔ་རྗེས་སུ་ཧུའུ་ཅིན་ཐའོ་དང་ཆོའོ་ཧྲི། ང་ཕོ་ངག་དབང་འཇིགས་མེད་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བ་ཁྲི་༢༣༠ལྷག་སྣེ་ལེན་བྱེད་ཐུབ་ཡོད། མགྲོན་ཁང་ནང་དུ་རིམ་པ་མི་འདྲ་བའི་མལ་ཁང་༡༤༦དང་། མལ་གནས་༣༦༩ལྷག་ཙམ་ཡོད། མིག་སྔར་གསོལ་ཁང་ཆེ་ཆུང་༥་ཡོད་པར་མི་༡༠༠༠ཙམ་གྱིས་དུས་མཉམ་དུ་གསོལ་ཟས་བཞེས་ཆོག གསོལ་ཁང་ནང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་དང་ཉ་ཤའི་ཟས་རིགས་སྣ་ཚོགས་ཡོད་དོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com