ངོས་དང་པོ > སྣོད་བཅུད། > གནས་སྐོར་མཛེས་ལྗོངས། > ༢༠༠༧ལོར་མཚོ་སྔོན་པོར་ཉིན་གཅིག་གི་རིང་གནས་སྐོར་བྱེད་ལམ།
༢༠༠༧ལོར་མཚོ་སྔོན་པོར་ཉིན་གཅིག་གི་རིང་གནས་སྐོར་བྱེད་ལམ།
རྩོམ་པ་པོ།:ཚེ་བརྟན་དོན་གྲུབ
ཡོང་ཁུངས།:མཚོ་སྔོན་པོའི་དྲ་ཚིགས
དུས་ཚོད།:2008-05-23 09:12:04
ཀློག་གྲངས།:
སྐོར་ལམ་འདིའི་ཁྱད་ཆོས་གཙོ་བོ་ནི་དུས་ཚིགས་བཞི་བོར་ལྗོངས་རྒྱུ་བྱེད་མི་རྒྱུན་མི་ཆད་པར་ཉིན་རེར་ལྗོངས་རྒྱུ་ཚོགས་ཁག་བཙུགས་ནས་གནས་སྐོར་བྱེད་བཞིན་ཡོད། མཚོ་སྔོན་པོའི་ཉེ་འདབས་ཀྱི་རི་བོ་བརྗིད་ཅིང་རྩ་ཐང་གི་ཁོད་ཡངས་པ། ལྷག་པར་དུ་དབྱར་དུས་སུ་གནས་འདིའི་དྲོད་གྲང་འཇམ་ཞིང་ཡུལ་ལྗོངས་ལྟ་ན་སྡུག ཡངས་ཤིང་ཁོད་སྙོམས་པའི་རྩ་ཐང་སྟེང་དུ་མེ་ཏོག་སྣ་ཚོགས་བཞད་པ་དང་རྟ་ནོར་ལུག་གསུམ་གྱི་ཁྱབ་ཡོད་པས་སྐར་ཚོགས་ས་ལ་གཏོར་འདྲའི་སྣང་བ་ཞིག་ཅིག་ཅར་དུ་སྟེང་ངེས། མཚོ་སྔོན་པོའི་འགྲམ་གྱི་ཞིང་ས་གཤིན་པོ་དང་དེ་རུ་སྐྱེས་པའི་ལོ་ཏོག་སྣ་ཚོགས། སྐེ་ཚེ་མེ་ཏོག་ལས་འཐོར་བའི་དྲི་བསུང་ཞིམ་པོ་སོགས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ལེགས།
གནས་སྐོར་ལམ་ཐིག་ནི་ཟི་ལིང་ནས་སྟོང་སྐོར་འགག་དང་དེ་ནས་རི་བོ་ཉི་ཟླ། རིམ་བཞིན་རིག་སྨོན་དང་མཚོ་སྔོན་པོ། མཚོ་སྔོན་པོའི་ཤར་རྒྱུད་ཀྱི་ཕྱེ་ཐང་། གསེར་དངུལ་ཐང་། ཉིང་རྡུལ་མཚོན་ཆའི་ཚོད་ལྟ་བྱེད་གནས ཟི་ལིང་ལ་ཕྱིར་ཐོན། སྤྱིའི་ལག་ཐག་གི་རིང་ཚད་ལ་སྤྱི་ལེ་༣༦༠ཡས་མས་ཡིན་ནོ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།