༄༅། །ཨ་ཆེན་ཐང་དུ་བསྐྱོད་པའི་མྱོང་ཚོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-23 08:56:52
ཀློག་གྲངས།:
—སྲུང་སྐྱོབ་ཁུལ་གྱི་གཞོན་ནུ་དང་བླངས་པ་ཞིག་གི་སྐོར།
སྤྱི་ལོ་༢༠༠༢ལོའི་ཟླ་༥པར། ང་རང་ཨ་ཆེན་ཐང་དུ་བོད་ཀྱི་གཙོད་སྲུང་སྐྱོབ་བྱེད་པར་འགྲོ་མཁན་གྱི་དང་བླངས་པར་འདེམས་ཐོན་བྱུང༌། དུས་དེ་ནས་བཟུང་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། གྲ་སྒྲིག་གི་ལས་ཀ་རྣམས་ཀྱང་བྲེལ་འཚུབ་ངང་འགོ་ཚུགས། ངའི་སློབ་གྲོགས་དང༌། སློབ་ཕྲུག་གྲོགས་པོ་རྣམས་ཀྱིས་གནས་ཚུལ་དེ་ཤེས་པའི་རྗེས་ཁ་པར་བརྒྱབ་ནས་རྟེན་འབྲེལ་ཞུ་བ་དང༌། བདེ་འཇགས་ལ་གཟབ་གཟབ་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་ཀྱི་འདུག་ལ། འགའ་རེས་མི་སྒེར་གྱི་ངོགས་པ་ཡང་བྱས་བྱུང༌། ལོ་བརྒྱད་ཅུའི་སྐྱེས་སྐར་བཏང་ཟིན་ཙམ་ཡིན་པའི་པཱ་ལགས་ཀྱིས་ཀྱང་ཁ་པར་བརྒྱབ་ཡོང་ནས་ང་ལ་ཁོང་གི་གཟུགས་པོར་སེམས་ཁུལ་བྱེད་མི་དགོས་པ་དང༌། སེམས་ནང་རྡོག་ཁྲེས་གང་ཡང་མེད་པར་ལས་ཀ་ཡག་པོ་བྱེད་དགོས་པའི་ཁ་ཏ་བྱས་པ་དང༌། བཟའ་ཟླས་ཀྱང་མི་འདོད་པའི་སྐད་ཆ་གང་ཡང་མི་ཤོད་པར་བཅོལ་དངུལ་ཚང་མ་བཏོན་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་གསལ་བཤད་བྱེད་ཐུབ། སློབ་གྲྭའི་ནང་དུ་ངས་ལྔ་གཅིག་དུས་ཆེན་གྱི་ངལ་གསོ་མ་བཞག་གོང་བར་དུ་སློབ་ཁྲིད་བྱས་པ་དང༌། དེའི་རིང་བར་གསེང་དུས་ཚོད་བཙལ་ནས་གྲ་སྒྲིག་བྱས་པ་ཡིན།
ངའི་ལོ་ནི་ད་རེས་ཀྱི་དང་བླངས་པ་རྣམས་ཀྱི་ཁྲོད་ནས་ཆེ་ཤོས་ཡིན་པ་དང༌། ས་མཐོའི་ཉམས་མྱོང་ཡང་ཅུང་ཕུན་སུམ་ཚོགས་པོ་ཡོད་པས་ངེས་པར་དུ་འགྲོ་ཁྲིད་ཀྱི་ནུས་པ་ཐོན་པ་བྱེད་དགོས་ཀྱི་ཡོད། དེ་མིན་ད་རེས་ནི་ཨ་ཆེན་ཐང་གི་རང་བྱུང་སྲུང་སྐྱོབ་ཁུལ་ནས་རྒྱལ་ཡོངས་ས་ཁོངས་སུ་བསྡུས་པའི་དང་བླངས་པ་ཁག་དང་པོ་དེ་ཡིན་པས་གཞན་དང་མི་འདྲ་བའི་དོན་སྙིང་ལྡན་ཡོད། ལས་བགོས་རྒྱག་པ།
ཟླ་༥ཚེས་༡༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པར་དང་བླངས་པ་ཚང་མའི་ལས་སྒྲུབ་ས་གནས་ཁྱབ་བསྒྲགས་བྱས་ཤིང༌། འཁྱགས་མི་ཐེབས་པའི་ཆུ་མིག་གི་སྲུང་སྐྱོབ་ས་ཚིགས་སུ་འགྲོ་མཁན་ཡོད་ལ། ཝུ་ཏའོ་ལེང་སྲུང་སྐྱོབ་ས་ཚིགས་སུ་འགྲོ་མཁན་ཡང་ཡོད་ཅིང༌། ཐོ་ཐོ་ཆུའི་སྲུང་སྐྱོབ་ས་ཚིགས་སུ་འགྲོ་མཁན་ཡོད་ལ། བྲོ་གནས་མཚོའི་སྲུང་སྐྱོང་ས་ཚིགས་སུ་འགྲོ་མཁན་ཡང་ཡོད་ཅིང༌། དེ་དག་ཚང་མ་ས་བཀྲའི་སྟེང་ནས་རྙེད་ཐུབ། འོན་ཏེ་ང་དང་དང་བླངས་པ་གཞན་ཞིག་ནི་རི་མྱུལ་རུ་ཁག་གཙོ་བོའི་གྲས་སུ་བཞག་བྱུང༌། རི་མྱུལ་རུ་ཁག་གཙོ་བོ་ཞེས་པ་ནི་དུས་མཚམས་ངེས་ཅན་རེར་རླངས་འཁོར་གཉིས་རེ་བཏང་ནས་ཨ་ཆེན་ཐང་གི་མི་མེད་ཁུལ་དུ་ཕྱིན་ནས་སྐོར་སྐྱོད་བྱེད་རྒྱུ་ཡིན་ཞིང༌། སྐོར་བ་གཅིག་ལ་སྤྱི་ལེ་ཆིག་སྟོང་ཉིས་སྟོང་ཙམ་འགྲོ་དགོས་པ་དང༌། ཉིན་༡༥ནས་༢༠བར་འགོར་གྱི་ཡོད། ལྷགས་ཁྲོད་དུ་ཁ་ལག་ཟ་བ་དང༌། མཚན་མོ་རླངས་འཁོར་ནང་དུ་ཉལ་སྡོད་དགོས་ཤིང༌། དེ་ནི་དངོས་གནས་ཐང་སྟོང་འཚོ་གནས་ཀྱི་མྱོང་བ་ཞིག་ཡིན། རི་མྱུལ་རུ་ཁག་གཙོ་བོའི་འགོ་པ་ཝང་འབྲུག་ཐར་གྱིས་ང་ལ་ཉམས་མྱོང་བྱེད་པར་འགྲོ་བའི་རླངས་འཁོར་ཆུ་ནང་དུ་ཚུད་པས་རི་མྱུལ་བྱེད་མི་རྣམས་གནས་སྐབས་རིང་རླངས་འཁོར་བཞག་སྟེ་གོམ་པ་སྤོས་ནས་པུ་ཁ་ཏཱ་པན་རིའི་གཤམ་གྱི་ཆུ་ཚན་ཡོད་པར་ཧ་ཅང་གྲང་བའི་མཚན་མོ་ཞིག་བསྡད་ཡོད་འདུག ཆུ་ཚན་ཡོད་སར་ས་ངོས་ཧ་ཅང་ཚ་པོ་ཡོད་རུང༌། ཆུའི་རླངས་པ་རྒྱུན་མི་ཆད་པར་འཕྱུར་གྱི་ཡོད་ཅིང༌། དེ་ཙམ་མ་ཟད་མཚན་མོ་གངས་ཆེན་པོ་འབབ་པ་དང༌། ཁོ་ཚོ་ཨ་སློག་ཡང་ཡང་བྱེད་བཞིན་ས་ངོས་ནས་དྲོད་ལེན་དགོས་བྱུང་འདུག ཉིན་གཉིས་པའི་ཞོགས་པ་ཡར་ལངས་སྐབས་ལུས་ཧྲིལ་པོ་གངས་འཁྱག་གི་གོ་ཁྲབ་གྱོན་པ་ལྟར་ཆགས་ཡོང་པ་དང༌། གངས་ཁྲོད་དུ་སྤྱི་ལེ་༧༠ཕྱིན་པའི་དེས་གཞི་ནས་ཁོ་ཚོའི་གུར་ཡོད་ས་ཞིག་ལ་སླེབས་ཐུབ་ཙམ་བྱུང༌། མི་ཕལ་ཆེ་བར་གངས་ཕྱིད་ཀྱི་ནད་ཕོག་ཡོད་པ་དང༌། མིག་སྐྲངས་ནས་འོད་མཐོང་ས་མེད་ཅིང༌། མི་དར་མ་རྣམས་ཀྱང་ན་ནས་ངུ་གི་འདུག “དེའི་སྐབས་སུ་ཁྱིམ་དྲན་པ་ནི་མྱོང་བ་ཇི་འདྲ་ཞིག་ཡིན་པ་དངོས་སུ་ཤེས་ཐབ་ཀྱི་འདུག་鉋 ……སང་ཉིན་འཁྱགས་མི་ཐེབས་པའི་ཆུ་ཚན་ལ་གཟུགས་པོ་འཕྲོད་མིན་ལྟ་ཞིབ་བྱེད་དུ་འགྲོ་རྒྱུ་ཡིན། ཡག་ཤོས་ལ་ངའི་གཟུགས་པོར་གནད་དོན་འདྲ་མ་འཕྲད་པ་ཤོག……
ཉམས་སད—ཨ་ཆེན་ཐང་གི་ཉམས་སད་དྲག་པོ། ཚེས་༡༢ཉིན། དང་བླངས་པ་ཡོངས་ཏེ་མི་༢༢པོ་རྣམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༤༦༠༠ཡོད་པའི་འཁྱགས་མི་ཐེབས་པའི་མཚན་གྱི་སྲུང་སྐྱོབ་ས་ཚིགས་སུ་གཟུགས་པོ་འཕྲོད་མིན་བལྟ་བར་ཕྱིན་པ་ཡིན། ཉིན་དགུང་བར་དུ་ཚང་མའི་གནས་བབ་ལེགས་པོ་འདུག འོན་ཏེ་ས་སྲོས་ལ་སླེབས་སྐབས་ཧྲང་ཧའེ་ཡི་ཡུས་ཡན་ཆན་ལ་ཚབས་ཆེའི་ས་མཐོའི་སྣང་ཚུལ་བྱུང་ཞིང༌། རྒྱུན་འཁྱོངས་བྱེད་ཐབས་མེད་པས་མིག་ཆུ་གཏོང་བཞིན་ཕྱིན་སོང༌།
ཚེས་༡༣ཉིན། ཧུའུ་ནན་ནས་ཡོང་བའི་ཁྲེང་ཞོའི་ཅུན་ཡང་ལུས་པོའི་ནུས་ཤུགས་མི་འདང་བའི་རྐྱེན་གྱིས་ས་མཐོ་ནས་མར་འགྱེལ་བ་རེད། ང་ཚོ་ཚང་མ་སེམས་སྐྱིད་པོ་མ་བྱུང་བ་དང༌། མི་མང་པོ་ཞིག་ངུས་སོང༌། དེ་ཉིན་ཁྲུ་དམར་ཆུའི་སྲུང་སྐྱོབ་ས་ཚིགས་དང་ཝུའུ་ཏའོ་ལེང་སྲུང་སྐྱོབ་ས་ཚིགས་སུ་ལྟ་སྐོར་དུ་ཕྱིན་པ་ཡིན། ཁྲུ་དམར་ཆུའི་སྲུང་སྐྱོབ་ས་ཚིགས་ཀྱི་ཆ་རྐྱེན་ཡག་པོ་མེད་པ་དེ་ང་ཚོའི་བསམ་ཡུལ་ལས་འདས་པ་དང༌། ཝུའུ་ཏའོ་ལེང་དུ་ང་ཚོའི་དང་བླངས་པ་གཉིས་ལ་དགའ་བསུ་ཞུ་ཆེད་ནུས་ཤུགས་གང་ཡོད་བཏོན་ནས་གྲ་སྒྲིག་བྱས་འདུག བསམ་བློ་ཞིབ་ཚགས་པོ་བཏང་འདུག་ཅིང༌། ཐ་ན་གྱང་ལྡེབས་ལ་སྟོད་ཐུང་འགེལ་

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།